ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

2022ལོའི་གུང་གསེང་གི་བཀོད་སྒྲིག་ཁྱབ་བསྒྲགས་བྱས་འདུག

སྤེལ་དུས 2021-10-26 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
         2022ལོའི་དུས་ཆེན་དང་གུང་གསེང་ཁག་ཅིག་བཀོད་སྒྲིག་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ། 
         ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཁག་གི་མི་དམངས་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་ཁག ཐད་གཏོགས་ལས་ཁུངས་ཁག་བཅས་ལ་ཞུ་རྒྱུར། 
         རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ད་ཆ་2022ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། དྭངས་གསལ་དུས་ཆེན། ངལ་རྩོལ་དུས་ཆེན། ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན། རྒྱལ་སྟོན་དུས་ཆེན་བཅས་ཀྱི་ངལ་གསོའི་དུས་ཚོད་ལེགས་སྒྲིག་བྱ་རྒྱུའི་ཞིབ་ཕྲའི་བཀོད་སྒྲིག་བརྡ་ཐོ་གཏོང་རྒྱུ་གཤམ་གསལ། 
         གཅིག གནམ་ལོ་གསར་ཚེས་ཀྱི་སྐབས་སུ། 2022ལོའི་ཟླ་1ཚེས་1ཉིན་ནས་ཚེས་3ཉིན་བར་ངལ་གསོ་བྱ་རྒྱུ། བསྡོམས་པས་ཉིན་3ཡོད།  
         གཉིས། དཔྱིད་གསར་དུས་ཆེན། ཟླ་1ཚེས་31ཉིན་ནས་ཟླ་2ཚེས་6ཉིན་བར་ངལ་གསོ་བྱ་རྒྱུ། བསྡོམས་པས་ཉིན་7ཡོད། ཟླ་1པའི་ཚེས་29ཉིན(གཟའ་སྤེན་པ)དང་ཟླ་1ཚེས་30ཉིན(གཟའ་ཉི་མ)ལས་ཚོགས་སུ་ཞུགས་དགོས། 
         གསུམ། དྭངས་གསལ་དུས་ཆེན། ཟླ་4ཚེས་3ཉིན་ནས་ཚེས་5ཉིན་བར་ངལ་གསོ་བྱ་རྒྱུ། བསྡོམས་པས་ཉིན་3ཡོད། ཟླ་4པའི་ཚེས་2ཉིན་(གཟའ་སྤེན་པ)ལས་ཚོགས་སུ་ཞུགས་དགོས། 
         བཞི། ངལ་རྩོལ་དུས་ཆེན། ཟླ་4པའི་ཚེས་30ཉིན་ནས་ཟླ་5པའི་ཚེས་4ཉིན་བར་ངལ་གསོ་བྱ་རྒྱུ། བསྡོམས་པས་ཉིན་5ཡོད། ཟླ་4པའི་ཚེས་24ཉིན།(གཟའ་ཉི་མ)དང་ཟླ་5པའི་ཚེས་7ཉིན།(གཟའ་སྤེན་པ)ལས་ཚོགས་སུ་ཞུགས་དགོས།  
         ལྔ། ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ་6ཚེས་3ཉིན་ནས་ཚེས་5ཉིན་བར་ངལ་གསོ་བྱ་རྒྱུ། བསྡོམས་པས་ཉིན་3ཡོད། 
         དྲུག ཟླ་མཆོད་དུས་ཆེན། ཟླ་9ཚེས་10ཉིན་ནས་ཚེས་12ཉིན་བར་ངལ་གསོ་ཉིན་གསུམ་འཇོག་རྒྱུ། 
         བདུན། རྒྱལ་སྟོན་དུས་ཆེན། ཟླ་10ཚེས་1ཉིན་ནས་ཚེས་7ཉིན་བར་ངལ་གསོ་བྱ་རྒྱུ། བསྡོམས་པས་ཉིན་7ཡོད། ཟླ་10ཚེས་8ཉིན(གཟའ་སྤེན་པ)དང་ཟླ་10ཚེས་9ཉིན(གཟའ་ཉི་མ)ལས་ཚོགས་སུ་ཞུགས་དགོས། 
         དུས་ཆེན་དང་ངལ་གསོའི་རིང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལས་རེས་དང་། བདེ་འཇགས། སྲུང་སྐྱོབ། རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་ལས་དོན་བཀོད་སྒྲིག་ཡག་པོ་བྱས་ནས་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་འཕྲད་སྐབས་གཏན་འབེབས་ལྟར་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ་མ་ཟད་ཐག་གཅོད་འོས་འཚམ་བྱས་ནས་མི་དམངས་མང་ཚོགས་ཀྱིས་འཆམ་མཐུན་དང་དུས་བདེ་ངང་དུས་ཆེན་གྱི་གུང་གསེང་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 
རྩོམ་སྒྲིག་པ། སྣང་རྡོར།