དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

“ཀ་ར་མེད་པའི་ཟླ་མཆོད་བག་ལེབ”ཀྱིས་ཁྲག་མངར་དང་ཁྲག་ཤེད་ཇེ་མཐོར་་་

སྤེལ་དུས 2020-10-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          “ཀ་ར་མེད་པའི་ཟླ་མཆོད་བག་ལེབ”ཀྱིས་ཁྲག་མངར་དང་ཁྲག་ཤེད་ཇེ་མཐོར་གཏོང་བར་གཟབ་དགོས།
          ཟླ་མཆོད་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། ཧུའུ་ནན་ཞིང་ཆེན་ཀྲུང་ལུགས་གསོ་རིག་ཞིབ་འཇུག་ཁང་གི་ཞོར་གཏོགས་སྨན་ཁང་གི་རྒས་ནད་ཚན་ཁག་གི་ཀྲུའུ་རེན་དགེ་རྒན་ཆེན་མོ་ཡོན་ཁྲུན་ཡུན་གྱིས་དྲན་སྐུལ་བྱས་པར། ཟླ་མཆོད་བག་ལེབ་ཀྱི་བྲོ་བ་ཞིམ་མོད། འོན་ཀྱང་གཅིན་སྙི་ཟ་ཁུའི་ནད་དང་ཀླད་སྙིང་ཁྲག་རྩའི་ནད་ཕོག་པའི་ནད་པ་དང་རྒན་རྒོན་གྱིས་མང་པོ་ཟ་མི་རུང་ཞེས་བསྟན།
          ཁུའི་ནད་དང་སྙིང་ཀླད་ཁྲག་རྩའི་ནད་ཡོད་པའི་ནད་པ་དང་རྒན་པས་ཟླ་མཆོད་བག་ལེབ་མང་པོ་ཟ་མི་རུང་ལ།  ལྷག་པར་དུ་ཟླ་མཆོད་བག་ལེབ་གཙོ་ཟས་སུ་བྱས་ནས་ཟ་མི་རུང་།

          དེ་ལས་གཞན། ཁྲོམ་རའི་སྟེང་གི་“ཀ་ར་མེད་པའི་ཟླ་མཆོད་བག་ལེབ”ཟེར་བ་ནི་ནང་སྙིང་དུ་ཀ་ར་བུ་རམ་མེད་པའི་ཟླ་མཆོད་བག་ལེབ་ལ་གོ  འོན་ཀྱང་ཟླ་མཆོད་བག་ལེབ་ལ་མ་གཞི་ནས་སིང་ཕྱེ་མང་པོ་འདུས་ཡོད་པས་དེའང་རྒུན་འབྲུམ་མངར་ཆ་རུ་དབྱེ་ཆོག ནད་ཐོག་སྨན་བཅོས་བྱེད་བཞིན་པའི་ནད་པ་རྒན་པ་མི་ཉུང་བ་ཞིག་གིས་“ཀ་ར་མེད་པའི་ཟླ་མཆོད་བག་ལེབ”ཟོས་པས། ཁྲག་མངར་དང་ཁྲག་ཤེད་ཇེ་མཐོར་སོང་ནས་ནད་གཞི་ཇེ་སྡུག་ཏུ་སོང་།
          ཡོན་ཁྲུན་ཡུན་གྱིས་དགོངས་འཆར་བཏོན་པར། མི་རྒན་པས་ཟླ་མཆོད་བག་ལེབ་ཉོ་སྐབས་ཀ་ར་དང་ཚིལ་ཞག་ཉུང་བའི་རིགས་འདེམ་ཆོག་ལ། ཟླ་མཆོད་བག་ལེབ་ཟས་རྗེས། མངར་ཆའི་རིགས་དང་སྣུམ་ཚིལ་རིགས་ཀྱི་ཟས་རིགས་ཟ་ཚད་ཇེ་ཉུང་དུ་གཏོང་དགོས། བཟའ་བཅའི་ཚི་སྣ་དང་འཚོ་བཅུད་ཕུན་སུམ་ཚོགས་པའི་སྔོ་ཚལ་དང་ཤིང་ཏོག་གི་རིགས་ཟ་དགོས་པ་དང་། དེ་དང་ཆབས་ཅིག་འོས་འཚམས་སྒོས་ལུས་རྩལ་སྦྱོང་བརྡར་བྱེད་དགོས་ཞེས་བསྟན།
        ཆེད་མཁས་པས་དགོངས་འཆར་བཏོན་པར། རྒན་རྒོན་གྱིས་ཀྱང་རང་ཉིད་ཀྱི་དགའ་ཕྱོགས་ལ་གཞིགས་ནས་དཀར་ཟས་ཟླ་མཆོད་བག་ལེབ་བཟོ་བ་དང་། ཟ་མར་ཟས་ཆོག་པའི་ཀྲུང་ལུགས་སྨན་རྒྱུ་ཟླ་མཆོད་བག་ལེབ་ཀྱི་ནང་སྙིང་བྱས་ཆོག་ཅེས་བཤད།
རྩོམ་སྒིག་པ། སྣང་རྡོར།