དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

གོམ་པ་མང་ཙམ་རྒྱོབ་དང་། གཟུགས་པོར་ཕན་ཐོགས་འདི་འདྲ་འདུག

སྤེལ་དུས 2020-05-15 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

        ཨ་རིས་དཔེ་སྐྲུན་བྱས་པའི《གོམ་པ་རྒྱོབ རྒྱུགས་ཤར་མ་གློད》ཅེས་པའི་དཔེ་དེབ་ནང་། རྩོམ་པ་པོ་འབུམ་རམས་པ་ཧྲི་ཐ་མན་གྱིས་གོམ་པ་རྒྱག་སྐབས་གོམ་ཞེང་ཆེན་པོ་སྤོ་དགོས་ལ། གོམ་པ་མགྱོགས་པོ་རྒྱག་པ་དང་། ལག་ཟུང་གཡུགས་ནས་མགོ་བོ་བཀྱགས་ཤིང་བྲང་ཁོག་ལྡིར་ལྡིར་བྱེད་དགོས་པ་བསྟན་ཡོད།
        གོམ་པ་རྒྱག་རྒྱུ་ནི་སྤྱིར་བཏང་གི་ལུས་རྩལ་ཞིག་ཡིན་པའི་ངོས་འཛིན་བྱེད་མི་རུང་།
        མིག་སྔར་ཞིབ་འཇུག་མང་པོ་ཞིག་ལས་ར་སྤྲོད་བྱུང་བར། ཆོས་ཉིད་ཡོད་པའི་གོམ་པ་བརྒྱབ་ཚེ་ལུས་པོའི་ཆ་ཤས་ཚང་མར་སྦྱོང་བརྡར་ཡག་པོ་ཐེབས་ཀྱི་ཡོད་པ་སྟེ།
        ཀླད་པ། —— ཀླད་པའི་ནང་གི་ངལ་དུབ་སེལ་བའི་གནོད་རྒྱུ་བཀྲོལ་བས་སྣང་བ་སྐྱིད་པོ་ཡོང་གི་ཡོད།
        གློ་བ། —— གློ་བའི་དབུགས་རྔུབ་ཚད་འཕར་བའམ་ཐ་མག་འཐེན་མཁན་གྱི་ཐ་མག་འཐེན་པའི་འདོད་པ་ཆུང་དུ་གཏོང་ཐུབ།

        སྒལ་པ། —— སྒལ་པའི་ཤ་གནད་ཀྱི་ཤེད་ཤུགས་ལེགས་སུ་འགྲོ་བ་མ་ཟད་སྒལ་པར་གནོད་སྐྱོན་ཐོན་ཚད་ཆུང་བ།
        རྐང་པ། —— གོམ་པ་རྒྱག་སྐབས་རྐང་པའི་རུས་པར་ཐེག་ཤུགས་ཀྱི་སྦྱོང་བརྡར་ཐུབ་པས་རྐང་རུས་དང་ཤ་གནད་ཀྱི་ཤེད་ཤུགས་མངོན་གསལ་དོད་པོས་ཆེ་རུ་འགྲོ་གི་ཡོད།
        གཟའ་འཁོར་གཅིག་ལ་གོམ་པ་ཆུ་ཚོད་3ཡན་བརྒྱབ་ན་སྙིང་ཁམས་ཁྲག་རྩའི་ནད་ཕོག་པའི་ཉེན་ཁ་35﹪~40﹪བར་དམའ་རུ་གཏོང་ཐུབ།

        གཟའ་འཁོར་རེར་གོམ་པ་ཉིན་གསུམ་རྒྱག་པ་དང་ཐེངས་རེར་སྐར་མ་45ཡན་བརྒྱབ་ན་རྒན་འཁོགས་ཀྱི་ཤེས་རྟོགས་རང་བཞིན་ཉམས་པའི་ནད་སྔོན་འགོག་བྱེད་ཐུབ།
        གཟའ་འཁོར་རེར་གོམ་པ་ཆུ་ཚོད་7ཡན་བརྒྱབ་ན་ནུ་མའི་གཤེར་རྨེན་གྱི་ནད་ཕོག་ཚད་20﹪དམའ་རུ་གཏོང་ཐུབ་པ་དང་རིམ་པIIཔའི་གཅིན་སྙི་ཟགས་ཁུའི་ནད་50﹪ཡི་དྲག་སྐྱེད་ཐུབ་པའི་ནུས་པ་ལྡན་ཡོད།
        གོམ་པ་བརྒྱབ་ན་ཕན་ཡོན་གང་དག་ཡོད་དམ་ཞེ་ན།
        1.གོམ་པ་བརྒྱབ་ན་སྙིང་ཁམས་ཀྱི་ནུས་པ་ལེགས་སུ་ཕྱིན་ནས་སྙིང་ཁམས་དལ་ལ་ཤུགས་དང་ལྡན་པར་གྱུར་བ།
        2.གོམ་པ་བརྒྱབ་ན་ཁྲག་རྩ་མཉེན་པོ་ཆགས་ནས་ཁྲག་རྩ་རྡོལ་བ་སོགས་འགོག་ཐུབ།
        3.གོམ་པ་བརྒྱབ་ན་ཤ་གནད་ཀྱི་ནུས་པ་ལེགས་སུ་ཕྱིན་ཏེ་རྐང་པ་སྤོ་བདེ་བ་མ་ཟད། རུས་ཚིག་བདེ་ལ་མིའི་གཟུགས་པོའི་ཁྲག་འཁོར་རྒྱུག་ལ་ཕན་པ་ཆེ།
        4.གོམ་པ་བརྒྱབ་ན་འཇུ་བྱེད་གཤེར་རྨེན་ལས་ཟགས་ཐོན་གྱི་ནུས་པ་ལེགས་སུ་ཕྱིན་ཏེ་ཕོ་རྒྱུར་ཆོས་ཉིད་ཡོད་པའི་སྐུལ་འདེད་ཐུབ་ནས་ཟས་ཀྱི་དང་ག་འབྱེད་ཐུབ་པ་དང་ཁྲག་ཤེད་མཐོ་བའི་ནད་དང་། གཅིན་སྙི་ཟགས་ཁུའི་ནད། ཤ་རྒྱགས་པ་ཆགས་པ།  རྒྱུན་གཏན་རང་བཞིན་གྱི་བཙོག་པ་བཤང་འགག་སོགས་ཀྱི་ནད་གཞི་འགོག་བཅོས་ལ་ཕན་པ་ཅུང་ལེགས་པོ་ཡོད།
        5.ཕྱིར་མཁའ་རླུང་གཙང་མ་ཡོད་སར་གོམ་པ་བརྒྱབ་ཚེ་ཀླད་པའི་བསམ་གཞིགས་བྱེད་ནུས་ལེགས་སུ་འགྲོ་བ་དང་དཀའ་ལས་ཁག་པའི་སྣང་ཚུལ་སེལ་ཐུབ་པས་སློབ་སྦྱོང་དང་ལས་ཀར་ཕན་འབྲས་ཡག་པོ་ཐོབ་སྲིད། ཆེད་ལས་མཁས་པས་ཚོད་ལྟ་བྱས་པར་གཞིགས་ན། གཟའ་འཁོར་གཅིག་ལ་གོམ་པ་ཐེངས་གསུམ་རྒྱག་པ་དང་ཐེངས་རེར་ཆུ་ཚོད་གཅིག་ཙམ་རྒྱག་དགོས། དེ་ལྟར་ཟླ་བ་4རྒྱུན་མཐུད་བྱེད་མཁན་དང་གོམ་པ་རྒྱག་རྒྱུར་དགའ་པོ་མེད་པའི་མི་ཕན་ཚུན་བསྡུར་ན་ཟླ་4རྒྱུན་མཐུད་གོམ་པ་རྒྱག་མཁན་དེ་བློ་རིག་བཀྲ་ལ་མིག་ཤེད་དང་དྲན་ཤེས་དེ་བས་ལེགས་པ་ཡོད་པ་ཤེས།
        6.གོམ་པ་རྒྱག་རྒྱུ་ནི་དལ་ལྷོད་སྙོམས་པའི་ལུས་སྦྱོང་བྱེད་ཐབས་ཤིག་ཡིན་པས་དབང་རྩ་དང་ཤ་གྲིམ་ཞི་ལྷོད་དུ་གཏོང་ཐུབ། རིགས་གཅིག་མཁས་པས་ཚད་ལེན་བྱས་པར་གཞིགས་ན། སུན་སྣང་དང་སེམས་སྐྱིད་པོ་མེད་སྐབས་ཡང་ཤ་དོད་པོའི་ངང་གོམ་པ་སྐར་མ་15ཙམ་བརྒྱབ་ན་སྣང་ཚུལ་དེ་དག་སེལ་ཐུབ་ཀྱི་ཡོད། 
        7.རྒྱུན་དུ་གོམ་པ་རྒྱག་རྒྱུ་རྒྱུན་འཁྱོངས་བྱས་ན་སྙིང་ཁྲག་མི་འདང་བའི་ནད་སྔོན་འགོག་དང་ཁྲག་ཤེད་སྙོམས་སྲིད་པས་མིའི་གཟུགས་པོའི་ངལ་དུབ་སེལ་ཏེ་བློ་རིག་གསལ་ལ་སེམས་སྐྱིད་པའི་སྣང་བ་ཞིག་སྦྱིན་གྱི་ཡོད།

        8.གོམ་པ་བརྒྱབ་ན་ཁྲག་ཚིལ་རིགས་དང་མཁྲིས་རྒྱུའི་གཤེར་རྩི་ཉུང་དུ་གཏོང་ཐུབ་ལ་ཁྲག་མངར་ཉུང་དུ་ཕྱིན་ནས་ཁྲག་ནང་གི་ཚིལ་རིགས་འགྱུར་ཚད་ཡང་ཉུང་དུ་གཏོང་ཐུབ།
        9.གོམ་པ་བརྒྱབ་ན་མིའི་གྲོད་ཁོག་ངོས་སུ་ཚི་ལུ་གསོག་ཚད་ཉུང་དུ་ཕྱིན་ནས་གཟུགས་བྱད་ལེགས་སུ་གཏོང་ཐུབ།
        10.གོམ་པ་བརྒྱབ་ན་ཁྲག་གར་སླ་སྙོམས་སྒྲིག་ཐུབ་པས་སྙིང་རྩ་འགག་པ་སོགས་ཀྱི་ནད་ཕོག་ཚད་ཉུང་དུ་འགྲོ་ཐུབ།
        11.གོམ་པ་བརྒྱབ་ན་ཁོར་ཡུག་ལ་སྲུང་སྐྱོང་ཐུབ་པ་དང་། ལུས་སྟོབས་འཕེལ་ཞིང་ནད་འགོག་ནུས་པ་ལེགས་སུ་ཕྱིན་ནས་ནད་མེད་ཚེ་རིང་ཡོང་ཐུབ།
རྩོམ་སྒྲིག་པ། སྣང་རྡོར།