དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

རང་རྒྱལ་དུ་ནད་འདི་རིགས་ཕོག་པའི་མི་བྱེ་བ་2ལས་བརྒལ།

སྤེལ་དུས 2021-03-01 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

         སྤྱི་ལོ་2008ལོའི་ཟླ་2ཚེས་29ཉིན། ཡོ་རོབ་མཐོང་དཀོན་ནད་རིགས་རྩ་འཛུགས་(EURODIS)ཀྱིས་རྒྱལ་སྤྱིའི་མཐོང་དཀོན་ནད་རིགས་ཉིན་མོ་དང་པོ་སྤེལ་ཞིང་། ལོ་བཞིའི་ནང་ཐེངས་གཅིག་བྱུང་བའི་ཉིན་མོ་འདི་བདམས་ཏེ་མཐོང་དཀོན་པའི་གོ་དོན་མཚོན་པར་བྱས་ཡོད། དེ་རྗེས་ལོ་རེའི་ཟླ་གཉིས་པའི་ཆེས་མཐའ་མཇུག་གི་ཉིན་མོ་དེ་རྒྱལ་སྤྱིའི་མཐོང་དཀོན་ནད་རིགས་ཉིན་མོ་རུ་གཏན་འཁེལ་བྱས་པ་དང་། དེའི་དམིགས་ཡུལ་ནི་སྤྱི་ཚོགས་ཀྱི་སྤྱི་དམངས་དང་སྲིད་གཞུང་གིས་མཐོང་དཀོན་པའི་ནད་དང་མཐོང་དཀོན་ནད་ཕོག་པའི་མི་ཚོགས་ལ་འཕྲད་པའི་གནད་དོན་ལ་ངོས་འཛིན་བྱེད་ཚད་མཐོ་རུ་གཏོང་རྒྱུ་དེའོ། །
         རང་རྒྱལ་དུ་ད་ལྟ་མཐོང་དཀོན་ནད་ཕོག་པའི་མི་གྲངས་བྱེ་བ་2ལས་བརྒལ་བ་མ་ཟད་ལོ་རེར་གསར་དུ་སྐྱེས་པའི་ཕྲུ་གུའི་ཁྲོད་མཐོང་དཀོན་ནད་ཕོག་པའི་ཕྲུ་གུ་ཁྲི་20ཟིན་ཡོད། ཤ་བཀྲའི་ནད་དང་ཁྲག་ཐོན་སླ་བའི་ནད། ཐེན་ཧྲི་ཕྱོགས་བསྡུས་ནད། ཤ་རིམ་འཁུམ་ནད་སོགས་ཚང་མ་མཐོང་དཀོན་ནད་རིགས་སུ་གཏོགས།

         དེ་སྔའི་བསྡོམས་རྩིས་ལྟར་ན། མཐོང་དཀོན་ནད་121གི་སྨན་བཅོས་སྨན་རྫས་ཁྲོད་དུ། རང་རྒྱལ་དུ་ཁྲོམ་རར་བཏོན་ཟིན་པའི་ནད་འཁེལ་སྨན་རིགས་50ལྷག་གི་ཁྲོད་སྨན་སྣ་40ལྷག་རྒྱལ་ཁབ་སྨན་བཅོས་འགན་བཅོལ་སྨན་ཐོའི་ནང་བཅུག་ཡོད། སྤྱི་ལོ་2021ལོའི་ཟླ་3ཚེས་1ཉིན་ནས་བཟུང་། རྒྱལ་ཁབ་ཀྱིས་ཁྱོན་ཡོངས་ནས་《2020ལོའི་གསོ་རིག་སྨན་རྫས་དཀར་ཆག》ལག་བསྟར་བྱ་རྒྱུ་ཡིན་པ་དང་། དེ་རུ་སླར་ཡང་མཐོང་དཀོན་ནད་རིགས་སྨན་བཅོས་སྨན་རྫས་རིགས་7རྒྱལ་ཁབ་སྨན་བཅོས་འགན་བཅོལ་སྨན་ཐོའི་ནང་བཅུག་ཡོད། ང་ཚོས་མི་རྣམས་ཀྱིས་སྔར་ལས་ལྷག་པར་མཐོང་དཀོན་ནད་ལ་ཡིད་ཤེས་བྱེད་ཚད་མཐོར་འདེགས་དང་། མཐོང་དཀོན་ནད་ཕོག་པའི་ནད་པར་ཐུགས་ཁུར་བྱས་ནས། སྔ་ཙམ་ནས་ཤེས་རྟོགས་དང་སྔ་ཙམ་ནས་ཐེ་གཏོགས། སྔ་ཙམ་ནས་སྨན་བཅོས་བྱེད་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
རྩོམ་སྒྲིག་པ། སྣང་རྡོར།