ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཆོ་ག

བོད་ལྗོངས་ས་ཁུལ་ཁག་གི་གླུ་གར་རགས་བཤད།

སྤེལ་དུས 2012-03-02 ཡོང་ཁུངས། བོད་ཀྱི་དམངས་ཁྲོད་ཞབས་བྲོའི་རྣམ་བཤད། རྩོམ་པ་པོ། བསྟན་འཛིན་ཚེ་རིང་།

དམངས་ཁྲོད་ཤོད་རྒྱུན་དུ་བོད་རིགས་ནི་སྐད་ཆ་ཤོད་ཤེས་པ་ཙམ་གྱིས་གླུ་ལེན་ཤེས་པ་དང་གོམ་པ་སྤོ་ཤེས་པ་ཙམ་ཙམ་གྱིས་ཞབས་བྲོ་འཁྲབ་ཐུབ་པ་ཅེས་ཟེར། བོད་ལ་གླུ་གར་གྱི་རིགས་མང་ཞིང་རྣམ་པ་ཕུན་སུམ་ཚོགས་པ།ཁྱབ་རྒྱ་ཆེ་ཞིང་ཁྱབ་ཡུལ་མི་འདྲ་བར་བརྟེན་གླུ་གར་གྱི་ནང་དོན་དང་སྟངས་སྟབས།ཉམས་འགྱུར་བཅས་ལ་མི་འདྲ་བའི་ཁྱད་ཆོས་ལྡན། སྤྱིར་ན་བོད་ཡུལ་ས་གནས་ཁག་གི་གླུ་གར་གྱི་ཁྱབ་ཚུལ་འདི་ལྟ་སྟེ།

ལྷ་ས་ཁུལ་གྱི་གླུ་གར་རིགས་ལ་སྟོད་གཞས་དང་ནང་མ། ཨར་གཞས། གྱང་གཞས། སྒོར་གཞས། གར། གཞས་ཆེན། རྔ་བྲོ། ཨ་ཁུ་སྟོན་པའི་བྲོ། རྨེ་རུ་དཔོན་བཟང་། འཆམ། ཀརྨ་ཤར་འཆམ། ཤེལ་རོང་འབྲོང་རྩེད། སེང་འཆམ། རྨ་བྱའི་ཞབས་བྲོ། ལྷ་མོའི་གླུ་གར། ར་སྒྲེང་ཆོས་བྲོ། རྦད་གཞས་དང་ཀོ་རྩེད་སོགས་ཡོད་དོ།

གཞིས་རྩེ་ས་ཁུལ་གྱི་གླུ་གར་རིགས་ལ་སྟོད་གཞས་དང་སྒོར་གཞས། སེར་མ་བྲོ། ཨར་གཞས། གྱང་གཞས། ར་གཞས། གིང་། གར། གཞས་ཆེན། སེང་རྩེད། རྨ་བྱའི་ཞབས་བྲོ། འབྲུག་རྩེད། སྤོ་རོང་རྒྱ་གཞས། གནས་ལུང་རྒྱ་གཞས། ཤེལ་དཀར་རྒྱ་གཞས། ལ་ཡག་རྒྱ་གཞས། སྟེང་དཀར་རྒྱ་གཞས། ལྷ་མོའི་གླུ་གར། ཆར་འབེབས་ཞབས་བྲོ་གསོལ། ལྷོ་གཞས། དུང་རྒྱག ཁམས་གཞས། རྟ་རྒོད་མི་རྒོད། ཤར་པའི་ཞབས་བྲོ། སྤ་ཀོང་དང་སེར་སྤེལ་སོགས་ཡོད།

ཆབ་མདོ་ཁུལ་གྱི་གླུ་གར་རིགས་ལ་སྒོར་བྲོ་དང་གཞས།ཁང་གསར་རས་པ་དང་གཞུང་ལང་རས་པ།འུར་རྡོ་རས་པ།སྤྱན་སྔ་རས་པ།སྤོ་མདའ་རས་པ།སྒོར་ཆེན་རས་པ།ལྷ་མོའི་ཟློས་གར། གེ་སར་སྒྲུང་། གྱང་གཞས། འཆམ། ཆང་གཞས། ཤིང་བྲོ། མཛུབ་བྲོ། ལྷོ་པའི་ཞབས་བྲོ། སྟེང་པའི་ཞབས་བྲོ་སོགས་ཡོད།

     ནག་ཆུ་ཁུལ་གྱི་གླུ་གར་རིགས་ལ་བྲོ་སྒོར་གཞས་སམ་སྒོར་གཞས།ཤར་གྱི་བྲོ་སྒོར་གཞས་དང་ནུབ་ཀྱི་བྲོ་སྒོར་གཞས། དབུས་ཀྱི་བྲོ་སྒོར་གཞས། ཨར་གཞས། གྱང་གཞས། སྟེང་དཀར། རས་པ། གར། གཞས་གསར། འཆམ། གཞས་བཤགས་སོགས་ཡོད་དོ།

ལྷོ་ཁ་ཁུལ་གྱི་གླུ་གར་རིགས་ལ་སྒོར་གཞས་དང་སྟོད་གཞས། བྲོ་པ་གཞས་མ། གཞས་ཆེན། ཨར་གཞས། གྱང་གཞས། གར་པ་གཞས་མ། གར། སྤྱང་བཤད། འབྲོང་རྩེད། ཀོ་རྩེད། མི་ནག་འཆམ། འཆམ། ལྷ་མོའི་གླུ་གར། ལྷོ་པའི་ཞབས་བྲོ། མོན་པའི་ཞབས་བྲོ། ཕོ་མཚན་ཞབས་བྲོ། རོ་ལངས་ཞབས་བྲོ་སོགས་ཡོད་དོ།

མངའ་རིས་ས་ཁུལ་གྱི་གླུ་གར་རིགས་ལ་སྒོར་གཞས་དང་བྲོ་གཞས། གར། ཤོན། དར་ཤོན། ཡ་པ་ཡ་མ། འབྲོང་རྩེད། མ་ཎི། སྒྲ་སྙན་ཞབས་བྲོ། རྨ་བྱའི་ཞབས་བྲོ་སོགས་སོ།

ཉིང་ཁྲི་ས་ཁུལ་གྱི་གླུ་གར་རིགས་ལ་བྱེ་པའི་བྲོ་དང་སྤོ་བྲོ། བྲོ་སྐོར། རས་པ། ཀོང་བྲོ། མི་ནག་འཆམ། འཆམ། གཡག་མཇུག་དཀར་པོ། སྒྲ་སྙན་ཞབས་བྲོ། ཀོང་པའི་མདའ་གཞས། རྨ་བྱའི་ཞབས་བྲོ། ཕུག་རོན་ཞབས་བྲོ། སྐོར་བྲོ། བྲོ་སྒོར་གཞས། ལྷོ་པའི་ཞབས་བྲོ། མོན་པའི་ཞབས་བྲོ། རྦད་གཞས་སོགས་སྣ་མང་ཡོད།