དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ།

སི་ཁྲོན་ཞིང་ཆེན་སློབ་གསོ་ཐེན་གྱི2020ལོའི་དཔྱིད་ཀའི་སློབ་འགོ་ཚུགས་པའི་འབྲེལ་ཡོད་བརྡ་ཐོ།

སྤེལ་དུས 2020-03-26 ཡོང་ཁུངས། སི་ཁྲོན་ཞིང་ཆེན་སློབ་གསོ་ཐེན། རྩོམ་པ་པོ།

          གྲོང་ཁྱེར(ཁུལ)སོ་སོའི་སློབ་གསོ་སྲིད་འཛིན་སྡེ་ཁག་དང་མཐོ་རིམ་སློབ་གྲྭ་ཁག ཞིང་ཆེན་ཁོངས་གཏོགས་ཀྱི་འབྲིང་རིམ་ལག་རྩལ་སློབ་གྲྭ་ཁག་ལ།
          ཞིང་ཆེན་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་བའི་མཁོ་བསྟུན་བཀོད་འདོམས་པུའུ་ཡིས་མོས་མཐུན་བྱུང་བ་བརྒྱུད། ད་ལྟ་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་དང་རིགས་མི་འདྲ་བའི་སློབ་གྲྭ་ཁག་ལ2020ལོའི་དཔྱིད་ཀའི་སློབ་འགོ་ཚུགས་པའི་འབྲེལ་ཡོད་བརྡ་ཐོ་བཏང་བ་གཤམ་གསལ།
          གཅིག ས་གནས་ཁག་དང་སློབ་གྲྭ་ཁག་གིས་དགེ་སློབ་དང་ལས་བཟོ་བ་རྣམས་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ས་ཁུལ་ཁག་བགོ་དང་རིམ་པ་བགོ་པ། དུས་ཚོད་མི་འདྲ་བ། གཅིག་རྗེས་གཉིས་མཐུད་དུ་གོ་རིམ་ལྡན་པའི་སྒོ་ནས་སློབ་འགོ་ཚུགས་པ་དང་སློབ་ཁྲིད་བྱ་རྒྱུར་རྩ་འཛུགས་བྱེད་དགོས།
          གཉིས། ཞིང་ཆེན་ཡོངས་ཀྱི་མཐོ་གསུམ་ལོ་རིམ(མཐོ་རྒྱུགས་ལ་མིང་ཐོ་བཀོད་ཟིན་པའི་འབྲིང་རིམ་ལས་རིགས་སློབ་གྲྭ་ནས་ཐོན་པའི་་སློབ་མ་ཚུད)གྱི་གཙོ་བྱས་པའི་རྩ་དོན་ཐོག་ཞིང་ཆེན་གྱིས་ཟླ4ཚེས1ཉིན་སློབ་འགོ་ཚུགས་པར་གཅིག་གྱུར་འཆར་འགོད་བྱ་དགོས་པ་དང་། ཆ་རྐྱེན་འཛོམས་པའི་སློབ་གྲྭས་བཀག་སྡོམ་བྱེད་སྟངས་ལྟར་དོ་དམ་བྱ་དགོས། དམའ་གསུམ་ལོ་རིམ་ནི་གྲོང་ཁྱེར(ཁུལ)ཁག་གིས་གཅིག་གྱུར་འཆར་འགོད་བྱས་ནས་གཏན་འཁེལ་བྱ་རྒྱུ་དང་། ཟླ4ཚེས7ཉིན་སློབ་འགོ་ཚུགས་ནས་སློབ་ཁྲིད་བྱ་རྒྱུར་བཀོད་སྒྲིག་བྱས་ཆོག
          གསུམ། ཁོངས་གཏོགས་ས་ཆར་དོ་དམ་བྱེད་པའི་རྩ་དོན་དང་སློབ་གྲྭའི་དོ་དམ་དབང་ཆ་ལྟར། འོས་འགན་སློབ་གསོའི་དུས་རིམ་གྱི་ལོ་རིམ་དང་བུ་བཅོལ་ཁང་གཞན་དག་ནི་དེ་གནས་སའི་རྫོང(གྲོང་ཁྱེར་དང་ཁུལ)གི་ཏང་ཨུ་དང་སྲིད་གཞུང་། མཐོ་འབྲིང་རིམ་པའི་ལོ་རིམ་གཞན་དག་དང་དམིགས་བསལ་སློབ་གསོའི་སློབ་གྲྭ་བཅས་ཀྱིས་དེ་གནས་སའི་གྲོང་ཁྱེར(ཁུལ)གྱི་ཏང་ཨུ་དང་སྲིད་གཞུང་གིས་ས་གནས་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་ལ་གཞིགས་ཏེ་ཕྱོགས་བསྡུས་དཔྱད་དཔོག་བྱས་རྗེས་སློབ་འགོ་ཚུགས་པའི་དུས་ཚོད་གཏན་འཁེལ་བྱ་རྒྱུ་མ་ཟད་ཕྱི་ལ་ཁྱབ་བསྒྲགས་བྱེད་དགོས།
          བཞི། མཐོ་རིམ་སློབ་གྲྭའི་སློབ་འགོ་ཚུགས་པའི་དུས་ཚོད་ནི་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱས་ཚུལ་ལ་གཞིགས་ནས་ལོགས་སུ་གཏན་འཁེལ་བྱ་རྒྱུ་དང་། དངོས་སུ་སློབ་འགོ་མ་ཚུགས་གོང་སློབ་མ་སློབ་གྲྭར་ལོག་མི་ཆོག མཐར་ཕྱིན་ལོ་རིམ་དང་གསོ་རིག་ལས་རིགས། ཚན་རིག་ཞིབ་འཇུག་གི་བླང་བྱ་ཡོད་པ་བཅས་ཀྱི་སློབ་མས་འབྲེལ་ཡོད་གཏན་འབེབས་ལྟར་སྙན་སེང་བཀའ་འཁྲོལ་ཞུས་རྗེས་སྔོན་ལ་སློབ་གྲྭར་ལོག་ནས་སློབ་ཁྲིད་བཀོད་སྒྲིག་བྱས་ཆོག
          ལྔ། སློབ་གྲྭ་ལས་གཞན་པའི་གསོ་སྐྱོང་སྦྱོང་བརྡར་ལས་ཁུངས་ཀྱིས་སློབ་གྲྭ་འབྲིང་ཆུང་གིས་སློབ་འགོ་མ་ཚུགས་གོང་དྲ་ཐོག་ནས་གསོ་སྐྱོང་སྦྱོང་བརྡར་གྱི་བྱེད་སྒོ་སྤེལ་མི་ཆོག
          དྲུག ས་གནས་ཁག་དང་སློབ་གྲྭ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་འགོ་ཚུགས་པའི་ལས་དོན་ཁག་ གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ་སྔོན་འགོག་ཚོད་འཛིན་གྱི་ཆ་རྐྱེན་མ་འཛོམས་ན་སློབ་འགོ་ཚུགས་མི་ཆོག་པ་དང་། སློབ་མའི་ཁྱིམ་བདག་ལ་བཙན་ཤེད་ཀྱིས་ཁ་ཐུམ་སོགས་སྔོན་འགོག་དང་ཚོད་འཛིན་གྱི་དངོས་རྫས་གྲ་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་མི་ཆོག
སི་ཁྲོན་ཞིང་ཆེན་སློབ་གསོ་ཐེན་གྱིས2020ལོའི་ཟླ3ཚེས25ཉིན།