སྤྱི་ལོ་2023ལོའི་ཟླ་བ་དང་པའི་ཚེས་ཉེར་གསུམ་ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞུང་ཕྱོགས་དྲ་ཚིགས་ཐོག་གནས་ཚུལ་ཁྱབ་བསྒྲགས་བྱས་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་2018ལོར་ཐེངས་དང་པོར་འཛམ་གླིང་ཡོངས་ལ་བཟོ་ལས་ཐོན་སྐྱེད་ཀྱི་ཚིལ་ཞག་ལྡོག་མ(རྩ་མེད་གཏོང་བའི་དམིགས་འབེན་2023ལོར་གཏན་ཁེལ་བྱས།)རྩ་མེད་གཏོང་བའི་འབོད་སྐུལ་བྱས་པ་ནས་བཟུང་། འཛམ་གླིང་ཡོངས་སུ་སྔར་བཞིན་མི་གྲངས་དུང་ཕྱུར་50ལ་སྔར་བཞིན་སྲུང་སྐྱོབ་མ་ཐོབ་པར་ཁོ་ཚོར་སྙིང་ནད་ཕོག་པ་དང་ཤི་འགྲོ་བའི་ཉེན་ཁ་ཆེ་རུ་སོང་ཡོད།
ཚིལ་ཞག་ལྡོག་མ་ཞེས་པ་ཅི་ཡིན་པ་དང་། དེར་གནོད་འཚེ་ག་འདྲ་ཡོད་པ། ང་ཚོས་ནམ་རྒྱུན་སྤྱོད་པའི་བཟའ་བཅའི་ནང་ཚིལ་ཞག་ལྡོག་མ་འདུས་སམ་ཞེ་ན། ཚིལ་ཞག་ལྡོག་མ་ལ་ཚིལ་ཞག་སྐྱུར་ལྡོག་མའང་ཟེར་བ་དང་།གཏན་འཇགས་རང་བཞིན་ཆེ་བ་དང་ཁ་ལ་ཞིམ་པ། ལས་སྣོན་རང་བཞིན་ཆེ་བ། རིན་གོང་དམའ་བ་སོགས་ཁྱད་ཆོད་ལྡན་པས་ཟས་རིགས་ལས་སྣོན་བྱེད་པའི་ནང་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད། ཡིན་ན་ཡང་ཟས་རིགས་གཞན་པའི་ཁྲོད་ནས་བསྡུ་ལེན་བྱེད་པའི་ཚིལ་ཞག་དང་མི་འདྲ་བར་ཚིལ་ཞག་ལྡོག་མ་དེ་བདེ་ཐང་ལ་ཕན་པ་མེད་པ་མ་ཟད། མང་དྲག་ན་བདེ་ཐང་ལ་གནོད་པ་ཆེ་པ་སྟེ།
1 སྙིང་གི་ཁྲག་རྩའི་ནད་སྣ་ཚོགས་བསྐྱེད་པ།
2 སྐྱེས་པའི་སྐྱེ་འཕེལ་ནུས་པར་ཤུགས་རྐྱེན་བཟོ་བ།
3 གཅིན་པ་མངར་འགྱུར་ནད་འབྱུང་སླ་བ།
4 དྲན་ཤེས་ཉམས་པ།
5 རྒྱགས་པ་ཆགས་སླ་བ།
ང་ཚོའི་ནམ་རྒྱུན་བཟའ་བཅའི་ནང་ཚིལ་ཞག་ལྡོག་མའི་འབྱུང་ཁུངས་ལ་གཙོ་བོ་གཉིས་ཡོད་དེ།
1རང་བྱུང་གི་ཟས་རིགས།
གཙོ་བོ་ལྡད་བྱེད་སྲོག་ཆགས་སྟེ། དཔེར་ན་ནོར་ལུག་གི་ཤ་དང་འོ་མ། འོ་རྫས་སོགས་ཡིན། རྒྱུ་མཚན་ནི་ལྡད་བྱེད་སྲོག་ཆགས་ཀྱི་ཕོ་བའི་ནང་གི་འབུ་ཕྲ་མང་པོ་ཞིག་ཟས་འཇུ་བའི་ཁྲོད་ཞུགས་པ་དང་། སྐྱུར་ལངས་ནས་ཚིལ་ཞག་ལྡོག་མ་གྲུབ་པ་རེད།
གཞི་གྲངས་ལས་མངོན་པར། ནོར་ལུག་གི་ཤ་གསོས་པ་ཁེ་བརྒྱ་ཡི་ནང་དུ་ཚིལ་ཞག་ལྡོག་མ་ཁེ་0.40ཡོད་པ་དང་། འོ་མའི་ནང་ཁེ་0.08ཡོད། གཞན་ཨ་མ་ཚོའི་ཟ་མ་ཟ་སྟངས་མི་འདྲ་པར་གཞིགས་ན་ཨ་མའི་ནུ་ཞོའི་ནང་ནའང་ཚིལ་ཞག་ལྡོག་མ་ཉུང་ཙམ་རེ་ཡོད་སྲིད།
2ལས་སྣོན་ཟས་རིགས།
གཙོ་བོ་ནི་ཆིང་འགྱུར་སྐྱེ་དངོས་སྣུམ་ཁག་ཅིག་དང་བཙོ་སྦྱོངས་བྱས་པའི་སྐྱེ་དངོས་སྣུམ། དུས་ཡུན་རིང་པོ་དྲོད་ཚད་མཐོ་པོས་ཟ་མ་བཙོ་བྱེད་སྣུམ་བཅས་ཡིན།
སྤྱིའི་ཆ་ནས་བཤད་ན། ཚིལ་ཞག་སྐྱུར་ལྡོག་མ་དེ་རང་བྱུང་ཟས་རིགས་ནང་ཅུང་ཉུང་བ་དང་། གཙོ་བོ་ཆིང་འགྱུར་སྣུམ་ལས་ཐོན་པ་ཡིན། ཟ་རིགས་ཀྱི་གྲུབ་ཆའི་མིང་བྱང་ཁྲོད་ཆིང་འགྱུར་སྐྱེ་དངོས་སྣུམ་དང་། མར། རྩི་ཤིང་སྣུམ་བཅས་མུང་དུ་བཀོད་པ་ལས། བྷ་དམ་གྱི་སྣུམ་དང་པད་ཁའི་སྣུམ། ཙུ་ལོའི་སྣུམ་སོགས་གསལ་པོར་བྲིས་མེད་ན་ཕལ་ཆེར་ཆིང་འགྱུར་སྣུམ་ཡིན། ཟས་རིགས་འདི་དག་ལ་གཙོ་བོ་གཤམ་གསལ་ལྟར་ཡིན།
ཚིལ་ཞག་འདུས་ཚད་མཐོ་བའི་གོར་སོབ་ཟས་རིགས་དང་། སྣུམ་བསྲེག་ཟས་རིགས། ཚིལ་ཞག་མཐོ་བའི་ཞོར་ཟས་རིགས་བཅས་ཡིན།
རྩོམ་སྒྲིག་པ། སྣང་རྡོར།