《སློབ་རའི་ཉི་གཞོན་ཚགས་པར》འདོན་ཐེངས་གསུམ་པ་འགྲེམ་སྤེལ་བྱས།
སྤེལ་དུས 2017-08-23
ཡོང་ཁུངས།
རྩོམ་པ་པོ།
ཉེ་བའི་ལམ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་རྒན་གྱ་སློབ་གྲྭས་གཙོ་སྒྲུབ་གནང་བའི《སློབ་རའི་ཉི་གཞོན་ཚགས་པར》འདོན་ཐེངས་གསུམ་པ་འགྲེམ་སྤེལ་བྱས།
ཐེངས་འདིའི་ཚགས་པར་ལ་པར་ངོས་བཞི་ཡོད། ཐེངས་འདིར་སྔོན་མ་དང་མི་འདྲ་ས་ནི་སློབ་གྲྭའི་དགོས་མཁོ་ལྟར་པར་ངོས་གཉིས་པར་རྒྱ་ཡིག་གི་ལེ་ཚན་ཞིག་ཁ་བསྣོན་བྱས་ཏེ་སློབ་མའི་རྒྱ་ཡིག་གི་རྩོམ་ཡིག་འགའ་ཡང་བཀོད་ཡོད་པ་དེ་ཡིན།
སློབ་རའི་ཉི་གཞོན་ཚགས་པར་འདོན་ཐེངས་གསུམ་པར་ལྟ་ཀློག་བྱེད་འདོད་ན་དྲ་གནས་འདིར་གཟིགས་རོགས། issuu.com/lhamo32/docs/third