འབུ་བརྐོ་མཁན་རྣམས་ཐོག་གི་འཇིགས་པ་ལས་བསྐྱབ་ནུས་པའི་མན་ངག་རྡོ་རྗེའི་གོ་ཁྲབ་ཅེས་བྱ་བ་བཞུགས་སོ། །
དབྱར་ཟླ་གསུམ་རྩྭ་ཆུ་རྒྱས་པའི་དུས། །
སྨན་དབྱར་རྩྭ་དགུན་འབུ་རྡོལ་ནས་བྱུང་། །
འབུ་བརྐོ་བར་བྱ་བ་ལེགས་མོད་ཀྱང་། །
གློག་ཐོག་རྒོད་གཉིས་ལ་ཡིད་གཟབ་མཛོད། །
夏日三月水草丰
冬虫夏草始盼头
采寻良药虽善举
雷鸣电闪需谨行
དབྱར་ཆར་ཆུ་འབེལ་བའི་དུས་སྐབས་སུ། །
གློག་དམར་པོའི་མེ་ལྕེ་འཁྱུག་པ་དང་། །
ཐོག་རྒོད་པོས་ཚེ་སྲོག་འཇོམས་སྲིད་པས། །
དེ་གཡོལ་བའི་ཐབས་ལམ་བདག་གིས་བཤད། །
夏雨阵阵丰水季
电闪似火迅疾至
惊雷阵阵欲夺命
如何化险我来言
འབུ་བརྐོ་མཁན་ན་གཞོན་ཕོ་མོ་ཚོ། །
ཐོག་གནམ་ལྕགས་དེ་ལ་ཡིད་གཟབ་མཛོད། །
ཐང་ཡངས་པོ་བརྒྱུད་ནས་འགྲོ་ཉིན་མོ། །
རྟ་རྐྱང་ཕྲུག་བང་ཁ་མ་རྒྱུག་རོགས། །
采寻虫草众男女
天铁雷至当谨慎
空旷之原闻电闪
纵马疾驰不宜行
ལྕགས་འཕྲུལ་རྟ་བཞོན་ནས་མ་འགྲོ་རོགས། །
མི་རང་གིས་རྒྱུག་ཤར་མ་གློད་རོགས། །
འཇོར་ལ་སོགས་ཕྲག་སྟེང་བཞག་མི་རུང་། །
ཆུ་གཙང་པོའི་འགྲམ་དུ་འགྲོ་མི་རུང་། །
摩托单车不宜行
莫要慌张忌狂奔
莫拿金属扛于肩
莫在水旁滞停留
འབྲུག་སེང་སེང་ཆར་དང་འདྲེས་པའི་དུས། །
ཐང་བདེ་མོའི་སྟེང་དུ་མི་འདུག་སྟེ། །
ཐོག་འགོག་པའི་ཁང་པ་འཚོལ་བའམ། །
ས་དམའ་ས་ཞིག་ལ་ཙོག་པུར་སྡོད། །
若逢雷雨将至时
空旷之地莫停留
先寻防雷庇护所
或寻地势低矮处
ལག་གཉིས་པོ་སྤུས་མོར་འཐམ་ནས་ནི། །
ལུས་ཅུང་ཟད་མདུན་དུ་གུག་ནས་སྡོད། །
ཤིང་སྡོང་པོའི་རིགས་དང་གློག་ཀ་དང་། །
གཞན་དུ་ཁུང་སོགས་དང་ཉེ་མི་རུང་། །
双手抱膝向下蹲
身体微微向前倾
树木电杆高耸物
孤立烟囱应远离
ཐོག་གནམ་ལྕགས་གཡོལ་བའི་དུས་དེ་ལ། །
རྡོ་ཕ་བོང་དང་ནི་བྲག་ཕུག་དང་། །
བྲག་དཀར་མོ་ལ་སོགས་གཡང་གཟར་བའི། །
གནས་དེ་ཚོར་བསྡད་ན་ཉེན་ཁ་ཆེ། །
躲避雷雨寻地时
巨石洞口莫停留
悬岩之下忌驻留
此类地形系危险
ཁང་མཐོན་པོའི་རྩེ་ལ་འགྲོ་མི་རུང་། །
མཁར་མེད་པའི་ས་སྟོང་ནང་ནས་ནི། །
བརྡ་ཡོད་པའི་ཁ་པར་སྤྱད་མི་རུང་། །
དོན་དེ་ཚོ་ཡིད་ལ་ནན་པོར་ཟུངས། །
高楼平台莫停留
无楼无房空旷地
莫要使用信号机
安全知识需牢记
སྟབས་མ་ལེགས་ཐོག་གིས་གནོད་པས་ན། །
གློག་གནོན་ཤུགས་ཆེ་བས་སྙིང་རྩ་འགག །
སྐབས་དེ་དུས་དུས་ཚོད་སྐར་བཞིའི་ནང་། །
གློ་སྙིང་གི་མྱུར་སྐྱོབ་ཤིན་ཏུ་གལ། །
如若不幸被雷击
电压强流止心脉
抢救黄金四分钟
需用心肺复苏法
ཐོག་ཕོག་པའི་མི་ཡི་ལུས་སྟེང་དུ། །
གློག་མེད་པས་རེག་རྒྱུར་སྐྲག་མི་དགོས། །
མི་མང་པོར་ཐོག་སྐྱོན་ཕོག་སོང་ཚེ། །
དབུགས་མེད་པའི་མི་རྣམས་སྔོན་ལ་སྐྱོབས། །
闪电击中他人体
莫忧有电及时救
如遇多人被雷击
先救无声息之人
ཐོག་ཕོག་ནས་རྨས་སྐྱོན་བྱུང་བའི་ཚེ། །
མྱུར་སྐྱོབ་ཀྱི་ཁ་པར་གཏོང་བ་དང་། །
མིས་ཐབས་ཀྱིས་ཁ་ནས་དབུགས་འབྱིན་དང་། །
བྲང་ཁ་ནས་གནོན་ཏེ་གློ་སྙིང་གསོས། །
出现雷电伤人事
立即致电寻求助
人工呼吸莫要停
心肺复苏回心跳
ཐོག་ཕོག་ནས་དྲན་པ་རྒྱལ་བ་དང་། །
དབུགས་མེད་པའི་སྣང་ཚུལ་ཐོན་སྲིད་ཀྱང་། །
དེ་ཤི་བ་མིན་པས་ངེས་པར་སྐྱོབས། །
དོན་དེ་ཚོ་ཡིད་ལ་བརྟན་པོར་ཟུངས། །
雷击伤员失知觉
出现心停假死状
莫要大意定无救
上述箴言牢心间
དེ་ལྟ་བུའི་ཐོག་གློག་འགོག་པའི་ཚུལ། །
དོན་འགལ་འཁྲུལ་མེད་པར་སྤྱོད་ནུས་ན། །
ཐོག་རྒོད་པོ་ལྷུང་ཡང་མི་ཞེད་ལ། །
གློག་དམར་པོ་འཁྱུག་ཀྱང་འཇིགས་མི་དགོས། །
以上所言防雷语
若能谨记牢实行
即使雷击不慌乱
即使电闪也从容
སྡེབ་ལེགས་པའི་ཚིག་སྦྱོར་མེད་ན་ཡང་། །
དོན་བཟང་པོའི་འབྲུ་ཕྲེང་ཚར་དངར་བའི། །
ཁྱེད་རྩྭ་འབུ་བརྐོ་བའི་སྐྱེ་བོ་རྣམས། །
དོན་ཡིད་ལ་ཟུངས་དང་དགེ་མཚན་ཆེ། །
虽无辞藻来点缀
内容发心利众民
采挖虫草之民众
愿铭于心受裨益
རྩོམ་སྒྲིག་པ།སྣང་རྡོར།