དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

ཆང་རག་མཆོད་རྗེས་འདི་འདྲ་གཏན་ནས་མ་གནང་ཞིག

སྤེལ་དུས 2021-02-22 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
         བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་འཆར་བས་ནང་མི་ལྷན་འཛོམས་དང་གྲོགས་པོ་མཉམ་འཛོམས་སོགས་བྱེད་སྐབས་མི་མང་པོ་ཞིག་གིས་ཆང་རག་ཕྲན་ཙམ་འཐུང་གི་ཡོད།

         ར་བཟི་རྗེས་དངོས་གནས་གཟུགས་པོ་བདེ་པོ་མེད། མི་མང་པོ་ཞིག་གིས་ཆང་རག་མང་ཙམ་འཐུང་ཐུབ་པའམ་ཡང་ན་ཉིན་གཉིས་པར་གཟུགས་པོ་བདེ་པོ་ཡོང་ཆེད་ཐབས་ཤེས་ཤིག་གདམ་ག་བྱེད་པ་སྟེ་མིད་པར་མཛུབ་མོ་བརྒྱུས་ཏེ་སྐྱུག་ཐབས་བྱེད་ཀྱི་ཡོད། འོན་ཀྱང་འཇུ་བྱེད་ཚན་ཁག་གི་སྨན་པས། ཆང་རག་བཏུངས་རྗེས་སྐྱུག་ཐབས་བྱེད་པ་ནི་ཉེན་ཁ་ཧ་ཅང་ཆེན་པོ་ཡིན་པའི་དྲན་སྐུལ་བྱེད།
         ལོ་ལྟར་མི་མང་པོ་ཞིག་ཆང་རག་བཏུངས་རྗེས་སྐྱུག་ཐབས་བྱས་པའི་རྐྱེན་གྱིས་སྨན་ཁང་དུ་མྱུར་སྐྱོབ་བྱེད་པར་སྐྱེལ་གྱི་ཡོད། དོན་དངོས་ལྟར་ན་གསོ་རིག་ཏུ“སྐྱུག་ཐབས་བྱེད་སྟངས”དངོས་འབྲེལ་ཡོད། འོན་ཀྱང་དེ་ར་དྭངས་ཆེད་མིན་པར་སྨན་རྫས་སམ་ཡང་ན་དུག་རྫས་ཟ་ནོར་ཤོར་མཁན་སྐྱོབ་ཆེད་ཡིན་པ་མ་ཟད། སྐྱུག་ཐབས་བྱེད་པའི་སྔོན་ལ་མི་དེ་སྐབས་དེར་རིག་པ་དྭངས་གསལ་ཞིག་ཡིན་དགོས། 

         སྐྱུག་ཐབས་བྱེད་སྟངས་ཀྱི་རྩ་བའི་རིག་པ་ནི་མཛུབ་མོ་ཁ་ལ་བརྒྱུས་ནས་མིད་པར་ཐུག་ཐུག་བྱས་ན་སྐྱུག་མེར་ལངས་ནས་སྐྱུག་མདངས་བྱེད་ཀྱི་ཡོད། སྐྱུག་ཐབས་བྱས་ཚེ་ཆང་རག་ཏོག་ཙམ་བསྐྱུགས་ནས་ར་དྭངས་བའི་ནུས་པ་ངེས་ཅན་ཐོན་ནའང་དོན་དུ་དེ་ནི་ཉེན་ཁ་ཡོད་པའི་བྱེད་སྟངས་ཤིག་རེད། དཔེར་ན་མིད་པར་ལག་པ་བརྒྱུས་ཏེ་སྐྱུག་ཐབས་བྱེད་སྐབས་གལ་ཏེ་སེན་མོ་རིང་པོ་ཡོད་པའམ་ཡང་ན་ཤུགས་ཆེན་པོ་བརྒྱབ་ནས་སྐྱུག་ཐབས་བྱས་ཚེ་མིད་པར་རྨ་བཟོ་སྲིད། 
         དྲ་ཐོག་ཏུ་ར་དྭངས་བའི་ཐབས་ཤེས་མང་པོ་ཞིག་ཁྱབ་ཡོད་པ་སྟེ། དཔེར་ན་ཇ་གར་པོ་འཐུང་བ་དང་ཀོག་ཧྥེ་འཐུང་བ་ལྟ་བུ་རེད། ཇ་གར་པོ་དང་ཀོག་ཧྥེ་གཉིས་ཀར་ཁོ་ཧྥེན་ཞེས་བྱ་བའི་ངར་རྫས་ཤིག་ཡོད་པས་རེ་ཞིག་བྱིངས་སངས་ཤིང་རིག་པ་དྭངས་བར་བྱེད་མོད། འོན་ཀྱང་བློ་ཕམ་པ་ཞིག་ལ་ངར་རྫས་དེ་ཁོས་ཨ་རག་གི་ཉིང་ཁུ་ཕྱིར་འབུད་དང་གཞན་སྒྱུར་ལ་སྐུལ་འདེད་གཏོང་ཐུབ་ཀྱི་མེད། 

         ཆུ་མང་ཙམ་བཏུངས་ཚེ་ར་དྭངས་བར་ཕན་འབྲས་ངེས་ཅན་ལྡན་ཡོད། གང་ལགས་ཤེ་ན། ཆུ་མང་ཙམ་བཏུངས་ཚེ་གཅིན་པ་མང་པོ་གཏོང་ཐུབ་པས་ཨ་རག་གི་ཉིང་ཁུ་ཕྱིར་འབུད་མགྱོགས་པོ་བྱེད་ཐུབ། དོན་དུ་དུས་ཆེན་དགའ་གཏོང་བྱེད་སྐབས་ཚང་མ་དགའ་དགའ་སྤྲོ་སྤྲོ་ཡོང་བ་བྱེད་པར“ཆང་རག་འཐུང་བ”ཕུད་ད་དུང་ཐབས་ཤེས་མང་པོར་བརྟེན་ནས་རྣམ་པ་འཁྲུག་ཏུ་གཏོང་རྒྱུའང་ཡོད། 
རྩོམ་སྒྲིག་པ། སྣང་རྡོར།