ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

སྒོ་བྱང་།

སྤེལ་དུས 2011-08-24 ཡོང་ཁུངས། གངས་རྒྱན་ན་ཆུང་ཚགས་པར།    རྩོམ་པ་པོ། སྒྲོལ་མས་བསྒྲིགས།
  ཁྱོད་རང་ཉེ་ཆར་གྲོང་ཁྱེར་འདི་ཤར་བྱང་མཚམས་ཀྱི་དགོན་པ་དེར་མཇལ་སྐོར་དུ་ཕྱིན་མྱོང་མཁན་ཞིག་ཡིན་ཚེ། ཁྱོད་ཀྱིས“སྒྲོལ་མའི་སྨན་ཚོང་ཁང”ཞེས་པའི་བོད་ལུགས་ལྟར་བསྐྲུན་ཡོད་པའི་སྨན་ཚོང་ཁང་ཆུང་ཞིག་མཐོང་ཡོད་ངེས་ཡིན། དེ་ནི་ངའི་ཨ་ཅེ་སྟེ་བོད་ཀྱི་སྨན་ཤར་ཚོང་གཉེར་པ་ཆུང་ཆུང་སྒྲོལ་མའི་སྒེར་གཉེར་སྨན་ཚོང་ཁང་ཡིན། སྨན་ཚོང་ཁང་དེ་ནི་དགོན་པའི་འདབས་རོལ་གྱི་རྒྱ་ལམ་འགྲམ་དུ་གནས་ཤིང་། ད་ལྟ་དེ་ནི་སྨན་ཚོང་ཧ་ཅང་རྒྱུག་པའི་ཚོང་ཁང་ཞིག་ཏུ་གྱུར་ཡོད།

 གཞེས་ནིང་ལོའི་དབྱར་གནང་གི་སྐབས་སུ་ང་རང་ཨ་ཅེའི་སྨན་ཚོང་ཁང་དུ་སོང་སྟེ་སྨན་བཙོང་རོགས་བྱས་པ་ཡིན།   སྐབས་དེར།   སྨན་ཚོང་ཁང་དུ་ཧ་ཅང་རྒྱུག་ཆེ་བ་ནི་རིལ་དཀར་སོགས་ཕོ་ནད་དང་ཆམ་ནད་ལ་ཕན་པའི་སྨན་ལས་གཞན་མི་འདུག་མོད། སྨན་དེ་དག་ནི་ཡུལ་ཕྱོགས་གཞན་ནས་ཁྱེར་ཡོང་བའི་དགོས་གལ་ཆེ་ཞིང་རིན་གོང་དམའ་བའི་སྨན་ཡིན་པས། སྨན་ཚོང་ཁང་གི་ནང་དུ་ཉིན་གང་བོར་སྨན་ཉོ་མཁན་གྱི་འགྲུལ་བ་གང་འདུག

ཉིན་ཞིག་གི་ཉིན་གུང་ལ། སྐྲ་ལོ་སེར་བོ་འཕྱང་བའི་ཕྱི་རྒྱལ་གྱི་གསར་བུ་ཞིག་བསླེབས་བྱུང་།

གསར་བུ་དེ་ཐད་ཀར་དུ་ཨ་ཅེའི་མདུན་དུ་སོང་སྟེ།   བོད་སྐད་དག་མོས“སྒོར་མོ་ག་ཚོད་ཡིན”ཟེར། ཨ་ཅེས“ཁྱོད་ལ་སྨན་གང་དགོས”ཞེས་དྲིས་པར། ཕྱི་རྒྱལ་གྱི་གསར་བུ་དེས་ཅུང་གཟབ་ནན་གྱིས“ང་རང་ཁྱོད་ཉོ་རུ་ཡོང་བ་ཡིན”ཟེར་། ཨ་ཅེས་ཅུང་ཁྲོ་བའི་ངང་“ང་རང་དུད་འགྲོ་མིན་པར་མི་ཡིན”ཞེས་བཤད། ཕྱི་རྒྱལ་གྱི་གསར་བུ་དེས་ཡང་བསྐྱར་ཨ་ཅེ་ལ“ཁྱོད་སྨད་ཚོང་མ་མིན་ནམ། ཞག་མ་གཅིག་ལ་སྒོར་མོ་ག་ཚོད་ཡིན”ཟེར། ངས་སྐད་ཆ་དེ་ཐོས་མ་ཐག་ངོ་ཚ་དང་ཁོང་ཁྲོས་མ་བཟོད་པར་ལག་ན་ཡོད་པའི་ཇ་ཕོར་གྱིས་གསར་བུ་དེའི་གདོང་ལ་ཤེད་ཀྱིས་བརྒྱབ་པས་དེའི་ངོ་གདོང་ལ་ཕོག་སོང་། དུས་དེར་ཚོང་ཁང་དུ་མི་མང་རུབ་བྱུང་། ལ་ལས་ང་བཟུང་ཞིང་ལ་ལས་ཕྱི་རྒྱལ་གྱི་གསར་བུ་དེ་བསྐྱོར་ནས་སྒོར་བུད་སོང་།

   དེའི་ཤུལ་དུ་ཁྲག་ཐིགས་མང་བོ་ཞིག་ཐིགས་འདུག དེར་བལྟས་ན་རྨས་ཅུང་ཆེན་པོ་ཞིག་བཟོས་འདུག་པ་ཤེས་ཐུབ།

 ཅང་མ་འགོར་བར110གི་སྤྱི་བདེའི་མི་སྣ་འགའ་ཚོང་ཁང་དུ་ཡོང་ནས་ང་རང་ཁྲིད་རྩིས་བྱེད་སྐབས། ཨ་ཅེས་ཁོ་ཚོ་ལ་ཁ་ཡག་ངོ་དགའ་ཡང་ཡང་བྱས་ཀྱང་རྔོ་མ་ཐོགས་པར་ང་རང་ཁོ་ཚོའི་རླངས་འཁོར་དུ་མི་འབུད་ཐབས་མེད་བྱུང་།   ང་རང་ཉིན་གསུམ་ལ་བཀག་ཉར་བྱས་ཏེ་གནས་ཚུལ་སོགས་རྩད་གཅོད་ཞིབ་མོ་བྱས།   དེ་ནས་ང་ཕྱིར་བཏང་མ་ཐག་ཕྱི་རྒྱལ་གྱི་གསར་བུ་དེ་ལ་སྒོར་ལྔ་བརྒྱ་ཡི་སྨན་རིན་སྤྲོད་དགོས་པ་དང་། ད་དུང་ཁོ་ལ་དགོངས་དག་ཀྱང་ཞུ་དགོས་པའི་ཐག་གཅོད་བྱས་འདུག བདག་གིས་ཐག་གཅོད་འདི་དང་ལེན་བྱས་ན་མི་འདོད་མོད།

འོན་ཀྱང་ཕ་མ་གཉིས་དང་ཨ་ཅེ་སོགས་ཀྱིས་ཡང་ཡང་བསྐུལ་པའི་ངོར། ཉིན་ཞིག་གི་ཕྱི་དྲོར་ང་རང་མངག་གཏོང་ཁང་གི་སྤྱི་བདེའི་མི་སྣ་ཞིག་གི་རྗེས་འབྲངས་ཏེ་ཕྱི་རྒྱལ་གྱི་གསར་བུ་དེ་ལ་དགོངས་དག་ཞུ་རུ་སོང་བ་ཡིན།

ངེད་གཉིས་མགྲོན་ཁང་ཆུང་ཆུང་ཞིག་ཏུ་སོང་སྟེ། ཁང་སྒོ་ཆུང་ཆུང་ཞིག་དལ་མོར་བརྡུངས་པ་ན། ཕྱི་རྒྱལ་གྱི་གསར་བུ་དེ་ཡོང་ནས་སྒོ་ཕྱེས་ཏེ་ངེད་གཉིས་ནང་དུ་བསུས་བྱུང་། བདག་གིས་ཁང་བ་ཆུང་ཆུང་དེའི་ནང་ལ་མིག་བཤེར་ཐེངས་ཤིག་བྱས་ཤིང་། གསར་བུ་དེའི་གདོང་ལ་བལྟས་པ་ན། རྨ་ཁ་ཡང་ཕལ་ཆེར་སོས་འདུག   ངས་སྒོར་ལྔ་བརྒྱ་ཁོ་ལ་གཏད་དེ“དགོངས་པ་མ་ཚོམ”ཞེས་བཤད་པ་ན། ཁོས་སྒོར་མོ་མི་ལེན་པར“ཇ་ཕོར་བ་གང་འཐུངས”ཟེར། བདག་གིས་ཁོམ་པ་མེད་པར་ཁ་གཡར་ཏེ་སྒོ་ཕྱིར་བུད་པ་ན། ཁོས་ངའི་རྗེས་བསྙེགས་ཏེ “འོ་ན་ཡི་གེ་འདི་འཁྱེར་རོགས”ཟེར་བཞིན་ང་ལ་ཡིག་ཐུམ་ཞིག་གཏད་བྱུང་།    ང་རང་ཕྱིར་ལྡོག་པའི་རླངས་འཁོར་དུ་བསྡད་དེ་ཡིག་ཐུམ་དེའི་ཁ་ཕྱེས་པ་ན་འདི་ལྟར་བྲིས་འདུག