དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

ཨ་མ་ལགས། ཐུགས་རྗེ་ཆེ།

སྤེལ་དུས 2020-05-12 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
        ང་ཚོ་འཇིག་རྟེན་འདིར་ཡོང་པའི་ཉིན་དེ་ནས་བཟུང་། ཕ་མ་གཉིས་ཀྱིས་བྱམས་བརྩེ་ཆེན་པོའི་སྒོ་ནས་གཉོར་སྐྱོང་བྱས་པ་རེད། གཉོར་སྐྱོང་བྱེད་པའི་གོ་རིམ་ཁྲོད་དཀའ་ཁག་གང་འདྲ་ཞིག་ལ་འཕྲད་ཀྱང་། ནམ་ཡང་ལེ་བདའ་བྱས་མ་མྱོང་པར། ང་ཚོར་བདེ་ཐང་དང་སྤྲོ་སྐྱིད་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་ཆེད། ཁོང་གིས་དཀའ་ཁག་སྣ་ཚོགས་མྱངས་ཡོད། འོན་ཀྱང་། ང་ཚོ་བུ་ཕྲུག་རྣམས་ཀྱི་ཁྲོད་དུ་དེའི་དྲིན་ལན་ཅི་ལྟར་འཇལ་དགོས་པའི་སྐོར་ལ་བསམ་བློ་གཏོང་མཁན་ཧ་ཅང་ཉུང་། 

        དེ་རིང་ནི་མ་ཡུམ་གྱི་དུས་ཆེན་རེད། ཡིན་ནའང་དུས་ཆེན་འདི་ལ་སླེབས་ཚེ་ད་གཟོད་ཕ་མའི་དྲིན་ལན་དྲན་དགོས་པ་ཞིག་མ་ཡིན་པར། དུས་རྒྱུན་འཚོ་བའི་ཁྲོད་དུ་ཕ་མ་ལ་བརྩི་བཀུར་དང་གཉོར་སྐྱོང་བྱ་དགོས།

 

 

        ལོ་རེར་དགའ་དགའ་སྤྲོ་སྤྲོས་སྐྱེས་སྐར་ལ་རོལ་བའི་དུས་སུ། ཁྱེད་ཀྱི་སྐྱེས་སྐར་གྱི་སྐོར་ལ་བསམ་གཞིགས་བཏང་ཨེ་མྱོང་། དོན་ངོ་མར་བཤད་ན། སྐྱེས་སྐར་གྱི་ཉིན་དེར། ཨ་མས་བཟོད་དཀའ་བའི་ན་ཟུག་ཁྲོད་ནས་ཁྱེད་རང་བཙས་པ་རེད།  དེའི་ཕྱིར། ལོ་རེར་སྐྱེས་སྐར་ལ་རོལ་བའི་ཉིན་དེར། རང་ཉིད་ཀྱི་ཨ་མ་ལགས་ལ་བཀའ་དྲིན་མཚོན་པའི་སྐད་ཆ་ཞིག་བཤད་མྱོང་ངམ། སྤྱིར་སྐད་ཆ་དེ་ནི་ཁྱེད་རང་ལ་མཚོན་དེ་འདྲའི་ཁག་པོ་ཞིག་མིན་ཡང་། ཨ་མ་ལགས་ལ་མཚོན་ན་དེ་ནི་བདེ་སྐྱིད་ཅིག་ཅི་ལ་མིན།

        ད་ལྟ་ང་ཚོ་ཚང་མ་ནར་སོན་པ་རེད། དེ་བས། ཕ་མའི་དྲིན་ལན་ཡིད་ལ་བརྟན་པོར་བཅངས་ནས། ཕ་མར་ཞབས་ཞུ་དང་རོགས་རམ་བྱེད་པའི་ལས་འགན་ཕྲག་ཏུ་ལེན་དགོས། མཐར་གནམ་འོག་གི་ཨ་མ་རྣམས་ཀྱི་སྐུ་ལུས་བདེ་ཐང་དང་། ནད་མེད་ཚེ་རིང་ཡོང་པའི་བཀྲ་ཤིས་སྨོན་འདུན་ཞུ།།
རྩོམ་སྒྲིག་པ།སྣང་རྡོར།