ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ།

ཐད་གཏོང་བྱེད་དུས་བྱ་དགའ་སྟེར་བའི་ནུས་པ་མེད་པར་གཏོང་དགོས་ཟེར།

སྤེལ་དུས 2022-03-10 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
          ཉེ་བའི་ལོ་ཤས་རིང་། དྲ་རྒྱའི་ཐད་གཏོང་གིས་དངུལ་འཚོལ་མཁས་པའི་དྲ་མི་གྲགས་ཅན་ཁག་ཅིག་སྐྱེད་སྲིང་བྱས་པ་དང་ཆབས་ཅིག སྤྱི་ཚོགས་ཀྱི་གནད་དོན་མི་ཉུང་བ་ཞིག་ཀྱང་ཐོན་ཡོད་དེ། ཐད་གཏོང་ཚད་ལས་བརྒལ་བ་དང་དྲ་ཐོག་ནས་སྤྲང་སློང་། གྲངས་གཞི་རྫུན་བཟོ། ནང་དོན་མ་རབས་ཐ་ཤལ་སོགས་མང་བས་མི་རྣམས་སེམས་ཁྲལ་བྱེད་དགོས་པ་ཞིག་འདུག 
          རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སི་ཁྲོན་ཞིང་ཆེན་ཀོང་ཡོན་གྲོང་ཁྱེར་ཚང་ཞི་རྫོང་པའེ་དབྱི་གྲོང་རྡལ་པའེ་ཡུན་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ལི་ཅུན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་དོན། དྲ་རྒྱའི་ཐད་གཏོང་ལ་རང་སྣང་གང་ཤར་རང་བཞིན་ཆེ་བ་དང་ཡོང་འབབ་མཐོ་བ་མ་ཟད། ཁྲིམས་འགལ་གྱི་མ་གནས་ཀྱང་དམའ་ཙམ་ཡོད་པས་དུས་ཐོག་རང་བཞིན་གྱི་ཐད་གཏོང་ལ་ལྟ་སྐུལ་དོ་དམ་བྱེད་དཀའ། དུས་མཚུངས་སུ་ཐད་གཏོང་བྱེད་དུས་བྱ་དགའ་སྤྲོད་པ་དེས་ནར་མ་སོན་པ་ཚོ་ལོག་ལམ་དུ་ཁྲིད་དེ། ཁོ་ཚོར་ངལ་མེད་འབྲས་ཡོད་ཀྱི་སྣང་བ་ཞིག་སྟེར་སྲིད། འབྲེལ་ཡོད་སྡེ་ཁག་གིས་དྲ་ཐོག་ཐད་གཏོང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྡེ་ཁག་ཁག་གི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ལས་སྟེགས་ཀྱི་སྒྲིག་སྲོལ་ཚད་ལྡན་དུ་གཏོང་བ། ལས་སྟེགས་ཀྱི་བྱ་དགའ་སྤྲོད་ནུས་སྒོ་རྒྱག་པ། དྲང་ནུས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་གྲོས་འགོ་འདོན།
རྩོམ་སྒྲིག་པ། སྣང་རྡོར།