དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

རྒྱཊ་པ་ཆཊ་དོན་གང་དང་འབྲེལ་བ་ཡོད་མིན་ལ་རིཊ་གཅིག་མཁས་པས་གསུངས་དོན།

སྤེལ་དུས 2021-03-25 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
         མི་ལ་ལས་ལུས་སྦྱོང་བྱེད་སྐབས་རྔུལ་ཆུ་ཇི་ཙམ་མང་བ་ཐོན་ན་དེ་ཙམ་གྱིས་སྐམ་དུ་འགྲོ་ཐུབ་ཟེར་བ་དེ་དོན་ལ་གནས་སམ།
         རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ལུས་རྩལ་གསོ་རིག་ཞིབ་འཇུག་ཁང་རུས་ཚིགས་ཁམས་བདེའི་ཚན་ཁག་གི་ཀྲུའུ་རེན་ལོའུ་ཀྲི་ཁུན་གྱིས། དོན་དུ་རྔུལ་ཆུ་ཐོན་མང་ཉུང་དང་འབྲེལ་བ་དེ་ཙམ་ཆེན་པོ་མེད། དེའི་རྒྱུ་མཚན་ནི་ལུས་སྦྱོང་བྱེད་སྐབས་ཐོན་པའི་རྔུལ་ཆུ་ནི་ལུས་པོའི་ཆུ་ཟད་འགྲོ་བ་ཙམ་རེད། རྔུལ་ཆུ་མང་པོ་ཐོན་ན་ལུས་པོར་གནོད་པ་ཡོད། ཚབས་ལྗིད་ན་ལུས་པོར་ཤུགས་མེད་པ་ཆགས་ནས་ཁྲག་རྩ་འཁོར་རྒྱུག་ཡག་པོ་མ་བྱུང་བར་ཁྲག་གར་པོ་ཆགས་ཀྱི་ཡོད་ཅེས་གསུངས།
  
         གཟུགས་པོ་སྐམ་དུ་གཏོང་བསམ་ན་ངེས་པར་དུ་ཕྱི་རོལ་དུ་ལུས་སྦྱོང་ཡུན་རིང་ཙམ་བྱེད་དགོས། དེའི་རྒྱུ་མཚན་ནི་དུས་ཐུང་ལུས་སྦྱོང་གིས་གཟུགས་པོར་ཕན་པ་ལས་གནོད་པ་ཆེ་བ་ཡོད། 
         ལུས་སྦྱོང་ཆུ་ཚོད་ཕྱེད་ཀ་ཡན་བྱས་རྗེས། ད་གཟོད་གཟུགས་པོའི་ནང་གི་མངར་ཆ་དང་ཁྲག་ཚིལ་བཞུར་གྱི་ཡོད།
         ཆུ་ཚོད་ཕྱེད་ཀའི་ནང་ཚུན་དུ་ཐོན་པའི་རྔུལ་ཆུ་ནི་དོན་དངོས་ཐོག་ཚང་མ་ཆུ་རང་རེད། དེའི་རྗེས་ལ་གཞི་ནས་ཁྲག་ཚིལ་བཞུར་འགོ་ཚུགས་ཀྱི་ཡོད།
         རིགས་གཅིག་མཁས་ཅན་གྱིས་བསྟན་དོན། ཞིབ་འཇུག་ལས་མངོན་པར་གཞིགས་ན། རྒྱགས་པ་ཆགས་པ་དེར་རྒྱུད་པའི་ཤུགས་རྐྱེན་ཐེབས་ཚད་ནི་40%ནས་70%ཡིན་པ་དང་། དེ་འཕྲོས་རྣམས་རྒྱུན་གཏན་གྱི་ལུས་སྦྱོང་བྱེད་ཚད་ལ་རགས་ལས་ཡོད། བདེ་ཐང་གི་བཟའ་བཏུང་དང་། ལུས་སྦྱོང་འོས་འཚམ་བྱས་ཚེ་ཕྱིའི་རྣམ་པ་དང་བདེ་ཐང་གཉིས་ཀ་དབང་ཐུབ་ཀྱི་ཡོད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།