ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

ཀུ་ཤུ་དང་ཡ་མ་ཞུན་ཀུང་སི་གཉིས་ལ་སྒོར་དུང་ཕྱུར14ཡི་དངུལ་ཆད་བཅད་པ།

སྤེལ་དུས 2021-11-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       ཨ་རིའི་རླུང་འཕྲིན་ཀུང་སིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་ཐ་ལིའི་སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་ལས་ཁུངས་ཀྱིས་ས་གནས་དེ་གའི་དུས་ཚོད་ཚེས23ཉིན་ཨ་རིའི་ཡ་མ་ཞུན་ཀུང་སི་དང་ཀུ་ཤུ་ཀུང་སིར་ཡོ་རོབ་སྒོར་མོ་དུང་ཕྱུར2(མི་དམངས་ཤོག་སྒོར་དུང་ཕྱུར14ཙམ་ཟིན་པ།)ལྷག་ཙམ་གྱི་དངུལ་ཆད་བཅད་པ་རེད། དེའི་རྒྱུ་མཚན་ནི་ཀུང་སི་དེ་གཉིས་ཀྱིས2018ལོར་བཞག་པའི་གྲོས་མཐུན་ཞིག་གི་རྐྱེན་ཡིན་པ་སྟེ། ཀུ་ཤུ་བདམས་པའི་བརྒྱུད་ཚོང་ཁང་ཡིན་ན་ད་གཟོད་དབྱི་ཐ་ལིའི་ཡ་མ་ཞུན་དྲ་ཚིགས་སུAppleདང་Beatsཐོན་རྫས་ཕྱིར་ཚོང་བྱེད་ཐུབ། འདི་ནི་ཡོ་རོབ་མནའ་འབྲེལ་གྱི་གཏན་འབེབས་ལས་འགལ་ཡོད་པ་ཞིག་རེད། དབྱི་ཐ་ལིའི་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཀུ་ཤུ་ཀུང་སི་ལ་ཡོ་རོབ་སྒོར་མོ་དུང་ཕྱུར1.345ཡི་དངུལ་ཆད་བཅད་པ་དང་། ཡ་མ་ཞུན་ཀུང་སི་ལ་ཡོ་རོབ་སྒོར་མོ་ཁྲི6870ཡི་དངུལ་ཆད་བཅད་པ་རེད། ཀུ་ཤུ་དང་ཡ་མ་ཞུན་གཉིས་ཀས་དེ་གོང་གཏུག་བྱ་རྩིས་ཡོད།
རྩོམ་སྒྲིག་པ། སྣང་རྡོར།