ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ།

ཨན་ཧུའེ་ཚབ་ཁྲིད་དགེ་རྒན ༦༠༠ ཡིས་ལོ་ངོ་བཅུའི་རིང་ལས་དོན་སྒྲིག་ཁོངས་བརྩོན་ལེན་བྱས།

སྤེལ་དུས 2017-08-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ རྩོམ་པ་པོ། སྒྲོལ་མ།

         ཨན་ཧུའེ་ཞིང་ཆེན་ཅེ་ཧྲོ་གྲོང་ཁྱེར་གྱི་དགེ་རྒན ༦༤༡ གིས་ཟླ ༧ པའི་ཚེས ༦ ཉིན།   སྲིད་གཞུང་དང་།  སློབ་གསོ་ཅུའུ་སོགས་ཀྱི་སྒོ་ཁར་འཕྲེད་འགེལ་བཀལ་ཏེ།  སྲིད་གཞུང་ལ་ལོ་བཅུའི་སྔོན་གྱི་གན་རྒྱ་ལག་བསྟར་དང་།  ལས་བསྟུན་གླ་ཕོགས་དགོས་པ་རེ་ཞུ་བྱས།   ལོ་ངོ་བཅུའི་ཡར་སྔོན་དུ།  དགེ་རྒན་འདི་དག་ཅེ་ཧྲོ་གྲོང་ཁྱེར་གྱི་སྒྱུ་རྩལ་རྩལ་སྦྱོང་འཛིན་གྲྭར་ཞུགས་ལ།  དེ་དུས་སྲིད་གཞུང་གིས་ཁོ་ཚོ་མཐར་ཕྱིན་རྗེས་སྤྱིར་བཏང་དགེ་ཐོན་སློབ་གླིང་གི་སློབ་མ་དང་འདྲ་བར་སྒྲིག་ཁོངས་སུ་འགོད་པར་ཁས་བླངས་ཡོད།  ཡིན་ཡང་ཁོ་ཚོ་ནི་ལོ་ངོ་བཅུ་ལྷག་གི་རིང་ཚབ་ཁྲིད་དགེ་རྒན་བྱས་པ་དང་།  ཟླ་རེར་སྒོར་མོ་བརྒྱ་ཕྲག་འགའི་གླ་ཕོགས་མ་གཏོགས་མི་འདུག

          གཞུང་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན།  འདི་ནི་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ཤིག་ཡིན།  ལོ་བཅུའི་ཡར་སྔོན་དུ་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་འགྱུར་ལྡོག་བྱུང་བ་དང་།  ལས་བགོས་བྱས་ཆོག་པའི་སྒྱུ་རྩལ་རྩལ་སྦྱོང་འཛིན་གྲྭའི་མཐར་ཕྱིན་སློབ་མ་རྣམས་སྒྲིག་ཁོངས་སུ་འགོད་མ་ཐུབ་པར།  ཞིང་སྡེའི་སློབ་ཆུང་གང་མང་དུ་ཚབ་ཁྲིད་དུ་མངགས་ཤིང་།  ཟླ་རེ་རེར་ཅེ་ཧྲོ་གྲོང་ཁྱེར་གྱི་ནོར་སྲིད་སྡེ་ཁག་གིས་ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་ཚད་གཞི་ལྟར་ཁོ་ཚོར་འཚོ་བའི་ཁ་གསབ་སྟེར་བཞིན་ཡོད།  མིག་སྔར་ཅེ་ཧྲོ་གྲོང་ཁྱེར་གྱི་སྲིད་གཞུང་གིས་ཆེད་གཉེར་ཚན་ཆུང་བཙུགས་ཏེ་གནད་དོན་འདི་ཐག་གཅོད་བྱེད་བཞིན་འདུག

     གཅིག  ལོ་བཅོ་ལྔའི་ཡར་སྔོན་དུ་ཁས་བླངས་པའི་ལས་གནས་སྒྲིག་ཁོངས་དོན་འཁྱོལ་བྱེད་མ་ཐུབ་པ།
          སྒྱུ་རྩལ་རྩལ་སྦྱོང་འཛིན་གྲྭའི་སློབ་མ་ཞེས་པ་ནི་ཀྲང་ལིས་མེན་སོགས་དེ་སྔོན་ཅེ་ཧྲོ་གྲོང་ཁྱེར་གྱིས་གསོ་སྐྱོང་བྱས་པའི་སྐབས་གསུམ་པོའི་སློབ་མ་ཡོངས་ཀྱི་འབོད་སྟངས་ཡིན།  ཀྲང་ལིས་མེན་གྱིས་བཤད་རྒྱུར།      ༡༩༩༦ ལོའི་སྔ་གཞུག་ཏུ།  ཅེ་ཧྲོ་གྲོང་ཁྱེར་གྱི་ཨུ་ཡོན་ལྷན་ཚོགས་དང་།  སྲིད་གཞུང་གིས་ཞིང་སྡེའི་ས་ཁུལ་གྱི་རོལ་དབྱངས་དང་།  ལུས་རྩལ་སོགས་སྒྱུ་རྩལ་ཚན་ཁག་གི་དགེ་རྒན་མི་འདང་བའི་རྣམ་པ་ལེགས་བཅོས་བྱེད་ཆེད།  ༡༩༩༦ ལོ་ནས་བཟུང་།  ཅེ་ཧྲོ་གྲོང་ཁྱེར་ལ་ཁ་གཏད་དེ་གཅིག་གྱུར་གྱི་འབྲིང་རིམ་ཆེད་ལས་སློབ་གྲྭའི་རྒྱུགས་གཞི་བརྒྱུད།  སྒྱུ་རྩལ་རྩལ་སྦྱོང་རིགས་ཀྱི་སློབ་མ་བསྡུས་ལ།  འཛིན་གྲྭ་བཅུ་ལྷག་བཙུགས་པ་དང་།  བསྡོམས་པས་སྐབས་གསུམ་ལ་སྤེལ།  སྐབས་དང་པོ་དང་སྐབས་གསུམ་པའི་མཐར་ཕྱིན་སློབ་མ་ཚང་མ་ཅེ་ཧྲོ་གྲོང་ཁྱེར་གྱི་ལས་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭ་དང་སློབ་འབྲིང་དུ་བཀོད་སྒྲིག་བྱས་པ་དང་།  སྐབས་གཉིས་པའི་ཁྲོད།  སློབ་མ་ཉུང་ཤས་ཤིག་ཧི་ནན་ཧྲིན་ཆོ་དགེ་ཐོན་དུ་བཀོད་སྒྲིག་བྱས་འདུག  སྐབས་དེར།  སྒྱུ་རྩལ་རྩལ་སྦྱོང་འཛིན་གྲྭའི་སློབ་ཡོན་ནི་ཧ་ཅང་མཐོ་ལ།  ལོ་རེར་དངུལ་སྒོར ༥༠༠༠ ཡིན།  འོན་ཀྱང་མཐར་ཕྱིན་རྗེས།  སྒྲིག་ཁུངས་ཡོད་པའི་དགེ་རྒན་གྱི་ལས་གནས་གྲས་སུ་ཞུགས་ཐུབ་པར་རློམ་ནས།  མི་མང་པོས་དཔལ་འབྱོར་ཐད་ཀྱི་དཀའ་ཁག་འབད་ཀྱིས་སེལ་བཞིན་འདུག

          ཀྲང་ལིས་མེན་སོགས་དགེ་རྒན་གྱིས་ཕིང་ཕེ་གསར་འགྱུར(www.thepaper.cn)ལ་ཅེ་ཧྲོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཁང་གི་ཡིག་ཆ(སྲིད་གཞུང་གཞུང་སྒྲུབ་ཁང[༡༩༩༧]ཨང ༡༣༦ པ)མཁོ་སྤྲོད་བྱས་ལ།  མིང་དུ་ཧི་ནན་ཞིང་ཆེན་ཧྲིན་ཆོ་དགེ་ཐོན་ལ་མངགས་བཅོལ་བྱས་ཏེ་རང་གྲོང་ཁྱེར་ལ་དགེ་འོས་སློབ་མ ༥༠ གསོ་སྐྱོང་བྱེད་པའི་ཚོགས་འདུའི་ཟིན་བྲིས་གནད་བསྡུས་ཞེས་པའི་ཡིག་ཆར་བྲིས་པ་ལྟར་ན།  རང་གྲོང་ཁྱེར་གྱི"རྨང་གཉིས"སློབ་གསོའི་དགོས་མཁོ་དང་བསྟུན་ཏེ།  ས་མཐའི་གྲོང་རྡལ་གྱི་དགེ་རྒན་མི་མའདང་བའི་གནད་དོན་ཐག་གཅོད་བྱེད་ཆེད།   གྲོང་ཁྱེར་ཨུ་ཡོན་ལྷན་ཚོགས་ཀྱི་ཧྲུའུ་ཅི་གཞོན་པ་དང་།  གྲོང་ཁྱེར་གྱི་འགོ་འཛིན་ཝང་ཅན་ཧྭ་ཡིས ༡༩༩༧ ལོའི་ཟླ ༡༠ བའི་ཚེས ༢༢ ཉིན་གྱི་ཕྱི་དྲོར།  སྲིད་གཞུང་གི་བཞི་ཐོག་གི་ཚོགས་འདུ་ཁང་དུ་གྲོས་ཚོགས་བསྡུས་ལ།  ཧི་ནན་ཞིང་ཆེན་ཧྲིན་ཆོ་དགེ་ཐོན་སློབ་གྲྭར་མངགས་བཅོལ་བྱས་ཏེ་རང་གྲོང་ཁྱེར་ལ་དགེ་ཐོན་སློབ་མ ༥༠ གསོ་སྐྱོང་བྱེད་པའི་འབྲེལ་ཡོད་གནད་དོན་ཐད་ཞིབ་འཇུག་བྱས།  ཡིག་ཆར་སྤྱི་བསྡོམས་པས་ཚན་པ་ལྔ་བཏོན་པ་དང་།  ཚན་པ་བཞི་བར།  ༡༩༩༧ ལོར།  གཅིག་གྱུར་གྱི་འབྲིང་རིམ་ཆེད་ལས་སློབ་གྲྭའི་རྒྱུགས་གཞིར་ཞུགས་པའི་སློབ་མས་བྲིས་པའི་རེ་འདུན་ཡི་གེ་ལྟར།  སྐར་གྲངས་མཐོ་བ་ནས་དམའ་བའི་བར་བསྡུ་ལེན་བྱེད་པ་དང་།  སློབ་གསོ་ཨུ་ཡོན་ལྷན་ཚོགས་ཀྱིས་འབྲེལ་ཡོད་ཀྱི་ཡིག་རིགས་སྤེལ་བ།  མཐར་ཕྱིན་རྗེས་སློབ་གསོ་ཨུ་ཡོན་ལྷན་ཚོགས་གྱིས་དགེ་ཐོན་རིགས་ཀྱི་སློབ་མར་ལས་གནས་འོས་འཚམ་བགོས་ཏེ།  གཅིག་གྱུར་སྒོས་ས་མཐའི་གྲོང་རྡལ་དུ་སློབ་ཁྲིད་ལ་མངགས་པ་དང་།  ལས་དོན་སྒྲིག་ཁུངས་སུ་འགོད་པ་ཞེས་བཀོད་ཡོད།  མིང་ཐོ་འགོད་མཁན་ནི་ཅེ་ཧྲོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཁང་དང་།  སྲིད་གཞུང་གི་ཐམ་ག་བརྒྱབ་འདུག  ཡང་འགྱུར་ལྡོག་ནི ༢༠༠༠ ལོ་བྱུང་བ་ཡིན་ལ།  མཐར་ཕྱིན་རྗེས་ཀྱི་ཀྲང་ལིས་མེན་ནི་རང་གི་རེ་མོས་ལྟར་སྒྲིག་ཁུངས་སུ་འགོད་མ་ཐུབ།  ལོ་གཅིག་རྗེས་སུ།  སྲིད་གཞུང་གིས་ཁོ་ཅེ་ཧྲོ་གྲོང་ཁྱེར་ཏེ་ཆོ་གྲོང་རྡལ་ཀྲང་ལའོ་ཀྲུང་སློབ་ཆུང་དུ་ཚབ་ཁྲིད་དུ་མངགས།

     གཉིས།  ༢༠༠༨ ལོའི་ཡར་སྔོན་དུ་ཚབ་ཁྲིད་བྱས་པའི་ཟླ་ཕོགས་ནི་དངུལ་སྒོར ༢༢༠ རེད།
          ལོ་ངོ་བཅུའི་རིང་།  དགེ་རྒན་ངོ་མ་ཞིག་བྱེད་རྒྱུ་ནི་ཀྲང་ལིས་མེན་གྱི་རེ་འདུན་ཡིན།  ཁོས་སྔ་གཞུག་ཏུ་ཏེ་ཆོ་གྲོང་རྡལ་གྱི་སློབ་ཆུང་གསུམ་དུ་སློབ་ཁྲིབ་བྱས་ལ།  སྐད་ཡིག་དང་རྩིས་རིག་བཅས་ཀྱི་སློབ་ཁག་གཙོ་བོ་དང་།  གླུ་དབྱངས་བཅས་ཀྱི་སྒྱུ་རྩལ་སློབ་ཁག་ཀྱང་ཁྲིད་མྱོང་།  ཐོག་མར་ཟླ་རེའི་གླ་ཕོགས་ནི་དངུལ་སྒོར ༢༢༠ དང་།  ༢༠༠༨ ལོར་༤༢༠ རུ་འཕར།  ཁོ་དང་ལས་ཁུངས་བར་ངལ་རྩོལ་གན་རྒྱ་བཞག་མེད་ལ།  འགན་སྲུང་རིགས་གཅིག་ཀྱང་མི་འདུག  ༢༠༡༣ ལོར།  ཁོས་ཡུན་རིང་བོར་ཚབ་ཁྲིད་བྱས་པས།  ཟླ་ཕོགས་དངུལ་སྒོར ༨༦༠ རུ་འཕར་ལ།  གཞན་ལན་རེར་སློབ་མཚམས་བཞག་ནས་ཞོར་ལས་བྱེད་བཞིན་པའི་དགེ་རྒན་དེ་དག་ལ་ཟླ་རེར་དངུལ་སྒོར ༢༢༠ དང་ཡང་ན ༤༢༠ མ་གཏོགས་མི་འདུག  ཀྲང་ལིས་མེན་གྱིས་བཤད་རྒྱུར།  མི་སྣ་དོ་དམ་ཡང་རྙོག་འཛིང་རང་བཞིན་དང་ལྡན།  དགེ་རྒན་ཁ་ཤས་ལས་གནས་ལས་བྲལ་ཡོད་ཀྱང་།  སྔར་བཞིན་གླ་ཕོགས་ལེན་བཞིན་འདུག་ཟེར།

     གསུམ།  གཞུང་ཕྱོགས་ཀྱིས་བྱེད་ཐབས་གང་མང་སྤྱད་དེ་རྣམ་པ་ལེགས་སུ་བསྒྱུར་མྱོང་།
          ཟླ ༧ པའི་ཚེས ༡༤ ཉིན།  ཅེ་ཧྲོ་གྲོང་ཁྱེར་སློབ་གསོ་ཅུའི་ཅུའུ་ཀྲང་ཡུའེ་ལེ་དང་།  གྲོང་ཁྱེར་ཨུ་ཡོན་ལྷན་ཚོགས་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཞའོ་ཏེན་ཀྲུང་གཉིས་ཀྱིས་མཉམ་པོར་ཕིང་ཕེ་གསར་འགྱུར་ལ་དོན་དག་དེར་དམིགས་ནས་ལན་སློག  ཡུའེ་ལེ་ཡིས་བཤད་རྒྱུར།  དགེ་རྒན་ཐད་གྱི་དོན་འདི་ནི་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ཤིག་ཡིན་ལ།  ༡༩༩༦ ལོར།  རྒྱལ་ཁབ་ཀྱིས་བཏོན་པའི་རྨང་གཉིས་མངོན་འགྱུར་དང་།  ཅེ་ཧྲོ་གྲོང་ཁྱེར་ཞིང་སྡེའི་སློབ་གྲྭའི་རོལ་དབྱངས་དང་།  རྩལ་སྦྱོང་།  མཛེས་རྩལ་སོགས་སློབ་ཁག་གི་དགེ་རྒན་མི་འདང་བའི་གནད་དོན་ལ་དམིགས་ནས།  ཅེ་ཧྲོ་གྲོང་ཁྱེར་གྱི་ཨུ་ཡོན་ལྷན་ཚོགས་དང་།  སྲིད་གཞུང་གིས་གྲོས་མོལ་བྱས་མཐར།   སློབ་གསོ་དང་།  སྤྱི་བདེ།  ནོར་སྲིད།  མི་དོན་སོགས་སྡེ་ཁག་གང་མང་གིས་མཉམ་འབྲེལ་གྱིས་གཞུང་ཡིག་བཏང་ལ།  ༡༩༩༦ ལོ་ནས་བཟུང་།  སྤྱི་བསྡོམས་པས་སྐབས་གསུམ་གྱི་སྒྱུ་རྩལ་རྩལ་སྦྱོང་ཐད་ཀྱི་ འབྲིང་རིམ་ཆེད་ལས་སློབ་མ ༦༤༡ བསྡུ་བ་དང་།  རང་གིས་སློབ་ཡོན་སྤྲོད་པ།  མཐར་ཕྱིན་རྗེས་ལས་བགོ་བ།  སློབ་ཡུན་ནི་ལོ་གསུམ་དང་།  ལོ་རེའེ་སློབ་ཡོན་ལ ༣༥༠༠ ཅན་དང་།  ༥༠༠༠ ཅན།  ༦༠༠༠ ཅན་བཅས་རིགས་གསུམ་ཡོད་ཟེར། ཡུའེ་ལེ་དང་ཞའོ་ཏེན་ཀྲུང་གཉིས་ཀྱིས་བཤད་རྒྱུར།  དེའི་སྐབས་ཀྱི་ཡིག་ཆ་ལྟར་ན།  ཁོ་ཚོ་ལས་དོན་སྒྲིག་ཁུངས་སུ་འགོད་དགོས།  འོན་ཀྱང་དེ་དུས་རྒྱལ་ཁབ་ཀྱི་བྱ་བ་བགོད་ལུགས་འགྱུར་བའི་སྐབས་ལ་འཁེལ་བས་འགོད་མ་ཐུབ།  མཐར་ཅེ་ཧྲོ་གྲོང་ཁྱེར་སྲིད་གཞུང་གིས་ཚབ་ཁྲིད་དགེ་རྒན་བྱེད་པར་འཐད་པའི་མཐར་ཕྱིན་སློབ་མ ༥༥༢ ཞིང་སྡེའི་སློབ་ཆུང་ཁག་ཏུ་སློབ་ཁྲིད་དུ་མངགས་ཤིང་།  ངལ་རྩོལ་གན་རྒྱ་མི་འཇོག་པ་དང་།  ཟླ་རེར་ཆེས་དམའ་བའི་འཚོ་བའི་གྲོན་དངུལ་གྱི་ཚད་གཞི་ལྟར་འཚོ་བའི་ཁ་གསབ་སྟེར་རྒྱུའི་ཁས་བླངས་ཡོད།  ཡང་སློབ་མ ༨༩ བཀོད་སྒྲིག་དེར་མ་ཞུགས།

     བཞི།  ཆེད་གཉེར་ཚན་ཆུང་བཙུགས་ཏེ་གནད་དོན་ཐག་གཅོད་བྱེད་པ།
          ཀྲང་ལིས་མེན་སོགས་ཀྱིས་ལོ་གང་མང་དུ་ཁེ་དབང་བརྩོན་ལེན་བྱས་ཏེ།  སྒྲིག་ཁུངས་སུ་འགོད་པར་བརྩོན་ལེན་བྱེད་བཞིན་ཡོད།  ཡུའེ་ལེ་ཡིས་ཕིང་ཕེ་གསར་འགྱུར་བརྒྱུད་བཤད་རྒྱུར།  ཟླ ༧ པའི་ཚེས ༦ ཉིན།  ཚབ་ཁྲིད་དགེ་རྒན ༢༠༠ ཡིས་ཅེ་ཧྲོ་གྲོ་ཁྱེར་དུ་འཕྲེད་འགེལ་བཀལ་ཏེ་ཁེ་དབང་སྲུང་སྐྱོབ་བྱས་པ་དང་།  ཁོས་ཚབ་བྱེད་མི་སྣ་འགའ་དང་ཁ་བརྡ་བྱས་ལ།  ཁྲིམས་མཐུན་གྱིས་ཁེ་དབང་འགན་སྲུང་བྱེད་དགོས་པའི་སྐོར་བཤད།  གཞན་ད་དུང་མིག་སྔར་གྲོང་ཁྱེར་ཨུ་ཡོན་ལྷན་ཚོགས་དང་།  སྲིད་གཞུང་གིས་སློབ་གསོ་ཅུའུ་བཅས་སྡེ་ཁག་མང་པོའི་ལས་བྱེད་མི་སྣ་རྩ་འཛུགས་བྱས་ཏེ་ཆེད་གཉེར་ཚན་ཆུང་བཙུགས་ཡོད་པ་དང་།  ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་འདི་ངེས་པར་ཐག་གཅོད་བྱེད་དགོས་པ།  སྒྱུ་རྩལ་རྩལ་སྦྱོང་འཛིན་གྲྭ་ལས་མཐར་ཕྱིན་པའི་སློབ་མར་རེ་འདུན་རེའུ་མིག་སྐོང་དུ་བཅུག་ནས།  མི་དོན་སྡེ་ཁག་གིས་ཞིབ་བཤེར་དང་བསམ་འཆར་འདོན་པ་དང་།   སླར་བསམ་འཆར་ཁོ་ཚོར་བཤད་དེ།  གཅིག་གྱུར་གྱི་བསམ་བློ་ཆགས་རྗེས་ཐག་གཅོད་ཀྱི་ཇུས་གཞི་ཞིག་འགོད་རྒྱུ་ཡིན་པ།  བྱ་བ་འདི་ཉེ་ལམ་འགོ་རྩོམ་པ་དང་།  ཐག་གཅོད་ཀྱི་ཇུས་གཞི་གཏན་ཕབ་བྱས་རྗེས།    དོ་དམ་ལེགས་པོ་བྱེད་པ།  ལས་གནས་ལས་བྲལ་བའི་ཚབ་ཁྲིད་དགེ་རྒན་ལ་ཁ་གསབ་མི་སྟེར་བ་དང་།  ལས་གནས་གཏན་སྲུང་བྱེད་པ་དག་དང་ངལ་རྩོལ་གན་རྒྱ་བཞག་ནས།  ཁོ་ཚོས་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་བཅས་བཤད།