དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

སྐད་འཕྲིན་དངུལ་ཁུག་གི་བདེ་འཇགས་སྲུང་སྐྱོང་བྱེད་ཐབས་ཤིག

སྤེལ་དུས 2020-04-29 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
མི་མང་པོ་ཞིག་ལ་མཚོན་ན།
སྐད་འཕྲིན་ཨང་གྲངས་གཉིས་སམ་དེ་ལས་མང་བ་ཡོད།

གལ་ཏེ་མི་གཞན་ཞིག་གིས།
ཁྱོད་ཀྱིས་ཅི་ཡང་མི་ཚོར་བའི་གནས་ཚུལ་འོག
ཁྱོད་ཀྱི་ཐོབ་ཐང་ཆ་འཕྲིན་སྤྱད་དེ།
སྐད་འཕྲིན་དངུལ་ཁུག་དང་ལྐོག་སྦྲེལ་བྱས་ན།
འཇིགས་ཡེར་བ་ཞིག་མི་འདུག་གམ།

སྐད་འཕྲིན་དངུལ་ཁུག་ལ་སྒོར་སྟོང་གཅིག་གི་གཏོང་སྤྲོད་ཚད་བཀག་ཡོད་པས། 
དེ་དངུལ་བྱང་དང་སྦྲེལ་བར་ཁྱད་པར་ཡོད་ན་ཡང་། 
གཞན་ལ་ཁྱོད་ཀྱི་སྐད་འཕྲིན་སྤྱོད་པའི་ཐོང་ཐང་ཡོད་ཚེ།
ཁྲིམས་འགལ་གྱི་བྱ་བ་ཅི་ཡང་འབྱུང་ཉེན་ཡོད། 

གནས་ཚུལ་འདི་རིགས་དང་འཕྲད་ཚེ། 
ཐོག་མར་བྲེལ་བ་མ་གནང་དང་། 
གནས་ཚུལ་ཐག་གིས་གཅོད་ཐབས་འདི་ན་ཡོད། 👇
01


        སྐད་འཕྲིན་གྱི་ཁ་ཕྱེ་སྟེ། “ང་།”-“སྒྲིག་འགོད།”-“ཀུན་སྤྱོད།”-“རམ་འདེགས་བྱེད་ལས།”སོགས་རིམ་པ་བཞིན་གནོན་དགོས།
02
        “རམ་འདེགས་བྱེད་ལས་”ཞེས་པའི་ལྡེབ་ངོས་སུ་སླེབས་རྗེས།  “སྐད་འཕྲིན་གཏོང་སྤྲོད་” - “རོགས་རམ་ལྟེ་གནས་” - “མིང་ངོ་མ་འགོད་པའི་གནད་དོན་”རིམ་པར་གནོན་དགོས།

03
        “མིང་ངོ་མ་འགོད་པའི་གནད་དོན་”(实名问题)ལས། “མིང་འོག་གི་ཐོ་ཁོངས་འདྲི་རྩད་” (查询名下账户)ཅེས་པ་གནོན་དགོས། འདྲི་རྩད་ཀྱི་རེ་བ་ལྟར། མིང་དང་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་བཅུག་མཐར། གདོང་བཤེར་ར་སྤྲོད་བྱས་ཚེ། སོ་སོའི་ཐོབ་ཐང་ལག་ཁྱེར་གྱི་མིང་འོག་ཏུ། སྐད་འཕྲིན་ཨང་གྲངས་ག་ཚོད་སྦྲེལ་ཡོད་པ་དང་། ཨང་གྲངས་དེ་དག་གི་གཅེས་མིང་དང་མགོ་པར་སོགས་མཐོང་ཐུབ།
04
        དེའི་ནང་བེད་མེད་དུ་གྱུར་བའི་སྐད་འཕྲིན་ནམ། རང་ཉིད་ཀྱི་སྐད་འཕྲིན་ཨང་གྲངས་མིན་པ་ཡོད་ཚེ། 【གཙང་སེལ་】(清除)ཞེས་པ་མནན་ན་སྦྲེལ་མཚམས་གཅོད་ཐུབ།

       ཐོབ་ཐང་ཆ་འཕྲིན་རྫུས་སྤྱོད་བྱེད་པ་ནི་དུས་རྒྱུན་དུ་མཐོང་ཐུབ་པའི་གནད་དོན་ཞིག་ཡིན།
       ཉེ་ལམ། མི་སྒེར་གྱི་ཁྲལ་ཐོ་Appཐོག་ཞིབ་བཤེར་བྱེད་ཆོག་པར་གྱུར་བས་ན། སློབ་མ་སྟོང་ཕྲག་ཁ་ཤས་ཀྱིས་Appཐོག་སྒེར་གྱི་ཐོབ་ཁྲལ་ལ་ལྟ་དུས་རང་ཉིད་རྒྱུས་མངའ་མེད་པའི་ཀུང་སིར་ལས་ཀ་བྱས་པའི་ཟིན་ཐོ་ཡོད་པ་ཤེས་རྟོགས་བྱུང་ལ། འདི་དག་ནི་ཁེ་ལས་ཀྱིས་ཁྲལ་བསྐུངས་པའི་ཆེད་དུ་སློབ་མའི་ཆ་འཕྲིན་རྫུས་སྤྱོད་བྱས་པ་ཡིན་ཤས་ཆེ།
       མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་སྲུང་སྐྱོང་སྦྱར་ཡིག
       དུས་རྒྱུན་འཚོ་བའི་ཁྲོད་དོ་སྣང་བྱེད་དགོས། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་ཡིད་རྟོན་བྱང་བུ་སོགས་ཀྱི་ཆ་འཕྲིན་བདག་སྐྱོང་ལེགས་པོ་བྱེད་པ་ལས་གང་འདོད་དུ་གཞན་ལ་བཤད་མི་རུང་།
       དྲ་རྒྱའི་ནང་དོ་སྣང་བྱེད་དགོས། དྲ་རྒྱའི་ལས་སྟེགས་ཐོ་འགོད་བྱེད་སྐབས་དེའི་ཡིད་རྟོན་རང་བཞིན་ལ་རྒྱུས་ལོན་བྱེད་དགོས་པ་དང་། གསང་གྲངས་སོགས་མི་སྒེར་གྱི་ཆ་འཕྲིན་གསང་རྒྱ་ནན་མོ་བྱས་ནས་གཞན་གྱིས་རྐུ་ཁྱེར་བྱེད་མི་ཐུབ་པ་བྱེད་དགོས།
       སྒེར་གྱི་གསང་བ་སྲུང་སྐྱོང་བྱེད་དགོས། མི་སྒེར་གྱི་ལག་ཐོགས་ཁ་པར་དང་གློག་ཀླད་ལ་བདེ་འཇགས་བཀོད་སྒྲིག་བྱེད་དགོས་པ་དང་། དྲ་ཚིགས་ཉེན་ཁ་ཅན་ལ་མི་ཞུགས་པ་དང་སྒྲིག་ཆས་ཉམས་གསོ་བྱེད་སྐབས་བློས་འགེལ་ཆོག་པའི་ས་ཚིགས་བཙལ་ནས་གསང་བ་ཕྱི་ལ་མི་ཤོར་བ་བྱེད་དགོས། 
       གསང་བ་ཕྱིར་གྱར་ཚེ་ཉེན་བརྡ་སྐྱེལ་དགོས། མི་སྒེར་གྱི་གསང་བ་ཕྱིར་གྱར་བ་དང་། གཞན་གྱིས་རང་གི་གསང་བ་སྤྱད་ནས་བྱ་བ་ངན་པ་སྒྲུབ་པ་སོགས་ཀྱི་གནས་ཚུལ་བྱུང་ཚེ་དཔང་རྟགས་ཉར་འཇོག་བྱས་ཏེ་དུས་ཐོག་ཏུ་ཉེན་བརྡ་སྐྱེལ་དགོས།

སྐད་འཕྲིན་དངུལ་ཁུག་སྲུང་སྐྱོབ་བྱེད་ཐབས་འདི།
ཉེ་འཁོར་གྱི་མི་དག་ལ་བཤད་ནས།
དངུལ་ཁུག་གཞན་དང་སྦྲེལ་མིན་བལྟ་རུ་འཇུག་རོགས།
རྩོམ་སྒྲིག་པ།སྣང་རྡོར།