ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཆོ་ག

མིག་མངས།

སྤེལ་དུས 2017-09-08 ཡོང་ཁུངས། བོད་རིག་པ་སྤྱི་བཤད། རྩོམ་པ་པོ། ཐུབ་བསྟན་ཕུན་ཚོགས།
            རྡོ་ལེབ་བམ་ཤིང་ལེབ་གང་རུང་ཞིག་གི་ཐོག་ཏུ་རེའུ་མིག་གྲུ་བཞི་མིག་མངས་ཀྱི་རིས་སུ་བཅད། དེ་ལ་རེའུ་མིག་དང་གྲངས་བསྟུན་ནས་རྡེའུ་དཀར་ནག་རྣམས་ཕྱོགས་གཉིས་སུ་བཀོད་ཅིང་རིག་རྩལ་ལ་བརྟེན་ནས་རྒྱལ་ཕམ་རྩོད་པའི་རྩེད་རིགས་ཤིག་ཡིན། འདི་ཡང་ཆེས་གནའ་བོའི་དུས་ཀྱི་རྩེད་རིགས་ཤིག་ཡིན་ཏེ། ཏུང་ཧོང་ཡིག་ཆའི་ནང་དུ་རྒྱལ་པོ་སྲོང་བཙན་སྒམ་པོའི་བློན་པོ་ཁྱུང་པོ་སྤུངས་སད་ཟུ་ཙེའི་བློ་མཛངས་པའི་ཚད་བཤད་པའི་སྐབས་སུ། དམག་གི་ཇུས་གཞི་བཀོད་བཞིན་མིག་མངས་རྩེད་ཀྱིན་ཡོད་པར་གསལ་བ་ལ་བརྟགས་ན་སྐབས་དེར་མིག་མངས་དེ་བོད་ཀྱི་དཔོན་རིགས་ནང་དུ་དར་སྲོལ་ཆེ་བའི་རྩེད་རིགས་ཤིག་ཆགས་ཡོད་པར་མཐོང་ཐུབ།