དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ།

བུ་ཕྲུག་རྩེ་གྲ་གསོ་སྐྱོང་བྱ་འདོད་ན་གཤམ་གྱི་འཆད་ཁྲིད་འདི་ལ་གཟིགས་རོགས།

སྤེལ་དུས 2020-04-15 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།

འཆད་ཁྲིད་པའི་ངོ་སྤྲོད་མདོར་བསྡུས། 
          ཚེ་ཟླ་བ་ལགས་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལས་རིགས་ལག་རྩལ་སྦྱོང་བརྡར་ལྟེ་གནས་ཀྱི་དགེ་རྒན་དང་། ཀྲུང་གོའི་ཁྱིམ་ཚང་སློབ་གསོའི་མཐོ་རིམ་མཛུབ་སྟོན་དགེ་རྒན་ཡིན། ཁོང་གིས་བོད་རང་སྐྱོང་ལྗོངས་སེམས་ཁམས་མཐུན་ཚོགས་ཀྱི་ཚོགས་མི་དང་།  བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁྱིམ་ཚང་མཐུན་ཚོགས་ཀྱི་ཚོགས་མི། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་དགེ་རྒན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གི་གྱོད་དོན་སློབ་གསོའི་མཛུབ་སྟོན་དགེ་རྒན་བཅས་ཀྱི་ལས་འགན་བཞེས་བཞིན་ཡོད། ཁོང་གིས་སྔ་རྗེས་སུ་ལྗོངས་ཡོངས་ཀྱི་བུ་བཅོལ་ཁང་དང་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་རྣམས་ལ་ཁྱིམ་ཚང་སློབ་གསོའི་སྐོར་གྱི་འཆད་ཁྲིད་མི་ཐེངས་ཁྲི་ལྔ་ཙམ་བྱས་མྱོང་།

འཆད་ཁྲིད་ཀྱི་ནང་དོན་གནད་བསྡུས།
          རྒན་ཚེ་ཟླ་བ་ལགས་ཀྱིས་ལོ་ངོ་མང་པོའི་རིང་ཁྱིམ་ཚང་སློབ་གསོར་ཞིབ་འཇུག་གནང་བའི་ཉམས་མྱོང་དངོས་ལས་ར་སྤྲོད་བྱུང་བ་ལྟར་དུ། ཕ་མ་ནི་བུ་ཕྲུག་གི་མི་ཚེའི་ཐོག་མའི་ལམ་སྟོན་པ་དང་འཚོ་བའི་གོམས་གཤིས་ཀྱི་དཔེ་སྟོན་མཁན་པོ་ཡིན་ཞིང་། བུ་ཕྲུག་མི་ཚེའི་མདུན་ལམ་གང་འདྲ་ཞིག་ཏུ་འཁྲིད་རྒྱུ་དང་མི་གཤིས་ཇི་ལྟ་བུ་ཞིག་གསོ་སྐྱོང་བྱ་རྒྱུ་དེ་ཕ་མ་ལ་ཐད་ཀར་རག་ལས་ཡོད། ཁྱིམ་ཚང་སློབ་གསོས་བུ་ཕྲུག་གི་འཚར་ལོངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་དང་། ཕ་མའི་དུས་རྒྱུན་གྱི་བྱ་སྤྱོད་དང་བུ་ཕྲུག་ལ་བཟུང་བའི་རྣམ་འགྱུར་གྱིས་བུ་ཕྲུག་གི་མི་གཤིས་དང་ཀུན་སྤྱོད་ལ་བག་ཆགས་ཟབ་མོ་ཐེབས་ཀྱི་ཡོད། གཤིས་རྒྱུད་དྲང་ཞིང་ཡ་རབས་ཀུན་སྤྱོད་ལྡན་པའི་བྱིས་པ་དེའི་ཁྱིམ་ཚང་སློབ་གསོ་འཆམ་མཐུན་དང་བྱམས་བརྩེའི་ཁེངས་ཡོད་ལ། ལང་ཤོར་དང་རྩུབ་སྤྱོད་ཅན་གྱི་བྱིས་པ་དེའི་ཁྱིམ་ཚང་སློབ་གསོ་འཁོན་འཛིང་དང་རྙོག་དྲ་ཆེ་བ་ཞིག་ཡིན་ངེས། ཕ་མའི་བྱ་སྤྱོད་དང་ཁྱིམ་ཚང་སློབ་གསོ་ནི་བྱིས་པའི་མི་གཤིས་ལ་ཤུགས་རྐྱེན་ཐེབས་པའི་རྩ་བའི་རྒྱུ་རྐྱེན་ཡིན་པར་བརྟེན། ཕ་མ་ཚང་མས་རང་གི་བུ་ཕྲུག་ལ་རྩུབ་སྤྱོད་མི་གཏང་བར་ཤེས་རབ་ལྡན་ཞིང་བྱམས་བརྩེའི་སྒོ་ནས་གསོ་སྐྱོང་བྱེད་པར་བརྩོན་ལེན་བྱ་དགོས།