ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

སློབ་འགོ་ཚུགས་སོང་། བྱིས་པ་ཚོའི་ཆེད་དུ་འདི་ལ་གཟིགས་རོགས།

སྤེལ་དུས 2021-09-06 ཡོང་ཁུངས། ཁམས་པའི་དྲ་བ། རྩོམ་པ་པོ།
དེ་རིང་ནས་བཟུང་།
ངས་བྱིས་པ་ལ་བསྔགས་སྐུལ་དང་བསྟོད་པ་བྱེད་པ་ལས།
སྐྱོན་བརྗོད་དང་འཁང་ར་ཁོ་ན་བྱ་རྒྱུ་མིན།
རྒྱུ་མཚན་ནི།
བྱིས་པ་རང་ལ་ཡོད་པའི་བཟང་ཆ་ལ།
དུས་ལྟར་བསྔགས་བརྗོད་དང་སྐུལ་སློང་བྱས་ན།
བྱིས་པ་རང་ལ་ཡིད་ཆེས་དང་སྟོབས་ཤུགས་འཕེལ་ཐུབ་པས་རེད།

དེ་རིང་ནས་བཟུང་།
ངས་བྱིས་པ་ལ་ཁ་བཤད་ཀྱི་སྐད་ཆ་ཁོ་ནས་སློབ་གསོ་གཏང་རྒྱུ་མིན་ཏེ།
བྱ་སྤྱོད་དངོས་ལ་བརྟེན་ནས་བྱིས་པར་ཤུགས་རྐྱེན་ཐེབས་སུ་འཇུག་རྒྱུ་ཡིན།
རྒྱུ་མཚན་ནི།
གོམས་གཤིས་བཟང་པོ་ཆགས་པ་དེ་གཞུང་ལུགས་སྟོང་བཤད་ཙམ་གྱིས་མིན་པར།
མིག་དཔེ་བཟང་པོའི་སྟོབས་ཤུགས་ལ་བརྟེན་དགོས་པས་རེད།

དེ་རིང་ནས་བཟུང་།
ངས་བྱིས་པ་དང་འདྲ་མཉམ་གྱིས་འབྲེལ་མཐུན་བྱས་ནས།
ཁོ་རང་གི་སེམས་ཀྱི་སྐད་ཆར་ཉན་འཇོག་ཅི་ཐུབ་བྱ་རྒྱུ་ཡིན།
རྒྱུ་མཚན་ནི།
བྱིས་པར་རྫིག་རྫིག་གིས་གཤེ་གཤེ་རྐྱང་པ་བཏང་ན།
ཁོ་ཚོས་དེ་བས་རྒྱབ་འགལ་དང་ངོ་རྒོལ་བྱེད་སྲིད་པས་རེད།

དེ་རིང་ནས་བཟུང་།
ངས་སེམས་གཏད་ནས་བྱིས་པ་དང་མཉམ་དུ་འགྲོགས་རོགས་བྱེད་པ་ལས།
ནམ་ཡང་སྣང་གཡེང་དང་སླ་བཅོས་ཀྱི་དབང་དུ་གཏང་རྒྱུ་མིན།
རྒྱུ་མཚན་ནི།
བྱིས་པ་དང་བསམ་མཐུན་ལས་སྦྱོར་གྱིས་མཉམ་འགྲོགས་བྱས་ན།
ད་གཟོད་བྱིས་པས་རང་ལ་བརྩི་ཞིང་ཡིད་ཆེས་བྱ་ངེས་རེད།

དེ་རིང་ནས་བཟུང་།
ངས་རང་ཉིད་ཀྱི་བློ་ཁ་སྲབ་ཀྱིས་གཅུན་ནས།
བྱིས་པའི་སྐྱོན་ཆར་ངང་རྒྱུད་རིང་པོས་སློབ་གསོ་བྱེད་བཞིན།
བདེ་ཐང་ངང་འཚར་ལོངས་འབྱུང་བར་རྒྱུན་འཁྱོངས་བྱ་རྒྱུ་ཡིན།
རྒྱུ་མཚན་ནི།
བྱིས་པ་ལ་རང་གི་བློ་ཁ་གར་ཕྱོགས་ཀྱིས་ཁོང་ཁྲོ་ཆེན་པོས་སྡིགས་པ་ཡིན་ན།
ཡར་ཐོན་དང་ལེགས་ལམ་དུ་འཇུག་མི་ཐུབ་པས་སོ།།

དེ་རིང་ནས་བཟུང་།
ངས་འཆམ་མཐུན་གྱི་ཁྱིམ་ཚང་གི་ཁོར་ཡུག་ཅིག་དང་།
ཁྱོ་ཤུག་གི་འགལ་ཟླས་བྱིས་པ་ལ་ཤུགས་རྐྱེན་དང་གནོད་འཚེ་མི་འབྱུང་བར་ཧུར་བརྩོན་བྱ་རྒྱུ་ཡིན།
རྒྱུ་མཚན་ནི།
འཆམ་མཐུན་གྱི་ཁྱིམ་གཞིས་དྲོན་མོ་ནི།
བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་སའི་གནས་མལ་ཡིན་པས་སོ།།

དེ་རིང་ནས་བཟུང་།
ངས་བྱིས་པ་ལ་རང་ཉིད་ཀྱི་ཕུགས་བསམ་བཅང་བར་རོགས་བྱེད་པ་ལས།
རང་གི་རེ་འདོད་ལྟར་ཨུ་ཚུགས་བྱ་རྒྱུ་མིན།
རྒྱུ་མཚན་ནི།
བྱིས་པ་རང་རང་ལ་རང་ཉིད་ཀྱི་ཕུགས་འདུན་དང་།
རང་ཉིད་ཀྱི་མདུན་ལམ་རེ་ཡོད་པས་ཡིན།

དེ་རིང་ནས་བཟུང་།
ངས་བྱིས་པའི་དོན་དུ་རྣམ་དཀར་གྱི་ལས་ལ་འབད་བཞིན།
དགེ་རྩ་མང་ཙམ་བསྒྲུབ་གང་ཐུབ་བྱ་རྒྱུ་ཡིན།
རྒྱུ་མཚན་ནི།
དགེ་བའི་རྒྱུ་ལས་འབྲས་བུ་བདེ་བ་དང་།
སྡིག་པའི་རྒྱུ་ལས་འབྲས་བུ་སྡུག་བསྔལ་འབྱུང་བས་སོ།།

དེ་རིང་ནས་བཟུང་།
ངས་བྱིས་པའི་རྒྱུད་ཀྱི་མི་འདང་ས་ནས།
རང་ཉིད་ཀྱི་སྐྱོན་ཆ་བཙལ་རྒྱུ་དང་།
བྱ་སྤྱོད་དངོས་ལ་བརྟེན་ནས་རང་ཉིད་ལ་འགྱུར་བ་གཏོང་གང་ཐུབ་བྱ་རྒྱུ་ཡིན།
རྒྱུ་མཚན་ནི།
བྱིས་པའི་རྒྱུད་ཀྱི་སྐྱོན་ཆ་ཡོད་ཚད།
རང་ཉིད་ཀྱི་སྐྱོན་ཆ་དང་འབྲེལ་བ་ཡོད་པ་ཤ་སྟག་ཡིན།

༡༠
དེ་རིང་ནས་བཟུང་།
ངས་བྱིས་པའི་འཚར་ལོངས་འབྱུང་རིང་གི་གོ་རིམ་ཁྲོད།
ཆེས་ཡིད་རྟོན་རུང་བའི་ཕ་མ་ཞིག་དང་།
ཆེས་སྙིང་ཉེ་བའི་གྲོགས་པོ་ཞིག།
ཆེས་བློས་འཁེལ་ཆོག་པའི་རྒྱབ་རྟེན་ཞིག་ཏུ་འགྱུར་བར་ཧུར་བརྩོན་བྱ་རྒྱུ་ཡིན་ནོ།།
རྩོམ་སྒྲིག་པ། སྣང་རྡོར།