1.གྲོགས་ཚོམས་བརྙན་ལམ་གྱི་ཁ་ཤོག
སྔོན་ཆད་གྲོགས་ཚོམས་ཀྱི་ཁ་ཤོག་ཏུ་པར་རིས་ཁོ་ན་ལས་འཇོག་མི་ཐུབ་མོད། འོན་ཀྱང་ད་ཐེངས་གསར་བརྗེས་བྱས་རྗེས་གྲོགས་ཚོམས་ཁ་ཤོག་ཏུ་བརྙན་ལམ་སྤེལ་ཆོག་གི་ཡོད། བྱེད་ནུས་འདི་ད་རུང་ཚད་ལེན་གྱི་དུས་རིམ་དུ་ཡོད་གཤིས་སྤྱོད་ཐུབ་མཁན་གྱི་ཁྱབ་ཁོངས་ལ་ཚད་བཀག་ཡོད་པས་སྐད་འཕྲིན་སྤྱོད་མཁན་ཀུན་གྱིས་བྱེད་ནུས་འདི་སྤྱོད་ཐུབ་པའི་ངེས་པ་མེད།
གལ་ཏེ་ཁྱོད་ཀྱི་སྐད་འཕྲིན་ལའང་བྱེད་ནུས་འདི་ཡོད་ན། གྲོགས་ཚོམས་ཀྱི་ཁ་ཤོག་མནན་ཚེ་གཡས་གཤམ་དུ་“ཁ་ཤོག་བརྗེ་བ་”ཞེས་པའི་མཐེབ་གནོན་ཞིག་ཡོད་ཅིང་། དེ་མནན་ན་རང་གི་བརྙན་ལམ་ཨང་གྲངས་དང་ལག་ཁྱེར་ཁ་པར་སོགས་ཀྱི་བརྙན་ཐུང་གྲོགས་ཚོམས་ཀྱི་ཁ་ཤོག་ཏུ་སྤེལ་ཆོག བརྙན་ལམ་ཆེས་རིང་ཡང་སྐར་ཆ་30ལས་རིང་མི་རུང་།
གོང་བརྗོད་ལྟར་སྤེལ་ཚེ་གྲོགས་ཚོམས་རྒྱབ་ལྗོངས་རང་འགུལ་བརྙན་ལམ་དུ་འགྱུར་བ་དང་། བརྙན་ལམ་གྱི་སྐད་སྒྲའང་རང་སོར་འཇོག་ཐུབ་པ་ཡིན།
2.ཐོ་ཁོངས་མང་བའི་དོ་དམ།
ད་ཆ་སྐད་འཕྲིན་Appགཅིག་ཐོག་ཐོ་ཁོངས་ཨང་གྲངས་གཉིས་རེ་བརྗེ་རེས་བྱེད་ཐུབ་ཀྱི་ཡོད་ནའང་སྐད་འཕྲིན་ཨང་གྲངས་མང་པོ་སྤྱོད་མཁན་ཚོར་མཚོན་ན་སྔར་བཞིན་ཧ་ཅང་སྟབས་བདེ་ཞིག་བྱུང་ཐུབ་མེད།
འོན་ཀྱང་ཨན་ཀྲོའོ་安卓མ་ལག་གི་སྐད་འཕྲིན་གྱི་8.0.10ནང་ད་ཆ་སྐད་འཕྲིན་2ལས་མང་པོ་བརྗེ་རེས་བྱེད་ཐུབ་ཀྱི་ཡོད་ཅིང་། མང་ཤོས་ལ་ཐོ་ཁུངས་4བརྗེ་རེས་བྱེད་ཐུབ་ཀྱི་ཡོད།
3.རྩེ་འཇོག་གླེང་མོལ་ལྟེབ་བརྩེགས་རྒྱག་པ།
ནུས་པ་འདི་ཀུ་ཤུའི་མ་ལག་གི་སྐད་འཕྲིན་ཐོག་དངོས་སུ་ལག་བསྟར་བྱས་ཡོད།
རང་གིས་རྩེར་འཇོག་ཆ་འཕྲིན་ཅུང་མང་བའི་སྐབས་སུ་རང་འགུལ་ངང་ལྟེབ་བརྩེགས་ཐེབས་ནས་གླེང་མོལ་སྒེའུ་ཁུང་གི་ས་མིག་གྲོན་ཆུང་བྱེད་ཐུབ། རྩེ་འཇོག་སྐད་འཕྲིན་གྱི་ཆ་འཕྲིན་འབྱོར་སྐབས་སླར་ཡང་འཆར་ངོས་དང་པོར་མངོན་ཡོང་གི་ཡོད།
ཡིན་ན་ཡང་། རྩེ་འཇོག་གླེང་མོལ་སྒེའུ་ཁུང་10བརྒལ་ན་གཞི་ནས་ཁ་བརྡའི་སྒེའུ་ཁུང་ཟློས་བརྩེགས་བྱེད་ཐུབ་པ་ཡིན། གལ་ཏེ་སྐད་འཕྲིན་ཚོགས་པ་སུན་ཡོལ་རྣམ་པར་བཅོས་ཚེ་ཆ་འཕྲིན་གྱིས་སུན་པོ་བཟོ་མི་སྲིད།
4.བརྙན་ལམ་ཨང་གྲངས་ཀྱིས་ཁ་པར་གྱི་འགན་མང་ནུས་པ།
ཨན་ཀྲོའོ་མ་ལག་གི་སྐད་འཕྲིན་གྱི་པར་གཞི་གསར་པའི་ནང་ད་དུང་ཁ་པར་གྱི་འགན་མང་ནུས་པ་སྤྱད་དེ་སླར་བརྙན་ལམ་ཨང་གྲངས་ཐོག་ལོག་ཐུབ་ཀྱི་ཡོད། ནུས་པ་དེ་མིག་སྔར་iOSམ་ལག་གི་སྐད་འཕྲིན་ནང་སྤྱོད་ཐུབ་ཀྱི་མེད། པར་གཞི་འདིའི་ནང་དུ་བཀོལ་མཁན་གྱིས་འགན་མང་ནུས་པ་བརྒྱུད་དེ་གྲོགས་ཚོམས་དང་བརྙན་ལམ་ཨང་གྲངས་བརྗེ་རེས་བྱེད་ཐུབ་ཅིང་། བརྙན་ལམ་ཨང་གྲངས་ནས་ཕྱིར་འབུད་དགོས་ཀྱི་མེད།
སྐད་འཕྲིན་གྱི་ནུས་པ་གྲ་རྒྱས་ཕུམ་ཚོགས་སུ་འགྱུར་བཞིན་ཡོད་པས་ཁྱེད་རང་དགའ་ཤོས་དེ་གང་ཞིག་ཡིན་ནམ། ནུས་པ་གསར་པ་ཅི་ཞིག་ཡོད་ན་འདོད་དམ།
རྩོམ་སྒྲིག་པ། སྣང་རྡོར།