དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

“གསུམ་མེད་”བཅོ་ལྔའི་བག་ལེབ་དང་། “ནུས་པ་ཆེ་བའི་”བཅོ་ལྔའི་བག་ལེབ་ལ་དོགས་ཟོན་བྱ་དགོས།

སྤེལ་དུས 2020-10-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          རྒྱལ་སྟོན་དུས་ཆེན་དང་། ཟླ་མཆོད་དུས་ཆེན་གཉིས་སླེབས་ལ་ཉེ་བའི་དུས་འདིར། བཅོ་ལྔའི་བག་ལེབ་འཛད་སྤྱོད་ཚོང་རའི་ཚོང་བྲིན་པོ་བྱུང་ཡོད། མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་འཛད་སྤྱོད་པར་“གསུམ་མེད་”བཅོ་ལྔའི་བག་ལེབ་མི་ཉོ་བ་དང་མི་ཟ་བའི་འབོད་སྐུལ་བཏང་ཞིང་། ཚད་བརྒལ་བའི་ཁྱབ་བསྒྲགས་དང་ཐུམ་སྒྲིལ་བྱས་པའི་“ནུས་པ་ཆེ་བའི་”བཅོ་ལྔའི་བག་ལེབ་ཀྱི་རིགས་ལ་དོགས་ཟོན་བྱེད་དགོས་པར་དྲན་སྐུལ་བྱས།

          མིག་སྔར། རང་འདེམས་ཚོང་ཁང་ཆེན་མོ་དང་གློག་རྡུལ་ཚོང་རའི་ལས་སྟེགས་སུ་བཅོ་ལྔའི་བག་ལེབ་བསྟུད་མར་ཁྲོམ་རར་བཀྲམ་ནས་ཕྱིར་འཚོང་བྱས་ཏེ། བཅོ་ལྔའི་བག་ལེབ་ཀྱི་འཛད་སྤྱོད་རིམ་བཞིན་མཐོ་རླབས་ཀྱི་དུས་སུ་སླེབས་པ་རེད། མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་རྒྱ་ཆེའི་འཛད་སྤྱོད་པར་བཅོ་ལྔའི་བག་ལེབ་འདེམས་ཉོ་བྱེད་དུས་ཐོན་རྫས་ཀྱི་སྟེང་ཐོན་སྐྱེད་བཟོ་གྲྭའི་མིང་དང་། ས་གནས། ཐོན་སྐྱེད་དུས་ཚོད། སྤུས་ཚད་འགན་ལེན་གྱི་དུས་ཡུན། འབྲེལ་ཡོད་འཁྲོལ་འཛིན་སོགས་ཀྱི་ཆ་འཕྲིན་དང་མཚོན་རྟགས་གསལ་བོར་བཀོད་ཡོད་མེད་ལ་ཞིབ་ལྟ་བྱེད་དགོས་པའི་དྲན་སྐུལ་གནང་བ་དང་། ཐོན་རྫས་ཀྱི་ཕྱི་ཐུམ་སྟེང་གི་ཐོན་སྐྱེད་དུས་ཚོད་དང་སྒམ་ནང་རོལ་གྱི་ཁེར་རྐྱང་ཐུམ་སྒྲིལ་གྱི་ཐོན་སྐྱེད་དུས་ཚོད་གཉིས་གཅིག་མཚུངས་ཡིན་མིན་ལ་ཞིབ་བཤེར་བྱས་ཏེ། “གསུམ་མེད་”ཐོན་རྫས་སམ་ཐོན་རྫས་རྫུན་མའི་རིགས་ལ་ཞིབ་བཤེར་དང་དོགས་ཟོན་བྱེད་དགོས་ཞེས་གསལ་བརྡ་བཏང་།
          འཛད་སྤྱོད་པས་བཅོ་ལྔའི་བག་ལེབ་དྲ་ཐོག་ནས་ཉོ་སྒྲུབ་བྱེད་དུས། ཐོན་རྫས་ཕྱིའི་ཐུམ་སྒྲིལ་ལ་སྐྱོན་ཡོད་མེད་ལ་ཞིབ་བཤེར་བྱེད་དགོས་པ་དང་། ཐུམ་སྒྲིལ་གྱི་སྟེང་དུམ“ཀ་ར་མེད་པ་”དང་། “ཚིལ་ཉུང་བ།” “བདེ་སྲུང་”སོགས་ཁ་བྱང་བྱས་ནས་“ནུས་པ་ཆེ་བའི་”བཅོ་ལྔའི་བག་ལེབ་འགྲེམ་འཚོང་བྱེད་པའི་རིགས་ལ།  རྨོངས་ཚོད་ཀྱིས་ཡིད་ཆེས་བྱེད་མི་ཉན་པར་ཟས་རིགས་ཀྱི་གྲུབ་ཆ་དང་། རྒྱུ་ཆའི་སྡེབ་སྦྱོར་ལ་ནན་ཏན་སྒོས་གཏན་ཁེལ་དང་ངོས་ལེན་བྱས་ཏེ། གཟབ་ནན་སྒོས་དབྱེ་འབྱེད་དང་བསམ་བློ་བཏང་ནས་མངག་ཉོ་བྱེད་དགོས།

          དྲ་ཐོག་ཏུ་བཅོ་ལྔའི་བག་ལེབ་ཉོ་དུས། དུས་འདའ་བ་དང་རྒྱུ་སྤུས་ཞན་པའི་བཅོ་ལྔའི་བག་ལེབ་ཉོ་བར་སྔོན་འགོག་བྱ་ཆེད། འཛད་སྤྱོད་པས་ཚད་ལྡན་གྱི་དྲ་རྒྱའི་ལས་སྟེགས་བདམས་ནས་ཉོ་འོས་ཤིང་། དེར་མ་ཉོས་གོང་ཚོང་བདག་ལ་བཅོ་ལྔའི་བག་ལེབ་ཀྱི་སྤུས་ཚད་འགན་ལེན་གྱི་དུས་ཡུན་དང་ཐོན་སྐྱེད་དུས་ཚོད་ཀྱི་ཁ་གསལ་བོར་འདྲི་དགོས་པ་དང་། བཅོ་ལྔའི་བག་ལེབ་བསྐུར་བར་དུས་ཚོད་ངེས་ཅན་ཞིག་དགོས་པས་སྤུས་ཚད་འགན་ལེན་གྱི་དུས་ཡུན་བརྒལ་བའི་བཅོ་ལྔའི་བག་ལེབ་ཉོ་མི་རུང་། དྲ་ཐོག་ནས་དངོས་པོ་འདེམ་དུས། རབ་ཡིན་ན་ཕྱོགས་གསུམ་པོས་འགན་ལེན་བྱས་ཏེ་དངུལ་སྤྲོད་པའམ་ཡང་ན་དངོས་པོ་འབྱོར་རྗེས་དངུལ་སྤྲོད་པའི་ཚོང་ཁང་བདམས་དགོས་པ་དང་། ལས་སླ་མོས་ཚོང་བདག་ལ་རིན་དངུལ་མི་སྤྲོད་པར་ཉོ་ཚོང་གི་ཉེན་ཁར་འགོག་སྲུང་བྱས་ཏེ་དཔང་ཡིག་མེད་པའི་དྲ་ཐོག་ཚོང་ཁང་གིས་ཕྱིར་འཚོང་བྱེད་པའི་བཅོ་ལྔའི་བག་ལེབ་ཉོ་བར་དོགས་ཟོན་བྱེད་དགོས།
          དེ་ལས་གཞན། མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་གསལ་བརྡ་བཏང་བ་ལྟར་ན། འཛད་སྤྱོད་པས་“དུས་ཆེན་ཟུང་”གི་དུས་སྐབས་སུ་བསམ་བློ་བཏང་ནས་འཛད་སྤྱོད་བྱེད་པར་དོ་སྣང་བྱེད་དགོས་ཤིང་། བཅོ་ལྔའི་བག་ལེབ་མངག་ཉོ་བྱས་རྗེས་འབྲེལ་ཡོད་ཀྱི་འཛིན་ཡིག་དང་དཔང་ཡིག་བླངས་ནས་ཉར་འཇོག་བྱས་ཏེ། འཛད་སྤྱོད་པའི་རྩོད་དོན་བྱུང་དུས་འབྲེལ་ཡོད་ཀྱི་སྡེ་ཁག་དང་འཛད་སྤྱོད་མཐུན་ཚོགས་ཀྱི་རྩ་འཛུགས་ལ་གཏུག་བཤེར་བྱས་ཏེ་རང་ལུས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས་ཞེས་དྲན་སྐུལ་བྱས། 
རྩོམ་སྒྲིག་པ། སྣང་རྡོར།