འོས་འགན་སློབ་གསོའི་སློབ་ཚན་ལ་འགྱུར་བ་ཆེན་པོ་གཏོང་རྒྱུ་རེད།
སྤེལ་དུས 2022-04-26
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
རྩོམ་པ་པོ།
གསར་འགོད་པས་ཚེས21ཉིན་སློབ་གསོ་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་མང་བོར་ལག་བསྟར་བྱས་པའི་འོས་འགན་སློབ་གསོའི་སློབ་ཚན་ཇུས་གཞི་དང་སློབ་ཚན་ཚད་གཞི་བཟོ་བཅོས་ལེགས་འགྲུབ་བྱུང་ཞིང་། 2022ལོའི་སྟོན་དུས་ཀྱི་སློབ་སྐབས་ནས་བཟུང་སྟེ་མགོ་བརྩམ་རྒྱུ་རེད། གསར་དུ་བཟོ་བཅོས་བྱས་པའི་འོས་འགན་སློབ་གསོའི་སློབ་ཚན་ཇུས་གཞི་དང་སྐད་ཡིག་སོགས་ཀྱི་སློབ་ཚན་ཚད་གཞི16(2022ལོའི་པར་གཞི )གིས་ཁྲིད་པ་དང་བསླབ་པའི་ནང་དོན་དང་ཐབས་ལམ་སོགས་ལ་བཅོས་བསྒྱུར་བྱས་ཡོད་པས། དངོས་ཡོད་གནད་དོན་ལ་ནུས་ལྡན་སྒོས་ཁ་གཏད་པར་དོ་སྣང་བྱས་ཏེ་སློབ་རིམ་སྦྲེལ་མཐུད་ཡོང་བར་ཤུགས་སྣོན་དགོས་པ་ནན་གྱིས་བསྟན་ཡོད།
སློབ་གསོ་པུའུ་བསླབ་དེབ་ཅུས་ཀྱི་ཅུས་ཀྲང་ཐེན་ཧའེ་ཧྲེང་གིས་སློབ་གསོ་པུའུ་ཡིས་སྤེལ་བའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་མཚམས་སྦྱོར་བྱས་པ་ལྟར་ན། ད་ལྟ་སྤྱོད་ཀྱིན་པའི་འོས་འགན་སློབ་གསོའི་སློབ་ཚན་ཇུས་གཞི་དང་སློབ་ཚན་ཚད་གཞི་དེ་སོ་སོར་ལོ20ནས10ཡན་ལ་ལག་བསྟར་བྱས་པས། སློབ་རིམ་སོ་སོ་སྦྲེལ་མཐུད་ནུས་ལྡན་བྱེད་མི་ཐུབ་པ་དང་ཡང་ན་སློབ་ཚན་ལག་བསྟར་བྱས་པའི་བླང་བྱ་མངོན་གསལ་མིན་པ་སོགས་གནས་བབ་གསར་བ་དང་བླང་བྱ་གསར་བར་མི་མཐུན་ས་ཁ་ཤས་ཡོད་པ་རེད།
ཁོས་མཚམས་སྦྱོར་བྱེད་རྒྱུར། གསར་དུ་བཟོ་བཅོས་བྱས་པའི་སློབ་ཚན་ཇུས་གཞི་ཡིས་སློབ་ཆུང་གི་སྔར་གྱི་ཀུན་སྤྱོད་དང་འཚོ་བ་དང་ཀུན་སྤྱོད་དང་སྤྱི་ཚོགས། དམའ་འབྲིང་གི་སྔར་གྱི་བསམ་བློ་ཀུན་སྤྱོད་བཅས་ཧྲག་སྡེབ་ཀྱིས“ཀུན་སྤྱོད་དང་ཁྲིམས་སྐྱོང”ལ་བསྒྱུར་ཏེ། ལོ་དགུ་གཞི་གཅིག་ཅན་གྱི་ཇུས་འགོད་བྱས་ཡོད། སྒྱུ་རྩལ་རིགས་ཀྱི་སློབ་ཚན་བཅོས་བསྒྱུར་གསར་འཛུགས་བྱེད་པའི་ཐད་ནས། ལོ་རིམ་དང་པོ་ནས་བདུན་པའི་བར་གླུ་དབྱངས་དང་རི་མོ་གཙོ་བོར་བཟུང་ཡོད་པ་དང་། ཞབས་བྲོ་དང་ཟློས་གར། གློག་བརྙན་སོགས་ཀྱི་ནང་དོན་ཡང་འདུས་ཡོད་ཅིང་། ལོ་རིམ་བརྒྱད་པ་ནས་དགུ་པའི་བར་རྣམ་གྲངས་དབྱེ་ནས་གདམ་གསེས་བྱེད་ཆོག་པར་བྱས་ཡོད། ཚན་རིག་དང་ཕྱོགས་བསྡུས་ཀྱི་ལག་ལེན་བྱ་འགུལ་མགོ་རྩོམ་པའི་ལོ་རིམ་ནི་ལོ་རིམ་དང་པོར་སྔོན་ལ་བསྣུར་ཡོད། ངལ་རྩོལ་ལམ་ཆ་འཕྲིན་ཚན་རྩལ་དང་དེས་ཟིན་པའི་སློབ་ཁྲིད་དུས་ཡུན་ནི་ཕྱོགས་བསྡུས་ལག་ལེན་བྱ་འགུལ་གྱི་སློབ་ཚན་ཁྲོད་ནས་ལོགས་སུ་བཀར་ཡོད། སློབ་ཚན་གྱི་ཚད་གཞིའི་ཐད་ནས།བཟོ་བཅོས་དང་འཐུས་ཚང་དུ་གཏོང་བའི་གོ་རིམ་ཁྲོད་སློབ་ཚན་གྱི་ནང་དོན་དང་གྲུབ་ཚུལ་ལེགས་བཅོས་བྱས་ཡོད་ལ། སྦྱོང་ཚན་གྱི་སྤུས་ཀའི་ཚད་གཞི་ཞིབ་འཇུག་གསར་བཟོ་བྱས་ཏེ། ཁྲིད་སྟོན་རང་བཞིན་དང་སློབ་རིམ་བར་སྦྲེལ་མཐུད་ཡོང་ཚད་ཇེ་དྲག་ཏུ་བཏང་ཡོད། སློབ་ཚན་གྱི་ཚད་གཞི་གསར་པས་གདེང་འཇོག་དང་རྒྱུགས་ལེན་བརྗོད་གཞིའི་ཐད་ཀྱི་གྲོས་གཞི་ཞིབ་ཕྲར་བཏང་ནས་ཁྲིད་པ་དང་སྦྱོང་བ། རྒྱུགས་ལེན་པ་གསུམ་གཅིག་མཐུན་ཡིན་པ་མངོན་འགྱུར་འབྱུང་བར་དོ་སྣང་དང་། སློབ་ཁྲིད་དང་གདེང་འཇོག་དཔེ་མཚོན་ཁ་སྣོན་བྱས་ནས།“ཅིའི་ཕྱིར་སློབ་ཁྲིད་བྱེད་པ” དང“ཅི་ཞིག་སློབ་ཁྲིད་བྱེད་དགོས་པ།” “ ཆུ་ཚད་ག་འདྲ་ཞིག་ལ་ཐོན་དགོས་པ”སོགས་གསལ་བོ་བྱས་ཡོད་པར་མ་ཟད། “ཅི་ལྟར་ཁྲིད་དགོས་པའི”བྱེ་བྲག་གི་མཛུབ་སྟོན་ཇེ་དྲག་ཏུ་བཏང་ཡོད། “བྱིས་སྙོར་ཁང་དང་སློབ་ཆུང་སྦྲེལ་མཐུད”ཡོང་བར་དོ་སྣང་བྱས་པ་དང་། སློབ་ཆུང་ལོ་རིམ་དང་པོ་དང་ལོ་རིམ་གཉིས་པའི་སློབ་ཚན་ལུགས་མཐུན་སྒོས་ཇུས་འགོད་བྱས་ཏེ་བྱ་འགུལ་རང་བཞིན་དང་རོལ་རྩེད་རང་བཞིན། འཚོ་བ་རང་བཞིན་བཅས་ཀྱི་སློབ་སྦྱོང་ཇུས་འགོད་ལ་དོ་སྣང་བྱས་ཡོད།
རྩོམ་སྒྲིག་པ། སྣང་རྡོར།