ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ།

སི་ཕེན་ཁ་དྷི་ལོ་ཉི་ཡ་ས་ཁུལ་གྱིས་སློབ་དེབ་ཏུ་སི་ཡིག་བཀག་སྡོམ་བྱས།

སྤེལ་དུས 2017-08-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཚེ་རིང་རྣམ་རྒྱལ།
          སི་ཕེན་སྨྱན་ལམ་དུ་བརྗོད་དོན། སི་ཕེན་ཁ་དྷི་ལོ་ཉི་ཡའི(Catalunya)དེབ་བླུའི་མཐུན་ཚོགས་ཀྱིས་བསྟན་པ་ལྟར་ན། མི་འགྱངས་པའི་ཕྱི་ཟླ ༩ པར་མགོ་འཛུགས་པའི་སློབ་སྐབས་འདིར་སློབ་མ་རྣམས་ཀྱི་སློབ་དེབ་ཁྲོད་དུ་ཁ་དྷི་ལོ་ཉི་ཡའི་སྐད་གཙོར་བཟུང་ནས་དབྱིན་ཡིག ཧྥ་ཡིག འཇར་ཡིག་སོགས་ཀྱི་ཟུར་བཀོད་རེ་ཡོད་པ་ཙམ་ལས། སི་ཕེན་གྱི་ཡི་གེ་བཀག་སྡོམ་བྱས་འདུག་པ་དང་། པཱ་ས་གནས་ཡུལ་གྱི་ཁ་དྷི་ལོ་ཉི་ཡ་ས་ཁུལ་སྲིད་གཞུང་འདིས་སི་ཕེན་དང་སྒེར་ཚུགས་སུ་གནས་པའི་འཚོལ་སྙེག་བྱས་ཏེ་ཡུན་རིང་འདས་སྐད།

          ཕྱི་ཟླ  ༧ པའི་ཚེས ༢༨ ཉིན། སི་ཕེན་གྱི《ཨ་པེ་སེ་ཚགས》སུ་བཀོད་པ་ལྟར་ན། ཟླ ༣ གྱི་ཡར་སྔོན་དུ་ཁ་དྷི་ལོ་ཉི་ཡ་ས་ཁུལ་གྱི་སློབ་གསོ་སྡེ་ཁག་གི་འགན་འཛིན་པ་དབྱི་ལི་ནུས•ལི་ཀོ་ཡིས་བཅར་འདྲི་ཞིག་ཏུ། སློབ་སྐབས་རྗེས་མའི་སློབ་དེབ་ཁྲོད་སི་ཕེན་གྱི་ཐ་སྙད་ཕྱོགས་བསྡུས་ཤིག་འཇོག་རྩིས་ཡོད་ཅེས་བསྟན་ལ། སྐབས་དེར་མོས་ཁ་དྷི་ལོ་ཉི་ཡའི་སློབ་གསོ་སྡེ་ཁག་དང་ཁ་དྷི་ལོ་ཉི་ཡའི་དེབ་བླུ་ཐུན་ཚོགས་བར་གྲོས་ཆིངས་འཇོག་རྩིས་ཡོད་ཚུལ་དང་། ལྷག་པར་གནས་འདིའི་སློབ་མ་ཚོ་སྐད་རིགས་སྣ་མང་འཇོན་པའི་ཤེས་ལྡན་པར་སྐྱོང་ཕྱིར་གྲོས་ཆིངས་སུ་སློབ་དེབ་དུ་སི་ཕེན་དང་ཧྥ་རན་སི། དབྱིན་ཇི་སོགས་ཀྱི་ཡི་གེའི་ཟུར་བཀོད་ཡོད་ཅེས་བརྗོད་འདུག

          འོན་ཀྱང་། སློབ་མགོ་ཚུགས་པར་ཟླ་གཉིས་ལྷག་ལས་མེད་པའི་ད་ལྟ། གནས་འདིའི་དེབ་ཚོང་བ་མང་པོས་ཁ་དྷི་ལོ་ཉི་ཡ་ས་ཁུལ་གྱི་སློབ་གསོ་སྡེ་ཁག་དང་བཞག་པའི་གྲོས་ཆོད་ལྟར་སློབ་དེབ་ཁྲོད་ཀྱི་ཟུར་བཀོད་ལ་ཕྱི་རྒྱལ་གྱི་ཡི་གེ་ལས་སི་ཕེན་གྱི་ཡི་གེའི་ཤུལ་ཙམ་ཡང་ལུས་མེད་པར་བརྗོད།

          བརྒྱུད་ལམ་ཁག་ཏུ། དེབ་བླུ་ཐུན་ཚོགས་ཀྱིས་ཁ་དྷི་ལོ་ཉི་ཡ་ས་ཁུལ་གྱི་སློབ་གསོ་སྡེ་ཁག་གིས་ཡང་བསྐྱར་སྐད་ཡིག་ནི་ཆབ་སྲིད་ཀྱི་ལག་ཆར་བཟུང་བ་ལས། འདི་ལས་སློབ་གསོའི་བྱ་བཞག་ལ་སྐྱེལ་འོང་བའི་ཤུགས་རྐྱེན་ངན་པར་བསམ་བློ་བཏང་མི་འདུག་ཅེས་བརྗོད་འདུག

          ཕྱི་ཟླ ༧ པའི་ཚེས ༢༨ ཉིན་ལི་ཀོ་ནས་ཀྱང་མོར་སྲིད་འཛིན་ཁྱབ་ཁོངས་ནས་ཆབ་སྲིད་ཀྱི་གནོན་ཤུགས་ཆེ་བར་འདུག་མོད། འོན་ཀྱང་ཁ་དྷི་ལོ་ཉི་ཡའི་སྐད་མང་སློབ་གསོའི་རྣམ་པ་མུ་མཐུད་སྲུང་སྐྱོབ་བྱ་ངེས་ཡིན་ཟེར།

          སྨྱན་ལམ་དུ་གཟའ་འཁོར་སྔོན་མར་སི་ཕེན་གྱི་སློབ་གསོའི་སྡེ་ཁག་གི་བློན་ཆེན་ཡུ་ནུས་ཀི•མིན་དྷི་སི•དྷི་པུས་ཀི་དང་ལི་ཀོ་གྲོས་འཛོམས་བྱུང་བ་དང་། གྲོས་འཛོམས་ཐོག་དྷི་པུས་ཀི་ཡིས་ལི་ཀོའི་གསལ་བཤད་སོགས་ལ་ཉན། དེ་རྗེས་ཁོས་ཁ་དྷི་ལོ་ཉི་ཡ་སྲིད་གཞུང་གིས་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུའི་རེ་བཏོན་ལ། སྐབས་དེར་ལི་ཀོ་ཡིས་ཀྲུང་དབྱང་སྲིད་གཞུང་གི་ཁྲིམས་ཁ་ཤས་ས་གནས་སུ་ཏིལ་ལ་ཏིལ་མར་གྱིས་མི་འོང་ལ། ས་གནས་སྲིད་གཞུང་གི་གྲོས་ཆིངས་ཁ་ཤས་ལས་ཀྱང་ཁྲིམས་འཛུགས་དང་ལག་ལེན་བྱེད་པར་ཤུགས་རྐྱེན་ཐེབས་སྲིད་པས་དྷི་པུས་ཀི་རང་ནས་བསམ་ཤེས་བྱ་དགོས་ཞེས་བསྟན་འདུག