དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

ཁབ་རྒྱག་མི་དགོས་པའི་ཏོག་གསར་འགོག་སྨན་ཐོན་རྒྱུ་རེད།

སྤེལ་དུས 2021-03-25 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
         ཁབ་རྒྱག་མི་དགོས་བའི་འབྱིན་རྔུབ་བེད་སྤྱོད་ཀྱི་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ལ་ནད་ཐོག་ཚོད་ལྟ་བྱེད་པའི་ཆོག་མཆན་ཐོབ་ཡོད།
         གསར་འགོད་པས་སྤྱི་ཟླ་3ཚེས་23ཉིན་ཤེས་རྟོགས་བྱས་པར་གཞིགས་ན། ཁང་ཤི་ནུའོ་(康希诺)སྐྱེ་དངོས་ཀུང་སིས་ཤང་ཀང་ཉོ་ཚོང་བསྡོམས་རྩིས་ཁང་དུ་སྤྱི་བསྒྲགས་སྤེལ་ནས་བསྐྱར་འཛུགས་ལས་སྣོན་བྱས་པའི་འབྱིན་རྔུབ་བེད་སྤྱོད་ཀྱི་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་གསར་པར་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ནད་ཐོག་སྨན་བཅོས་ཚོད་ལྟ་བྱེད་པའི་མཆན་བཀོད་ཡིག་ཆ་ཐོབ་ཡོད་པ་རེད།
         སྤྱི་བསྒྲགས་ནང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་དོན་ཚན་རིག་ཁང་དམག་དོན་གསོ་རིག་ཞིབ་འཇུག་ཁང་གི་སྐྱེ་དངོས་བཟོ་སྐྲུན་ཞིབ་འཇུག་ཁང་དང་མཉམ་དུ་གསར་གཏོད་བྱས་ཤིང་བསྐྱར་འཛུགས་ལས་སྣོན་བྱས་པའི་འབྱིན་རྔུབ་བེད་སྤྱོད་ཀྱི་ཏོག་གསར་གློ་ཚད་རིམས་ནད་འགོག་སྨན་(ཨང་གྲངས་5ཅན་གྱི་རྨེན་བུའི་ནད་དུག་གི་གཞི་རྟེན)ལ་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་སྨན་རྫས་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་མཆན་བཀོད་ཡིག་ཆ་ཐོབ་ཡོད་ཅེས་འཁོད་ཡོད།
རྩོམ་སྒྲིག་པ། སྣང་རྡོར།