དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

རྒྱལ་ཁབ་ནས་ཁོང་རྣམས་དྲ་བར་ཞུཊ་པར་སྟབས་བདེ་བསྐྲུན་རྒྱུ་རེད།

སྤེལ་དུས 2020-12-28 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
         ཚེས་25ཉིན་བཟོ་ལས་དང་ཆ་འཕྲིན་ཅན་པུས་འཚོགས་པའི་རྒན་རྒོན་གྱིས་རིག་ནུས་ལག་རྩལ་གྱི་དཀའ་ངལ་ཐག་གཅོད་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་དང་གྲུབ་འབྲས་འགྲེམ་སྟོན་ཚོགས་འདུའི་ཐོག བཟོ་ལས་དང་ཆ་འཕྲིན་ཅན་པུའི་པུའུ་ཀྲང་གཞོན་པ་ལིའུ་ལེ་ཧུང་གིས་མིག་སྔར་ཆ་འཕྲིན་ལ་འགོག་རྐྱེན་མེད་པའི་ལས་དོན་ལ་འཕེལ་རྒྱས་གལ་ཆེན་ཁག་ཅིག་བྱུང་ཡོད་ཅེས་ངོ་སྤྲོད་གནང་ཡོད།

         1རྒན་རྒོན་གྱིས་མཐེབ་གཅིག་གིས་ཞབས་ཞུའི་ཁ་པར་རྒྱག་རྒྱུ་མངོན་འགྱུར་བྱུང་བ།
         ཉིན་དེ་ནས་བཟུང་། ལོ་65ཡན་གྱི་རྒན་རྒོན་གྱིས་གློག་འཕྲིན་གཉེར་སྐྱོང་ཀུང་སི་ཆེན་པོ་གསུམ་གྱི་ཞབས་ཞུའི་ཁ་པར་ཐད་ཀར་མི་ཐབས་ཀྱི་བློ་འདྲིའི་ཞབས་ཞུ་ལོངས་སྤྱོད་བྱེད་ཆོག་པ་དང་། རྙོག་འཛིང་ཆེ་བའི་སྐད་བརྡའི་དྲན་སྐུལ་དང་གྲངས་གཞིའི་གདམ་ག་སོགས་བརྒྱུད་མི་དགོས་པ་བྱས་ཡོད།
         2རྒན་རྒོན་གྱི་གཅེས་སེམས་བགྲོད་ལམ་ཞབས་ཞུ་མངོན་འགྱུར་བྱུང་བ།
         ཉིན་དེ་ནས་བཟུང་། གློག་འཕྲིན་གཉེར་སྐྱོང་ཀུང་སི་ཆེན་པོ་གསུམ་གྱི་ལས་གཉེར་ཚོམས་ཆེན་དུ་རྒན་རྒོན་ཚོར་གཅེས་སེམས་བགྲོད་ལམ་མཁོ་འདོན་བྱས་ཡོད་པ་དང་། རྒན་རྒོན་ཚོ་ལས་གཉེར་ཚོམས་ཆེན་དུ་བསྐྱོད་སྐབས་ཆེད་བསྐོས་མི་སྣས་ཁྲིད་སྟོན་བྱེད་པ་དང་འབྲེལ་ངོ་ཐུག་གདོང་ཕྲད་ཀྱི་དྲོ་སྐྱིད་ཞབས་ཞུ་མཁོ་འདོན་བྱས་ཡོད་ལ། གྲལ་བསྒྲིགས་ནས་སྒུག་དགོས་ཀྱི་མེད།
         3ལག་ཐོགས་ཁ་པར་གྱི་རྒན་རྒོན་གྱི་རྣམ་པའི་ཞབས་ཞུ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ།
         མིག་སྔའི་ཁྲོམ་རའི་ཐོག་གི་གཙོ་རྒྱུག་ལག་ཐོགས་ཁ་པར་ཡོད་ཚད་ལ་ཕལ་ཆེར་རྒན་རྒོན་གྱི་རྣམ་པ་དང་རྒན་རབས་ཀྱི་རྣམ་པའི་ནུས་པ་ལྡན་ཞིང་། ཡིག་གཟུགས་དང་སྒྲ་ཆེ་ལ། རྒྱང་ཁྲིད་རོགས་སྐྱོར་སོགས་ཀྱི་ཞབས་ཞུ་ཡོད་པ་དང་། རྒན་རྒོན་ཚོས་མཐོང་ཐུབ་པ་དང་། གསལ་པོ་ཉན་ཐུབ་པ།བེད་སྤྱོད་ཡག་པོ་ཐུབ་པ་བཅས་ཡོང་རྒྱུར་སྟབས་བདེ་བསྐྲུན་ཡོད།

         ཡོངས་བསྒྲགས་ཚོགས་འདུའི་ཐོག ལིའུ་ལེ་ཧུང་གིས་བཟོ་ལས་དང་ཆ་འཕྲིན་ཅན་པུས་2021ལོའི་ཟླ་དང་པོ་ནས་བཟུང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་དུས་ཡུན་ལོ་གཅིག་གི“དྲ་བའི་བཀོལ་སྤྱོད་རྒན་རྒོན་ལ་འཕྲོད་པོ་ཡོང་བ་དང་འགོག་རྐྱེན་མེད་པའི་སྒྱུར་བཀོད་ཀྱི་ཆེད་དོན་བྱ་སྤྱོད”ཅེས་པ་དངོས་སུ་སྤེལ་ནས། མིག་སྔའི་རྒན་རྒོན་གྱིས་དྲ་ཚིགས་དང་APPསྤྱོད་སྐབས་འཕྲད་པའི་མངོན་གསལ་དོད་པོ་དང་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་སྔར་བས་ཐག་གཅོད་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན།ཆེད་དོན་བྱ་སྤྱོད་ཀྱིས་རིགས་མི་འདྲ་བའི་དམིགས་བསལ་ཚོགས་སྤྱིའི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། དམིགས་སའི་རང་བཞིན་གྱི་སྒྱུར་བཀོད་དང་ལེགས་སུ་གཏོང་བའི་བྱ་ཐབས་སྤྱད་དེ་སྤྱི་པའི་ཞབས་ཞུའི་རིགས་ཀྱི་དྲ་ཚིགས་115དང་ལག་ཐོགས་ཁ་པར་གྱི་APP 43རྒན་རྒོན་དང་འཕྲོད་པོ་ཡོང་བ་དང་དང་འགོག་རྐྱེན་མེད་པའི་སྒྱུར་བཀོད་ཚར་བ་བྱ་རྒྱུ་དང་། དེ་དག་གསར་འགྱུར་ཆ་འཕྲིན་དང་། འགྲིམ་འགྲུལ་ཕྱིར་སྐྱོད།དངུལ་རྩའི་ཞབས་ཞུ། སྤྱི་ཚོགས་འབྲེལ་བ་དང་འཕྲིན་གཏོང་། འཚོ་བའི་ཉོ་སྒྲུབ། སྨན་བཅོས་བདེ་ཐང་སོགས་སུ་ཁྱབ་ཡོད།
         བསྡོམས་རྩིས་བྱས་པར་གཞིགས་ན།རང་རྒྱལ་དུ་ལག་ཐོགས་ཁ་པར་སྤྱོད་མཁན་རྒན་རྒོན་དུང་ཕྱུར་2.74ཙམ་ཡོད་པའི་ནང་། རིག་ནུས་ལག་ཐོགས་ཁ་པར་སྤྱད་ནས་དྲ་བར་ཞུགས་མཁན་རྒན་རྒོན་དུང་ཕྱུར་1.34ཡོད་པ་དང་། དེའི་ཐོག་ནས་རྒྱལ་ཡོངས་སུ་རྒན་རྒོན་དུང་ཕྱུར་1.4ཙམ་གྱིས་བྱེད་ནུས་ཁ་པར་རམ་རིག་ནུས་ཁ་པར་སྤྱོད་ཀྱི་ཡོད་ཀྱང་དྲ་བར་ཞུགས་ཐུབ་ཀྱི་མེད་པ་མཚོན་པ་དང་། དྲ་བའི་ཐོག་སྐད་ཆ་མི་ཤོད་པའི་གནས་ཚུལ་མངོན་ཡོད།
         ཉེ་བའི་ལོ་ཤས་རིང་། བཟོ་ལས་དང་ཆ་འཕྲིན་ཅན་པུས་ཆ་འཕྲིན་ལ་འགོག་རྐྱེན་མེད་པའི་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྲིད་དོན་དྲ་ཚིགས་ཁྲི་3.2ལ་ཆ་འཕྲིན་ལ་འགོག་རྐྱེན་མེད་པའི་སྒྱུར་བཀོད་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། ཆ་འཕྲིན་ལ་འགོག་རྐྱེན་མེད་པའི་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་མང་དག་ཅིག་མཛུབ་ཁྲིད་དང་ཁྱབ་བསྒྲགས་བྱས་ཤིང་། རིག་ལྡན་རྒན་གསོའི་ཐོན་རྫས་དང་ཞབས་ཞུ་200ལྷག་ཙམ་མཉམ་འབྲེལ་ཐོག་ཁྱབ་གདལ་བཏང་ཡོད། གོམ་སྟབས་རྗེས་མར་རྒན་རྒོན་ལ་རིག་ནུས་ལག་རྩལ་གྱི་མདུན་དུ་འཕྲད་པའི་དཀའ་ངལ་མུ་མཐུད་བསལ་ནས་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ཁྲོད་རྒན་རྒོན་ལ་ཐོབ་ཚོར་དང་། སྐྱིད་ཚོར། བདེ་འཇགས་ཚོར་སེམས་བཅས་དེ་བས་ཆེ་བ་ཡོད་པ་བྱ་རྒྱུ་རེད།
རྩོམ་སྒྲིག་པ། སྣང་རྡོར།