དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

འདི་དག་ཤེས་ན། གཤམ་གྱི་གནས་ཚུལ་འཕྲད་དུས་འཚབ་དགོས་མི་འདུག

སྤེལ་དུས 2020-11-16 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པ། རྩོམ་པ་པོ།
    དངངས་འཚབ་ལངས་དུས་ལྷམ་ཡང་མགོ་ལ་གོན་ཞེས་པ་ལྟར། གལ་ཏེ་གློ་བུར་དུ་ཆག་སྒོའམ་ཡང་ན་དོན་རྐྱེན་འདྲ་ཐོན་ཚེ། རྒྱུན་གཏན་ནས་འཚོ་བའི་རྒྱུན་ཤེས་འདི་དག་མ་ཤེས་ན་ག་བྱེེད་འདི་བྱེད་མེེད་པའི་གནས་སུ་གྱར་ངེས་པས། གཤམ་ལ་ངེད་སྐད་འཕྲིན་གྱིས་ཁྱེད་རྣམ་པར་འཚོ་བའི་རྒྱུན་ཤེས་ཁག་གཅིག་ངོ་སྤྲོད་ཞུ་རྒྱུ་ཡིན།

    1.མིག་ལ་བྱེ་མ་འཚང་བ། གལ་ཏེ་མིག་ལ་བྱེ་མ་འཚངས་ན། ལག་པས་འཕུར་མི་ཉན། མིག་བཙུམ་འགའ་བརྒྱབ་ན་མིག་ཆུ་དོན་ནས་བྱེ་མ་རང་བཞིན་ངང་དོན་ཐུབ། དེ་བཞིན། སྲིང་བལ་ལམ་ཡང་ན་ལག་རས་གཙང་མས་མིག་དལ་གྱིས་ཕྱིས་ནའང་བྱེ་མ་དོན་ཐུབ། 

    2.ཉ་རུས་ཀྱིས་མིད་པ་འགག་པ། ཉ་རུས་ཀྱིས་མིད་པ་འགག་ཚེ། ཨུ་ཚུགས་ཀྱིས་ཁྱུར་མིད་གཏོང་མི་རུང་ལ། ལག་པས་དེ་བས་སྔོག་མི་རུང་། གལ་ཏེ་ཉ་རུས་ཀྱིས་མིད་པ་འགག་པ་གང་ཞིག རྐན་ལ་རུས་པ་ཟུག་ཡོད་པ་མཐོང་ན། དེ་མུར་འཇབ་ཙེས་འཐེན་དགོས། ཡང་གལ་ཏེ་ཉ་རུས་གཏིང་རིང་པོ་ཟུག་ཡོད་ཚེ། མྱུར་དུ་སྨན་ཁང་དུ་འགྲོ་དགོས་པ་ལས་རང་དགར་འདོན་མི་རུང་།

    3.རུས་པ་ཆག་པ། གལ་ཏེ་བརྡབས་ཆག་བྱུང་ནས་རུས་པ་ཆག་ན། རང་དགར་སྒྲིག་པ་དང་མཐུད་པ་སོགས་བྱ་རྒྱུ་མེད། དེའང་སྒྲོག་རུས་ཆག་ན། སྔོན་ལ་རྨ་རས་ཀྱིས་དཔུང་པ་སྡོམ་དགོས་པ་མ་ཟད། འགུལ་སྐྱོད་རྒྱག་མི་རུང་། རྐང་ལག་སོགས་ཆག་ཚེ། རང་ས་ནས་ཅུང་སྦོམ་པའི་ལྕང་མའི་ཡལ་གས་རྐང་ལག་བསྡམས་རྗེས་སྨན་ཁང་ལ་སྐྱེལ་དགོས། 
    4.སོལ་དུག་ཕོག་པ། སྟབས་མ་ལེགས་པར་སོལ་རླངས་ཀྱི་དུག་ཕོག་ཚེ། དུག་ཕོག་མཁན་མཁའ་རླུང་ཡག་སར་མགྱོགས་པོ་སྐྱེལ་དགོས་པ་དང་འབྲེལ། སྟོད་གོས་ཀྱི་མཐེབ་ཅི་བཀྲོལ་ནས་དབུགས་གཏོང་དུ་འཇུག་པའི་ཁར། དེ་མུར་སྨན་ཁང་དུ་སྐྱེལ་དགོས།
    5.སྙིང་ནད་ལངས་པ། གལ་ཏེ་མི་ཞིག་ལ་གློ་བུར་དུ་སྙིང་ནད་ལངས་ནས་མྱུར་སྐྱོབ་མོ་ཊ་སྐད་གཏོང་དགོས་འཁེལ་ཚེ། དེའི་རིང་ནད་པ་འདི་ཙོག་པུར་སྡོད་པའམ་ཡང་ན་གཉེས་ནས་སྡོད་དུ་འཇུག་དགོས། སྟོད་གོས་དམ་པོ་ཡོད་ན་ལྷུག་ཏུ་གཏོང་དགོས། དེ་བཞིན། ནད་པར་འགུལ་སྐྱོད་གཏོང་མི་རུང་། 
    6.ཁྲག་དོན་མཚམས་མི་ཆད་པ། གལ་ཏེ་འགྲིམ་འགྲུལ་དང་དེ་མིན་གྱི་ལས་འཛོལ་ཐོན་ནས་ཁྲག་མང་པོ་དོན་ཚེ། ལག་པའམ་ཡང་ན་ཤོག་བུ་དང་། འོག་འཇུག རྨ་རས་བཅས་ཀྱིས་ཁྲག་དོན་སར་ཤུགས་ཀྱིས་མནན་ནས། ཁྲག་རྩ་བཀག་སྟེ་ཁྲག་མུ་མཐུད་མི་དོན་པ་བྱེད་དགོས། གལ་ཏེ་རྨ་ཁར་ཤེལ་ཧྲུག་སོགས་ཟུག་ཡོད་ཚེ། ལག་པས་རྨ་ཁའི་ཟུར་ནས་མནན་དགོས། 
རྩོམ་སྒྲིག་པ། སྣང་རྡོར།