དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

ཁྱོད་ཀྱིས་སྨན་གཏོང་ཐབས་ཡང་དག་པ་ཞིག་ཤེས་སམ།

སྤེལ་དུས 2020-12-10 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
       ཞོགས་པ་སྨན་གཏོང་བ་དང་། ཁོག་སྟོང་ལ་སྨན་གཏོང་བ་སོགས་ཡང་དག་པའི་སྨན་གཏོང་སྟངས་ཤེས་འདོད་དམ།

       དུས་ཚོད་འོས་འཚམ་ཞིག་བདམས་ནས་སྨན་བཏང་བ་ཡིན་ན་སྨན་གྱི་ཕན་ནུས་མི་ཤོར་ཞིང་ཞོར་སྐྱོན་ཆུང་དུ་གཏོང་ཐུབ་པ་ཡིན། འོན་ཀྱང་ཁྱེད་ཀྱིས་གསལ་བཤད་ཡི་གེའི་ཐོག་གི་ཞོགས་པ་སྨན་གཏོང་བ་དང་། ཁོག་སྟོང་ལ་སྨན་གཏོང་བ་སོགས་ལ་གོ་བ་ཡག་པོ་ལེན་ཐུབ་ཀྱི་ཡོད་དམ། 
       རྒྱུན་མཐོང་གི་སྨན་བསྟེན་པའི་དུས་ཚོད་གཤམ་གསལ།
       ཞོགས་པ་སྨན་གཏོང་བ། ཞོགས་པ་མལ་ལས་ལངས་རྗེས་དང་ཞོགས་ཟས་མ་ཟས་བའི་གོང་གི་ཆུ་ཚོད་གཅིག་ཚུན་ཏེ། དཔེར་ན། འདུས་འདྲིལ་འགོག་པའི་སྨན་རྫས་ལི་ཧྥུ་ཕིང་(利福平)དང་དབྱི་ཡན་ཅིང་(异烟肼)གཉིས་ཞོགས་པ་བཏང་བ་ཡིན་ན་སྲིན་འབུ་གསོད་པའི་ནུས་པ་ཆེན་པོ་ལྡན།
       ཁོག་སྟོང་ལ་སྨན་གཏོང་བ། མི་མང་པོ་ཞིག་གིས་སྨན་འཐུང་སྐབས་ཁོག་སྟོང་ཡིན་ཚེ་བཏུང་ཚར་རྗེས་མྱུར་དུ་ཟ་མ་ཟས་ཆོག་པར་འདོད་ཀྱི་ཡོད་མོད། དོན་དངོས་སུ་དེ་ནི་ནོར་འཁྲུལ་ཡིན།
       ཁོག་སྟོང་ལ་སྨན་གཏོང་བ་ཞེས་པ་ནི་སྨན་མ་བཏང་གོང་གི་ཆུ་ཚོད་2ཡས་མས་དང་སྨན་བཏུང་རྗེས་ཀྱི་ཆུ་ཚོད་1ནས་2བར་ཟ་མ་ཟ་མི་རུང་བའི་དོན་ཡིན། དཔེར་ན། རྒྱུ་ཞུའི་སྨན་རྫས་ལ་མཚོན་ན་རྒྱུ་མའི་ནང་འཇུ་སླ་བ་མ་གཏོགས་ཕོ་བའི་གཤེར་ཁུའི་ནང་འཇུ་སླ་པོ་མེད་པས། སྤྱིར་བཏང་དུ་ཁོག་སྟོང་ལ་གཏོང་དགོས་པའི་བླང་བྱ་འདོན་གྱི་ཡོད།

       ཟ་མ་མ་ཟས་པའི་གོང་ལ་སྨན་གཏོང་བ། ཟ་མ་མ་ཟས་གོང་གི་སྐར་མ་30ནས་60བར་གཏོང་དགོས། ཁོག་སྟོང་ལ་སྨན་བཏང་ན་འཇུ་སླ། སྤྱིར་བཏང་དུ་ཕོ་བར་གནོད་འཚེ་མེད་པའམ་གནོད་འཚེ་ཆུང་བའི་རིགས་དང་། ཕོ་བའི་ནང་ནུས་པ་ཐོན་པའི་སྨན་རྫས་དག་ཟ་མ་མ་ཟས་སྔོན་ལ་འཐུང་དགོས། དཔེར་ན་ཕོ་བའི་འབྱར་སྐྱི་སྲུང་སྨན་དང་ཕོ་རྒྱུ་སྐུལ་སྨན། སྐྱུར་འགོག་སྨན། མགོ་ཐུམ་རིགས་དང་བཤལ་སྨན་ལྟ་བུ།
       ཟ་མ་བཟས་རྗེས་སྨན་གཏོང་བ། ཟ་མ་བཟས་ནས་ཆུ་ཚོད་ཕྱེད་དམ་གཅིག་ཙམ་འགོར་རྗེས་གཏོང་དགོས།
       ཉལ་ཁར་སྨན་གཏོང་བ། ཉལ་ཁའི་སྐར་མ་15ནས་30བར་གཏོང་དགོས།
       དགོས་མཁོ་ཡོད་དུས་གཏོང་བ། ན་ཟུག་ལངས་པ་དང་གློ་བུར་དུ་བྱུང་བའི་གནས་ཚུལ་འོག་གཏོང་དགོས།

       ཉིན་རེར་ཐེངས་རེ་གཏོང་བ། ཉིན་རེའི་ཞོགས་པའམ་དགོང་མོ་ཐེངས་རེ་གཏོང་བ་མ་ཟད། ཉིན་སོ་སོའི་སྨན་གཏོང་བའི་དུས་ཚོད་གཅིག་པ་ཡོང་ཐབས་བྱེད་དགོས།
       ཉིན་གཅིག་ལ་ཐེངས་གཉིས་གཏོང་བ། སྤྱིར་བཏང་དུ་ཞོགས་ཟས་དང་དགོང་ཟས་སྐབས་གཏོང་དགོས་ཤིང་ཐེངས་གཉིས་བར་ཆུ་ཚོད་12འགོར་དགོས།
       ཉིན་གཅིག་ལ་ཐེངས་གསུམ་གཏོང་བ། ཉིན་རེའི་ཆུ་ཚོད་24དུས་ཚོད་གསུམ་ལ་བགོས་ནས་སྨན་གཏོང་དགོས་པ་སྟེ། གཏོང་ཐེངས་རེའི་བར་མ་མཐར་ཡང་ཆུ་ཚོད་8རེ་ཡོད་དགོས།
       ཉིན་རེར་ཐེངས་མང་པོ་གཏོང་བ། ཉིན་རེའི་དུས་ཚོད་24ཆ་སྙོམས་ཡོང་ཐབས་བྱེད་དགོས་པ་མ་ཟད། དུས་ལྟར་ངལ་གསོ་རྒྱག་དགོས།
       འཚོ་བའི་ཁྲོད་ཀྲུང་ལུགས་དང་ཕྱི་ལུགས་སྨན་རྫས་མཉམ་དུ་སྤྱོད་པའི་གནས་ཚུལ་ཡང་རྒྱུན་དུ་མཐོང་རྒྱུ་ཡོད་མོད། ཀྲུང་ལུགས་དང་ཕྱི་ལུགས་ཀྱི་སྨན་མཉམ་གཏོང་བྱས་ན་སྨན་རྫས་ཕན་ཚུན་ཤུགས་རྐྱེན་འབྱུང་སླ་བས། སྤྱིར་བཏང་དུ་ཆུ་ཚོད་ཕྱེད་ལྷག་འགོར་རྗེས་གཏོང་དགོས་པ་ཡིན།
རྩོམ་སྒྲིག་པ། སྣང་རྡོར།