དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

ལས་འཁྱུར་ངལ་གསོའི་ལོ་ཚད་མཐོ་རུ་གཏོང་སྲིད་དམ།

སྤེལ་དུས 2021-03-01 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

       སྤྱི་ཟླ2པའི་ཚེས26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གནས་ཚུལ་ཐད་ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་པ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་པུའུ་ཀྲང་གཞོན་པ་ཡའུ་ཅུན་གྱིས། མིག་སྔར་རང་རྒྱལ་གྱི་ལས་འཁྱུར་ངལ་གསོ་བྱེད་པའི་ལོ་ཚད་སྤྱིར་དམའ་པོ་ཡིན་པ་དེ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་དང་འཚམ་པོ་མེད་པ་དང་། མི་འབོར་གྱི་གྲུབ་གཞི་ལེགས་སྒྲིག་དང་ལོ་བགྲེས་ཅན་དུ་འགྱུར་བའི་འཕེལ་ཕྱོགས་དང་མི་མཐུན་པ། ངལ་རྩོལ་ནུས་ཤུགས་མཁོ་འདོན་འབྲེལ་བའི་འགྱུར་ལྡོག་དང་མི་མཐུན་པ་བཅས་ཀྱི་རྐྱེན་པས། མི་ཤུགས་ཐོན་ཁུངས་འཕྲོ་བརླག་ཏུ་འགྲོ་གི་ཡོད་ཅེས་བསྟན་ཡོད།

       ཡའུ་ཅུན་གྱིས། རྒྱལ་སྤྱིའི་གནས་ཚུལ་ནས་བལྟས་ཚེ། ལས་འཁྱུར་ངལ་གསོ་ཞུ་བའི་དུས་ཚོད་ནར་འགྱངས་བྱེད་པ་ནི་འཛམ་གླིང་རྒྱལ་ཁབ་ཁག་གིས་མི་འབོར་ལོ་བགྲེས་ཅན་དུ་འགྱུར་བར་ཁ་གཏད་གཅོག་པའི་ཡོངས་ཁྱབ་ཀྱི་བྱ་ཐབས་ཤིག་རེད། ཉེ་བའི་ལོ་བཅུ་ཕྲག་འགའི་རིང་། རྒྱལ་ཁབ་མང་པོ་ཞིག་གིས་ཚད་གཞི་མི་འདྲ་བའི་ཐོག་ནས་ལས་འཁྱུར་ངལ་གསོ་བྱེད་པའི་ལོ་ཚད་མཐོ་རུ་བཏང་ཡོད། མིག་སྔར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་འབྲེལ་ཡོད་ཚན་པ་དང་མཉམ་དུ་ཞིབ་ཕྲའི་བསྒྱུར་བཅོས་ཇུས་གཞིར་ཞིབ་འཇུག་བྱེད་ཀྱི་ཡོད་ཅིང་། རྒྱལ་སྤྱིའི་ཐོག་གི་བེད་སྤྱོད་རུང་བའི་བྱ་ཐབས་དང་ཉམས་མྱོང་དཔྱད་གཞིར་འཛིན་རྒྱུ་དང་། ལྷག་པར་དུ་རང་རྒྱལ་གྱི་རྒྱལ་ཚུལ་ལ་བསམ་གཞིག་བྱེད་སྲིད་ཅེས་བསྟན་འདུག 
       ཡའུ་ཅུན་གྱིས། ལས་འཁྱུར་ངལ་གསོ་བྱེད་པའི་དུས་ཚོད་ནར་འགྱངས་བྱེད་པ་ནི་རྒྱ་ཆེའི་ལས་བཟོ་པའི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པས། ཇུས་གཞི་ཞིབ་བཟོ་བྱེད་པའི་བརྒྱུད་རིམ་ཁྲོད། ཕྱོགས་ཁག་གི་བསམ་འཆར་ལ་རྒྱ་ཁྱབ་ངང་ཉན་པ་དང་། སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གང་ལེགས་བྱས་ཏེ་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱ་རྒྱུ་རེད་ཅེས་བསྟན་ཡོད།

རྩོམ་སྒྲིག་པ། སྣང་རྡོར།