ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

སྔོ་ཚལ་གྱི་རྩ་བ་རང་དགར་མ་གཡུགས། སྤྱོད་སྒོ་འདི་འདྲ་འདུག

སྤེལ་དུས 2021-10-27 ཡོང་ཁུངས། གངས་ལྗོངས་ཉིན་གཞོན། རྩོམ་པ་པོ།
           རྒྱུན་དུ་མི་རྣམས་ཀྱིས་ཚལ་གསེད་སྐབས་རྩ་བ་ཕལ་ཆེ་བ་ཕན་མེད་དུ་དབྱུག་གི་ཡོད། དོན་དུ་སྔོ་ཚལ་གྱི་རྩ་བར་འཚོ་བཅུད་མང་པོ་ལྡན་ཡོད་པ་མ་ཟད། འགའ་རེ་སྨན་དུའང་འགྲོ་ཡི་ཡོད་པས། ང་ཚོས་རང་དགར་གཡུག་རྒྱུ་མི་འདུག

           གཅིག ཙོང་གི་རྩ་བ།  ཙོང་གི་རྩ་བས་ཚ་བ་དང་གློ་འཇགས་ཐུབ་ལ། འཆམ་པ་དང་གཉན་ཚད་འགོག་པ་མ་ཟད།  གལ་ཏེ་རྨ་བཟོས་ཚེ།  ཙོང་གི་རྩ་བས་རྨ་རྗེས་མ་ལུས་པ་སོགས་བྱེད་ཐུབ།

           གཉིས། ཇིན་ཚལ་གྱི་རྩ་བ། ཇིན་ཚལ་གྱི་རྩ་བས་ཚ་བ་འཇོམས་ཐུབ་ལ།  སེམས་ལ་གནོན་ཤུགས་འདྲ་བྱུང་ཚེ། ཇིན་ཚལ་མཆོད་དང་། དེས་གནོན་ཤུགས་ཞི་ལྷོད་དུ་གཏོང་ཐུབ་ཀྱི་ཡོད།  ད་དུང་ཁྲག་ཤེད་མཐོ་པོ་དང་། གཉིད་མི་ཁུག་པ། གློ་ཡུའི་གཉན་ཚད་སོགས་ལ་ཕན་གྱི་ཡོད།

           གསུམ། པོའོ་ཚལ་གྱི་རྩ་བ། པོའོ་ཚལ་གྱི་རྩ་བས་ཁྲག་གསོ་བ་དང་། རྩ་འགག་པ་སོགས་བཅོས་ཐུབ་ལ། ཟས་མི་འཇུ་བ་དང་འགྱེལ་ནས་རྨས་སྐྱོན་ཕོག་ཚེ།  པོའོ་ཚལ་གྱི་རྩ་བ་བཟས་ན་ཕན་ཐོགས་ཆེན་པོ་ཡོད།

           བཞི། ཀེའུ་ཚལ་རྩ་བ། ཀེའུ་ཚལ་རྩ་བས་ཚ་དྲོད་འཇོམས་པ་དང་། ཁྲག་རྩ་གཤོང་བ། ཁྲག་ཤེད་གཅོག་ཐུབ་ལ། སྣ་ཁྲག་གཅོད་པར་ཕན་གྱི་ཡོད། །
རྩོམ་སྒྲིག་པ། སྣང་རྡོར།