མཚོ་སྔོན་རྐང་ཚས་སྐབས་དང་པོའི་སྦྲ་གུར་འགྲན་བསྡུར་སྤེལ་བ།
སྤེལ་དུས 2012-07-31
ཡོང་ཁུངས། རྐང་ཚ་བརྙན་འཕྲིན་ཁང་།
རྩོམ་པ་པོ། ཚེ་བྱམས་རྒྱལ།

བྱ་དགའ་ཨང་དང་པོ་ཐོབ་པའི་སྦྲ་གུར།
ཉེ་ལམ། མཚོ་སྔོན་རྐང་ཚས་མཚོ་སྔོན་པོའི་ཁེ་རིམ་ཐང་སྟེ་ལྷ་མོ་གཞོངས་སུ་སྦྲ་གུར་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་ཞིང་། བྱ་འགུལ་འདི་ལ་སྡེ་ཁག་དང་སྡེ་ཁག་གཙོ་བྱས་ཏེ། ཐུན་མོང་མ་ཡིན་པའི་དེང་རབས་སྦྲ་གུར་ཡོད་པ་མ་ཟད། མི་རིགས་ཁྱད་ཆོས་འབུར་དུ་ཐོན་པའི་སྦྲ་གུར་གྱང་ཐོན་ཡོད་པ་རེད། ཐེངས་འདིར་སྦྲ་གུར་ལ་ཨང་དང་པོ་ནས་ཨང་བཅུ་བར་དབྱེ་ཡོད་པ་དང་། འགྲན་བསྡུར་གྱི་ཁ་གཏད་ས་གཙོ་བོ་རྐང་ཚ་རྫོང་ཁོངས་གཏོགས་ཀྱི་སྡེ་ཁག་དང་སྡེ་བ་གཙོ་བོ་ཡིན།

བྱ་དགའ་ཨང་གཉིས་པ་ཐོབ་པའི་སྦྲ་གུར།
ཐེངས་འདིར་སྦྲ་གུར་འགྲན་བསྡུར་སྤེལ་བ་དེས་རྐང་ཚའི་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་སྦྲ་གུར་བསྐྱར་གསོ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཡོད།