དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

མཐོ་རྒྱུགས་དུས་ཚོད་གཏན་འཁེལ་བྱས་འདུག

སྤེལ་དུས 2021-02-22 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
         ཚེས་༡༩ཉིན་སློབ་གསོ་པུས《༢༠༢༡ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་པ་དང་། ད་ལོའི་རྒྱལ་ཡོངས་གཅིག་གྱུར་ཡིག་རྒྱུགས་ཞིབ་ཕྲའི་སློབ་ཚན་རྒྱུགས་ལེན་པའི་དུས་ཚོད་བཀོད་སྒྲིག་ཁྱབ་བསྒྲགས་བྱས་པ་གཤམ་གསལ་ལྟར། 

         སློབ་ཚན་ཡིག་རྒྱུགས་ཞིབ་ཕྲའི་དུས་ཚོད་ནི་ཟླ་༦ཚེས་༧ཉིན་གྱི་ཆུ་ཚོད་༩:༠༠ནས་༡༡:༣༠བར་རྒྱ་ཡིག་དང་། ༡༥:༠༠ནས་༡༧:༠༠བར་རྩིས་རིག  ཟླ་༦ཚེས་༨ཉིན་གྱི་ཆུ་ཚོད་༩:༠༠ནས་༡༡:༣༠བར་རིག་ཚན་ཕྱོགས་བསྡུས་དང་རྩིས་ཚན་ཕྱོགས་བསྡུས། ༡༥:༠༠ནས་༡༧:༠༠བར་ཕྱི་སྐད་དང་། ཕྱི་སྐད་ཉན་ཤུགས་ཀྱི་རྒྱུགས་ཡོད་པའི་རིགས་ཕྱི་སྐད་ཡིག་རྒྱུགས་མ་བླངས་གོང་བཀོད་སྒྲིག་བྱ་རྒྱུ་ཡིན་པ་དང་། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་ཡིག་རྒྱུགས་རིག་ཚན་གྱི་མིང་རྒྱལ་ཡོངས་དང་གཅིག་པའི་རིགས་ངེས་པར་དུ་རྒྱལ་ཡོངས་གཅིག་གྱུར་ཡིག་རྒྱུགས་དུས་ཚོད་དང་གཅིག་གྱུར་སྒོས་བཀོད་སྒྲིག་བྱ་དགོས། རྒྱུགས་ལེན་པའི་སློབ་ཚན་གྱི་ཞིབ་ཕྲའི་དུས་ཚོད་བཀོད་སྒྲིག་དེ་སློབ་གསོ་པུའི་ཡིག་རྒྱུགས་ལྟེ་གནས་ལ་ཐོ་འགོད་སྙན་སེང་ཞུས་རྗེས་ཡོངས་བསྒྲགས་བྱ་དགོས། ཞིང་ཆེན་རིམ་པའི་གཅིག་གྱུར་ཡིག་རྒྱུགས་དང་མཐོ་སློབ་ཀྱི་སློབ་བསྡུའི་ཡིག་རྒྱུགས་དུས་ཚོད་དེ་ཞིང་ཆེན་རིམ་པའི་སློབ་བསྡུ་ཨུ་ལྷན་དང་མཐོ་སློབ་ཁག་གིས་སློབ་གསོ་པུའི་འབྲེལ་ཡོད་བླང་བྱ་གཞིར་བཟུང་སྟེ་གཏན་འཁེལ་དང་ཁྱབ་བསྒྲགས་བྱ་དགོས།
རྩོམ་སྒྲིག་པ། སྣང་རྡོར།