ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

༄༅།། སྐད་ཡིག་བཀོལ་སྤྱོད་ཀྱི་ཁོར་ཡུག་སྲུང་སྤེལ་བྱེད་དགོས།།

སྤེལ་དུས 2007-12-26 ཡོང་ཁུངས།     _ལྟ་བ༼བསམ་བློ་དང་ལག་ལེན༽ རྩོམ་པ་པོ། གཙང་ལྐུགས་ལྷ་ཚེ་རིང་ནས་ཞུས།

 

 སྐད་ཡིག་ཅིག་ཡིན་ན་ཐོག་མར་དེ་བཀོལ་སྤྱོད་བྱེད་སའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་གམ་གསལ་བོར་བཤད་ན་དེ་བཤད་མཁན་གྱི་མི་སྣའི་ཚོགས་པ་སྟོབས་ལྡན་ཞིག་ཡོད་དགོས། འདི་ནི་སྐད་ཡིག་དེ་གནས་ཐུབ་པའི་རྨང་གཞི་ཡིན། བོད་ཡིག་འདི་མདོ་དབུས་མཐོ་སྒང་གི་རྒྱ་ཆེའི་བོད་རིགས་རོང་འབྲོག་མང་ཚོགས་ཀྱིས་རྒྱུན་དུ་བཀོལ་སྤྱོད་བྱས་ནས་མི་ལོ་སྟོང་ཕྲག་ནས་ཁྲི་ཕྲག་འགོར་ནའང་ད་དུང་སྔར་བཞིན་མ་ཉམས་པར་མུ་མཐུད་དུ་རང་གི་བརྡ་སྤྲོད་ཀྱི་ལག་ཆར་བྱེད་བཞིན་པ་ནི་བོད་ཡིག་གི་སྤྱི་ཚོགས་ཁོར་ཡུག་གཏན་འཁེལ་ཡོད་པའི་བདེན་དཔང་ཡིན་པས་ང་ཚོས་སྔར་མུས་ལྟར་སྲུང་འཛིན་དང་འཕེལ་རྒྱས་བཏང་ན་བྱ་བ་མང་པོ་ཞིག་རང་ཤུགས་ཀྱིས་ཐག་ཆོད་ཡོང་སྙམ། རྒྱུ་འདི་ལ་དམིགས་ནས་ལོ་རབས་བརྒྱད་ཅུ་ནང་མཚོ་སྔོན་མཚོ་ལྷོ་ཁུལ་ནས་ཁུལ་ཡོངས་ཀྱི་ལས་བྱེད་པུའུ་ནང་བོད་ཡིག་སྦྱོང་བའི་མཐོ་རླབས་ཤིག་འཕྱུར་མྱོང་། སྐབས་དེའི་བཀོལ་སྤྱོད་ཀྱི་སྒྲིག་ཁྲིམས་དག་ཞོལ་ན་བསམ་བཞིན་བཀོད་ཡོད་པ་དེར་གསལ།