ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

ང་རང་བོད་སྐད་བཤད་པར་དགའ།

སྤེལ་དུས 2011-08-24 ཡོང་ཁུངས། གངས་རྒྱན་ན་ཆུང་ཚགས་པར། རྩོམ་པ་པོ།
     མི་རིགས་ཤིག་ལ་མཚོན་ན་རང་གི་སྐད་དང་ཡི་གེ་གཙོར་འཛིན་རྒྱུ་ནི་ཧ་ཅང་ནས་ཀྱང་གལ་ཆེ་བ་ཞིག་ཡིན་ལ།   སྐད་དང་ཡི་གེ་ཡོད་མེད་ནི་མི་རིགས་ཤིག་ཡུན་རིང་གནས་ཐུབ་མིན་གྱི་འགག་རྩ་ཡིན། ང་རང་བོད་ཡུལ་ནས་སྐྱེས་ཤིང་བོད་སྐད་བཤད་དེ་འཚར་ལོངས་བྱུང་བ་ཞིག་ཡིན་པས། བོད་སྐད་དང་འབྲལ་མི་ཐུབ་པའི་བརྩེ་དུངས་ཟབ་མོ་ཞིག་ཆགས་སོད། ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་མེས་པོ་རྣམས་ཀྱི་རྔུལ་ཁྲག་ལས་གྲུབ་པའི་རིན་ཐང་བྲལ་བའི་རིག་གནས་དེ་དར་སྤེལ་དུ་གཏོང་བ་དང་མི་རབས་ནས་མི་རབས་ལ་རྒྱུན་འཛིན་བྱེད་དུ་འཇུག་རྒྱུ་ནི་ང་ཡི་འོས་འགན་ཡིན། བོད་ཀྱི་སྐད་ཡིག་ནི་འཛམ་གླིང་དུ་རིན་ཐང་བྲལ་བའི་སྐད་ཡིག་མཆོག་གྱུར་ཅིག་ཡིན་ལ། དེ་ནི་རང་གཤིས་གངས་ལས་དཀར་བའི་བོད་པ་ཚོའི་ལ་རྒྱ་ཞིག་ཏུའང་གྱུར་ཡོད། འོན་ཀྱང་དེང་སྐབས་མི་ལ་ལ་ཞིག་ཡིས་རང་རིགས་ཀྱི་སྐད་ཡིག་ལ་མཐོང་ཆུང་དང་དམའ་འབེབས་བྱས་ཏེ་མི་རིགས་གཞན་གྱི་སྐད་ཡིག་བསླབ་རྒྱུ་དེ་གཞི་རྩར་འཛིན་བཞིན་ཡོད། པཎ་ཆེན་རིན་པོ་ཆེ་མཆོག་གིས་ཀྱང“ཁྱོད་ཚོ་བོད་སྐད་བཤད་རྒྱུར་ངོ་ཚ་ན་མ་བཤད་ན་ཆོག་ལ། བོད་ལྭ་གོན་པར་ངོ་ཚ་ན་དེ་ཡང་མ་གོན་ན་ཆོག   འོན་ཀྱང་ཁྱོད་ཚོའི་ཤ་དང་རུས་པ་ཇི་ལྟར་བྱ་རྒྱུ་ཡིན”ཞེས་གསུངས་པ་ལྟར་རང་གི་སྐད་ཡིག་ལ་དགའ་ཞིང་རྒྱུན་འཛིན་བྱ་རྒྱུ་ནི་ང་ཚོའི་གཡོལ་ཐབས་མེད་པའི་འོས་འགན་ཞིག་ཡིན།   ང་ནི་ཆུང་དུས་ནས་བོད་ཡུལ་ནས་འཚར་ལོངས་བྱུང་བ་ཡིནཔ་འི་རྐྱེན་གྱིས་བྱམས་ལྡན་བོད་པའི་རང་གཤིས་དེ་རང་གི་རྒྱུད་ལ་རང་བཞིན་སྒོས་ཆགས་ཡོད། ད་ལྟ་ཤེས་བྱ་ཡོན་ཏན་གྱི་མྱུ་གུ་འབུས་ཙམ་ཡིན་མོད།   ཕྱིས་སུ་རང་ཡུལ་ཁ་བ་ཅན་ལ་སྲི་ཞུ་བསྒྲུབ་པའི་ཆོད་སེམས་བཅངས་ཡོད་པས།   ངས་ནམ་ཡང་བོད་ཀྱི་སྐད་དང་ཡི་གེ་དར་རྒྱས་གོང་འཕེལ་གྱི་ཐད་དང་བོད་སྐད་གཙང་མ་བཤད་པའི་བོད་མི་དག་མ་ཞིག་བྱེད་པར་འབད་པ་བྱ་རྒྱུ་ཡིན།   རྒྱུ་མཚན་ནི་ང་རང་བོད་སྐད་ལ་དགའ་ཞིང་བོད་ཡིག་ལ་དུངས་པའི་བོད་པའི་བུ་ཕྲུག་ཅིག་ཡིན་པས་སོ།།