དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

སྐད་འཕྲིན་དུ་བྱ་སྤྱོད་འདི་དག་སྤེལ་ན་སྐད་འཕྲིན་སྒོ་རྒྱག་སྲིད།

སྤེལ་དུས 2020-10-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          “སྐད་འཕྲིན་གྱི་བརྙན་ལམ་ཨང་གྲངས་ནི་སྐུ་ཉིད་ཀྱིས་ཟིན་ཐོ་འགོད་པ་དང་གསར་རྩོམ་བྱེད་པའི་ལས་སྟེགས་ཤིག་ཡིན་ལ། མི་གཞན་དང་དེ་བཞིན་འཛམ་གླིང་ལ་ཤེས་རྟོགས་བྱེད་པའི་སྐར་ཁུང་ལྟ་བུ་ཞིག་ཀྱང་རེད།” སྐད་འཕྲིན་བདེ་འཇགས་ལྟེ་གནས་ཀྱིས་ཉེ་ཆར་ཡིག་ཆ་བཀྲམ་ནས་བཤད་དོན། གསར་རྩོམ་གྱི་ཚད་གཞི་དམའ་མོ་ཡིན་པས་བརྙན་ལམ་གྱི་ནང་དོན་བཟང་ངན་སྣ་ཚོགས་ཡོད། ལྷག་པར་དུ་བརྙན་ལམ་ཨང་གྲངས་འགྲེམས་སྤེལ་བྱེད་མཁན་ཁག་ཅིག་གིས་དམིགས་ཡུལ་ངན་པ་བཅངས་ཡོད།

རྩོམ་ཡིག་བཤུ་འཁྱེར་ལ་བརྟེན་ནས་བརྡ་ཁྱབ་སྤེལ་བ།  
          འགྲེམས་སྤེལ་བྱེད་མཁན་ཁག་ཅིག་གིས་རྐང་གཙུགས་ནས་འགལ་བ་དང་ལྟད་མོ་ཡོད་པའི་ནང་དོན་བཤུ་འཁྱེར་བྱས་ཏེ། མི་རྣམས་ཀྱི་མིག་དབང་འགུག་ཐབས་བྱེད། ཟློས་གར་གྱི་ནང་དོན་མཐོ་རླབས་ལ་འཕྱུར་ཉེ་བའི་སྐབས་སུ་གློ་བུར་དུ་མཚམས་བཞག་ནས་རྩོམ་ཡིག་སྤྱོད་མཁན་ལ་“ཆ་ཚང་བའི་པར་གཞི་”ཞེས་པའི་སྦྲེལ་མཐུད་མནན་ནས་བལྟ་རུ་འཇུག་ཐབས་བྱེད། 
          འོན་ཀྱང་། སྤྱོད་མཁན་གྱིས་སྤྱི་སྟེགས་སྦྲེལ་རྗེས།  བརྙན་ཆ་ཚང་ལ་ལྟ་ན་སྔོན་ལ་བཙན་ཤེད་ཀྱིས་བརྡ་ཁྱབ་ལ་བལྟ་བ་དང་། ཐ་ན་བརྡ་ཁྱབ་ཁོ་ན་ལས་“ཆ་ཚང་བའི་པར་གཞི་”ཞེས་པ་ཞིག་རྩ་བ་ནས་མེད།  

གང་སར་འཛུལ་བའི་དྲ་ཐོག་ནག་ངན་ཐོན་ལས་ཚོགས་པ།
          སྐད་འཕྲིན་ཚང་གིས་རྗེས་འདེད་བྱས་ཏེ་ཤེས་རྟོགས་བྱུང་བར་གཞིགས་ན། བཤུ་འཁྱེར་བརྩམས་ཆོས་ལ་བརྟེན་ནས་བཙན་ཤེད་ངང་བརྡ་ཁྱབ་སྤེལ་བ་དེའི་རྒྱབ་ཏུ་དྲ་ཐོག་ནག་ཚོགས་ཀྱི་སྦྲེལ་ཐག་ཆ་ཚང་བ་ཞིག་ཡོད་དེ། དྲ་ཐོག་ནག་ངན་ཐོན་ལས་ཚོགས་པས་མ་གཞིའི་བསྔགས་བརྗོད་དང་དོ་ཁུར་མཁན། བཞུར་ཚད་བཅས་ལེན་ཐབས་བྱེད་པ་དང་། ཕྱིར་འཚོང་ཡོ་བྱད་ཀྱི་མཉེན་ཆས་དང་། དེ་ནས་རང་འགུལ་གྱི་བཙན་ཤེད་བརྡ་ཁྱབ་སྤྱི་སྟེགས་ཐོག་སྦྲེལ་མཐུད་བཅས་མཁོ་འདོན་བྱས་པའི་“ཞབས་ཞུ”དང་འབྲེལ་བ་ཡོད་པའི་ནང་དོན་ཧ་ཅང་རྒྱ་ཆེ། 
          དྲ་ཐོག་ནག་ངན་ཐོན་ལས་ཚོགས་པས་ནང་དོན་གསར་དུ་མི་རྩོམ་པར་སྤེལ་མཁན་ལ་གཞན་གྱིས་སྤེལ་བའི་ནང་དོན་འདྲ་བཤུས་བྱས་ནས་ཁྱེར་ཡོང་བ་དེ་བཀོལ་ཐབས་བྱེད་པར་སྐུལ་མ་གཏོང་བ་དང་།   ཡང་ན་བཙན་ཤེད་ཀྱི་བརྡ་ཁྱབ་ལ་བརྟེན་ནས་ཁེ་བཟང་རག་ཐབས་བྱེད་པའམ། ཡང་ན་བསླུས་ནས་ནང་འཇུག་བྱས་པའི་སྒེར་གྱི་སྐད་འཕྲིན་གྱི་གྲོགས་པོ་མགོ་སྐོར་ཚོགས་པར་བཙོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་དངུལ་རག་ཐབས་བྱས་པས། སྤྱོད་མཁན་དཀྱུས་མའི་བེད་སྤྱོད་ཀྱི་མྱོང་བ་ ཇེ་ཞན་དུ་གཏོང་བ་དང་། ལས་སྟེགས་ཀྱི་ཁོར་ཡུག་དང་སྣང་བརྙན་སོགས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པ་རེད། 
          སྐད་འཕྲིན་རུ་ཁག་གིས་གསར་རྩོམ་མཁན་ལ་ཚད་ལྡན་དང་རང་གཅུན་གྱི་སྒོ་ནས།《སྐད་འཕྲིན་གྱི་བརྙན་ལམ་ཨང་རྟགས་ཀྱི་བཀོལ་སྤྱོད་ཚད་གཞི》ཞེས་པའི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་བྱས་ཏེ། བརྙན་ལམ་ཨང་གྲངས་ཐོག་སྤུས་ལེགས་ཀྱི་ནང་དོན་མཉམ་སྤྱོད་བྱེད་པ་དང་། རང་ཉིད་ངོ་མ་མངོན་པར་བྱེད་པ། སྟེགས་བུའི་བཀོལ་སྤྱོད་སྒྲིག་ལམ་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་ཞེས་དྲན་སྐུལ་དང་གྲོས་འགོ་བཏོན་པ་རེད། 
          སྐད་འཕྲིན་བདེ་འཇགས་ལྟེ་གནས་ཀྱི་གསལ་འདེབས་བྱས་དོན། ལྟ་མཁན་དང་དོ་ཁུར་མཁན་མང་པོ་འགུག་ཐབས་བྱེད་པ། སྤྱོད་མཁན་གཞན་དག་ལ་འགོག་རྐྱེན་བཟོས་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། དེ་བཞིན《སྐད་འཕྲིན་གྱི་བརྙན་ལམ་ཨང་རྟགས་ཀྱི་བཀོལ་སྤྱོད་ཚད་གཞི》དང《སྒེར་གྱི་སྐད་འཕྲིན་གྱི་བཀོལ་སྤྱོད་ཚད་གཞི》《སྐད་འཕྲིན་སྤྱི་སྟེགས་ཞབས་ཞུའི་གྲོས་མཐུན》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་དང་འགལ་ནས། འབྲེལ་ཡོད་ཆ་འཕྲིན་བརྒྱུད་སྤེལ་བྱེད་པའི་སྒྲིག་ཁྲིམས་འགལ་བའི་གནས་ཚུལ་ཤེས་རྟོགས་བྱུང་ཚེ། སྒྲིག་ཁྲིམས་དང་འགལ་བའི་གནས་ཚུལ་ལ་གཞིགས་ནས་བརྙན་ལམ་ཨང་གྲངས་དང་སྐད་འཕྲིན་ཨང་གྲངས་ལ་དེ་མཚུངས་ཀྱི་ཐག་གཅོད་བྱ་རྒྱུ་ཡིན་པ་སྟེ། 
རྩོམ་སྒྲིག་པ། སྣང་རྡོར།