ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

ལོ་4ཡི་ནང་གཟེངས་རྟགས་སློབ་དངུལ་སྒོར་ཁྲི་20བླངས།

སྤེལ་དུས 2022-03-14 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།། རྩོམ་པ་པོ།
         ཚེས་9ཉིན། ཁྲང་ཧྲ་ཡི་ཉལ་ཁང་གཅིག་ནས་ཡིན་པའི་སློབ་མ་བཞི་ལ་པོད་འཕྲིན་སྟེང་གྲོས་བསྡུར་ཚ་ཚ་འུར་འུར་བྱེད་བཞིན་ཡོད། རྒྱུ་མཚན་ནི་ཁོང་ཚོའི་སློབ་སྦྱོང་གི་སྦྱངས་འབྲས་ཧ་ཅང་ཕུལ་དུ་བྱུང་བས་ཡིན། 

         ཁོང་ཚོ་ནི་ཀྲུང་ནན་སློབ་ཆེན་རང་འགུལ་ཅན་སློབ་གླིང་གི་སྐབས་18པའི་417ཉལ་ཁང་གི་ལིའུ་ཙེ་དབྱི་དང་། སུའེ་ཆིང་ཁེ། ཀྲོང་ཅ་རུའེ། ལི་ཅུན་ཞན་བཅས་རེད།

         བུ་བཞི་པོ་དེ་དག་སློབ་ཆེན་ལོ་རིམ་དང་པོ་ནས་བཟུང་འཛིན་གྲྭ་གཅིག་པ་དང་ཉལ་ཁང་གཅིག་པ་ནས་ཡིན་པ་དང་། ད་ལྟ་ཚང་མ་ཐད་ཀར་སློབ་གྲྭ་དེའི་འབུམ་རམས་པར་གྱུར་ཡོད། སུའེ་ཁེ་ཆིང་གིས་ནམ་རྒྱུན་ང་ཚོ་མཉམ་དུ་སློབ་ཚན་ཉན་པར་འགྲོ་གི་ཡོད་ལ། སྐབས་ རེ་དཔེ་མཛོད་ཁང་དུ་ཕྱིན་ཏེ་མཉམ་དུ་སློབ་སྦྱོང་བྱེད་ཀྱི་ཡོད་ཅེས་བརྗོད། 
         སློབ་ཆེན་འགྲིམ་པའི་ལོ་4ཡི་ནང་། ཁོང་ཚོས་ཉིན་མོ་མཉམ་དུ་སློབ་སྦྱོང་བྱས་ཤིང་དགོང་མོ་མཉམ་དུ་གྲོས་བསྡུར་བྱེད་ཀྱི་ཡོད། མིག་སྔར་སྒོར་ཁྲི་20ལ་ཉེ་བའི་གཟེངས་རྟགས་སློབ་དངུལ་ཐོབ་ཡོད། སློབ་སྦྱོང་ཕུད། ཁོང་ཚོས་ད་དུང་དུས་རྒྱུན་རིག་ཚན་འགྲན་བསྡུར་དང་ཚན་ཞིབ་བྱེད་སྒོའི་ནང་ཞུགས་ཤིང་། རིམ་པ་ཁག་གི་རིག་ཚན་འགྲན་བསྡུར་ནང་ཞུགས་ནས་གཟེངས་རྟགས་རིགས་26ཐོབ་ཡོད།

         འཚོ་བ་ནི་ཡངས་ཞིང་རྒྱ་ཆེ་བའི་བགྲོད་ལམ་ཞིག་གཏན་ནས་ཡིན་མི་སྲིད་པ་དང་སྐབས་རེ་གཡས་གཡོན་ཀུན་དུ་ཚེར་མས་བཀང་བའི་ལམ་ཆུང་འཕྲད་སྲིད། ཁོང་ཚོས། དཀའ་ངལ་ལོས་ཡོད། སྐབས་འགར་སེམས་མི་སྐྱིད་པ་དང་། ཕམ་སྣང་ཤར་བ་སོགས་ཀྱང་ཡོང་གི་འདུག འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་གེགས་བར་ཆད་ཡོད་མོད། འོན་ཀྱང་ང་ཚོས་མགྱོགས་མྱུར་ངང་དཀའ་བ་སྣ་ཚོགས་ཁྱད་གསོད་བྱེད་ཐུབ་པ་ནི་གྲོགས་པོའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། ང་ཚོས་ནམ་རྒྱུན་ཉལ་ཁང་དུ་སེམས་གཏམ་གླེང་བཞིན་ཡོད་དེ། བྱ་བ་ངན་པ་དང་འཕྲད་ཐེངས་རེར། ཉལ་ཁང་ནང་ནས་ཕན་ཚུན་དབར་བཤད་ན། དེ་འདྲའི་ངན་པ་ཞིག་རེད་སྙམ་གྱི་མི་འདུག ཉལ་ཁང་ནང་གི་མི་སུ་ཞིག་སེམས་པ་མི་སྐྱིད་པ་བྱུང་ན། བགྲོ་གླེང་ཁྲོད་རང་ཉིད་ཀྱི་སེམས་ཕྲལ་བཤད་པ་དང་། སེམས་གཏམ་བཤད་མཁན་གང་དེར་གྲོགས་པོ་ཚོའི་སེམས་གསོ་དང་རྒྱབ་སྐྱོར་ཐོབ་ཐུབ་ཅེས་བརྗོད། 

རྩོམ་སྒྲིག་པ། སྣང་རྡོར།