དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཆོ་ག

འབྲི་གུང་བཀའ་བརྒྱུད་པའི་རོལ་དབྱངས།

སྤེལ་དུས 2020-06-16 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་པ་པོ། མི་གསལ།

        འབྲི་གུང་བཀའ་བརྒྱུད་པའི་ཆོས་ལུགས་རོལ་དབྱངས་ནི་བོད་ལྗོངས་ནང་བསྟན་དགོན་སྡེ་ཁག་གི་ཆེས་རྒྱུན་བཀོལ་ཆེ་ཞིང་། གཙོ་ཆེ་བ། ཁྱབ་བརྡལ་ཆེ་བའི་རོལ་དབྱངས་ཚོགས་པ་ཞིག་ཡིན་ལ། དེ་ནི་བོད་ལྗོངས་ནང་བསྟན་དགོན་སྡེ་ཁག་གི་སྒྲུབ་མཆོད་ཆོ་ཀ་དང་དགའ་བསུའི་ཆོ་ག  ལྷ་འཆམ་སོགས་ཆོས་ལུགས་དང་འབྲེལ་བའི་ཆོ་ག་དག་ཏུ་མེད་དུ་མི་རུང་བ་ཞིག་དང་། ནང་བསྟན་དགོན་སྡེའི་རོལ་ཆས་རོལ་དབྱངས་ཀྱི་རྣམ་པ་གཙོ་བོ་ཞིག་ཡིན། འབྲི་གུང་དགོན་པ་ནི་འབྲི་གུང་བཀའ་བརྒྱུད་པའི་མ་དགོན་ཡིན་ཞིང་། འབྲི་གུང་མཐིལ་དགོན་པའི་འབྲི་གུང་བཀའ་བརྒྱུད་པའི་ཆོས་ལུགས་རོལ་ཚོགས་ནི་བོད་ལྗོངས་དགོན་སྡེའི་རོལ་ཚོགས་ཁྲོད་དུ་ཚབ་མཚོན་རང་བཞིན་དང་ཁྱད་འཕགས་རང་བཞིན་ཐོན་ཡོད། བོད་ཀྱི་ཡུལ་གྲུ་སོ་སོར་ཁྱབ་པའི་འབྲི་གུང་པའི་དགོན་སྡེ་ཉིས་བརྒྱ་ལྷག་ལ་ཁྱབ་ཡོད་པ་མ་ཟད། སྤྱིར་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་སོ་སོར་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད། ༡༡༧༩ལོར་སྐྱོབ་པ་འཇིག་རྟེན་མགོན་པོས་འབྲི་གུང་བཀའ་བརྒྱུད་པའི་རོལ་དབྱངས་རོལ་ཆས་གཏོང་བའི་སྲོལ་དར་བ་ནས་རིམ་བཞིན་འཐུས་སྒོ་ཇེ་ཚང་དུ་སོང་ཞིང་། ནང་བསྟན་ཆོས་ལུགས་སོ་སོའི་ཁྲོད་བཀོལ་བཞིན་པའི་ཚད་ཅུང་མཐོ་ལ་ཆ་ཚང་བའི་རོལ་དབྱངས་ཤིག་ཏུ་ཆགས་ཡོད། འབྲི་གུང་ཆོས་རྒྱལ་སྐུ་ཕྲེང་བཅུ་བདུན་པ་རིན་ཆེན་ཕུན་ཚོགས་ཀྱི་དུས་སུ་ལོ་རེ་བཞིན་རྡོ་རྗེ་གྲོ་ལོ་འཁྲབ་པའི་སྲོལ་དེ་རྒྱུན་འཇགས་སུ་སོང་ཞིང་། རོལ་ཚོགས་སུ་རོལ་ཆས་ཀྱི་རིགས་དང་། རོལ་ཆས་དཀྲོལ་སྟངས་སོགས་ནང་བསྟན་ཆོས་ལུགས་ཀྱི་ཆོ་ག་དག་ཏུ་དར་སྤེལ་བྱས་པ་ནས་བཟུང་འབྲི་གུང་བཀའ་བརྒྱུད་པའི་དགོན་སྡེའི་རོལ་དབྱངས་ཀྱི་འཕེལ་རྒྱས་ལ་ནུས་པ་བླ་མེད་ཐོན་ཡོད། ཕྱིས་སུ་འབྲི་གུང་ཆོས་རྒྱལ་རིམ་བྱོན་གྱིས་རོལ་ཆས་སྣ་ཇེ་མང་དང་རོལ་ཆས་དཀྲོལ་བའི་སྒྱུ་རྩལ་གྱི་ཕྱོགས་ལ་བྱས་རྗེས་མི་དམན་པ་བཞག་ཡོད། 

        འབྲི་གུང་མཐིལ་དགོན་གྱི་འབྲི་གུང་བཀའ་བརྒྱུད་པའི་རོལ་དབྱངས་ནི་ནང་དོན་མི་འདྲ་བ་དང་རྣམ་པ་མི་འདྲ་བའི་ཆོས་ལུགས་སོ་སོའི་བྱ་འགུལ་ཁྲོད་འཚམ་པའི་འགྱུར་བ་མང་ཞིང་དབྱངས་ཀྱི་འདེགས་འཇོག་ལ་ངེས་སྲོལ་ཡོད་པའི་རོལ་དབྱངས་མ་ལག་ཅིག་ཡིན་པ་མ་ཟད། ད་དུང་ཆེད་སྤྱོད་དང་ཆེད་སྤྱོད་མ་ཡིན་པའི་རོལ་དབྱངས་སྣ་ཚོགས་ཡོད།  རོལ་དབྱངས་འདི་དག་ནི་རོལ་ཚིག་ཟིན་ཐོར་བཀོད་པ་དང་གྲྭ་པ་རྒན་གྲས་ཚོས་ངག་ནས་བརྒྱུད་ཡོང་བ་གཉིས་མཉམ་འབྲེལ་གྱིས་རྒྱུན་འཛིན་བྱས་པ་ཞིག་ཡིན། འབྲི་གུང་བཀའ་བརྒྱུད་པའི་ཆོས་ལུགས་རོལ་དབྱངས་ལ་རོལ་ཆས་སྣ་འཛོམས་པ་མ་ཟད།  བོད་ཀྱི་དགོན་སྡེ་གཞན་དག་ན་མཐོང་དཀོན་པའི་སུར་སྣ་དང་ཌ་མ་རི། མཁར་རྔ་སོགས་ཐུན་མོང་མ་ཡིན་པའི་རོལ་ཆས་མང་པོ་ཡོད་པ་མ་ཟད། འབུད་རྡུང་དཀྲོལ་གསུམ་གྱི་ཆ་ལ་ཡང་ཁྱད་དུ་འཕགས་ཤིང་སྒྱུ་རྩལ་གྱི་ནུས་པ་ཚད་མཐོན་པོ་ཡོད། འབྲི་གུང་བཀའ་བརྒྱུད་པའི་ཆོས་ལུགས་རོལ་དབྱངས་ནི་བོད་བརྒྱུད་ནང་བསྟན་དགོན་སྡེའི་རོལ་ཆས་སྒྱུ་རྩལ་ཁྲོད་ཀྱི་སྲོག་ཤིང་ཡིན་ལ། བོད་མི་རིགས་ཀྱི་རིག་གནས་ཕུལ་བྱུང་ཞིག་ཀྱང་ཡིན་པས། མྱུར་སྐྱོབ་དང་བརྒྱུད་འཛིན་བྱ་རྒྱུ་ནི་ངེས་པ་དོན་གྱི་བྱ་བ་གལ་ཆེན་ཞིག་རེད། 

        འབྲི་གུང་བཀའ་བརྒྱུད་པའི་ཆོས་ལུགས་རོལ་དབྱངས་ཀྱི་ལོ་རྒྱུས་ནི་ལོ་ངོ་༨༧༠ཡར་སྔོན་འབྲི་གུང་བཀའ་བརྒྱུད་པའི་གྲུབ་མཐའ་བྱུང་བའི་དུས་ལ་གཏུགས་ཆོག་ཏེ། སྤྱི་ལོ་༡༡༧༩ལོར་སྐྱོབ་པ་འཇིག་རྟེན་མགོན་པོས་འབྲི་གུང་བཀའ་བརྒྱུད་ཀྱི་གྲུབ་མཐའ་སྲོལ་བཏོད་ཅིང་གསར་དུ་བཞེངས་པའི་མཚམས་ཁང་དུ་འབུད་དཀྲོལ་བྱེད་པའི་སྲོལ་དུ་ཆགས་པ་རེད། འབྲི་གུང་ཆོས་རྒྱལ་སྐུ་ཕྲེང་བཅུ་བདུན་པ་རིན་ཆེན་ཕུན་ཚོགས་ཀྱི་དུས་སུ་ལོ་རེ་བཞིན་རྡོ་རྗེ་གྲོ་ལོ་འཁྲབ་པའི་སྲོལ་བཏོད་པ་དང་མཉམད་དུ་འབྲི་གུང་བཀའ་བརྒྱུད་ཆོས་ལུགས་རོལ་དབྱངས་ཀྱིས་ལྷ་འཆམ་ལ་རམ་འདེགས་བྱས་ཤིང་རིམ་བཞིན་ཅུང་ཆ་ཚང་དང་ཚད་ལྡན་གྱི་རོལ་ཚོགས་ཤིག་ཏུ་གྱུར་ཡོད། དུས་རབས་བཅོ་ལྔ་པའི་རྗེས་སུ་རོལ་ཚོགས་ཏེ་རིམ་བཞིན་གཏན་འཇགས་དང་སྒྲིག་གཞི་ཅན་དུ་གྱུར་ཞིང་རོལ་ཆས་བཅུ་ཕྲག་ལྷག་ཇེ་མང་དུ་སོང་བ་དང་བསྟུན་ནས་འབུད་དཀྲོལ་གྱི་སྒྱུ་རྩལ་ནུས་པ་མུ་མཐུད་ནས་ཇེ་མཐོར་སོང་བས་བོད་ལྗོངས་དགོན་སྡེ་ཁག་གི་ཆོས་ལུགས་མཛད་སྒོ་དག་ཏུ་གོ་གནས་གལ་ཆེན་བཟུང་ཡོད་པ་མ་ཟད། མཚན་སྙན་ཡང་ཧ་ཅང་ཆེ། 
        འབྲི་གུང་བཀའ་བརྒྱུད་པའི་ཆོས་ལུགས་རོལ་དབྱངས་ལ་ཆོས་རོལ(曲瑞)ཟེར་ཞིང་། རོལ་ཆས་ལ་ལག་རྔ་དང་སྦུབ་ཆལ། དུང་ཆེན། (རག་དུང)རྒྱ་གླིང་། སུར་སྣ། ཌ་མ་རུ། རྐང་གླིང་། (རྐང་དུང)དུང་དཀར་སོགས་བཅུ་ལྷག་ཡོད་ལ། དེའི་ནང་ནས་སྦུབ་ཆལ་དང་ལག་རྔ། དུང་ཆེན། རྒྱ་གླིང་དག་ནི་རོལ་ཚོགས་ཀྱི་གྲུབ་ཆ་གཙོ་བོ་ཡིན་ལ་རོལ་ཆས་ཀྱི་བཟོ་བཀོད་ཅུང་ཚད་ལྡན་དུ་སླེབས་ཡོད། རོལ་ཆས་ཆེ་གྲས་༨༠ལྷག་ཡོད་ལ་དེའི་ནང་ནས་འབུད་དཀྲོལ་བྱེད་ཐུབ་པ་༢༠ལྷག་ཡོད་ཅིང་། གཞན་རྣམས་སླར་གསོ་བྱེད་དགོས་པར་འདུག ད་དུང་རོལ་ཚིག་དང་དུང་ཚིག འཆམ་ཡིག་སོགས་ཡོད་དོ། །  རོལ་ཆས་འདི་དག་ནི་སྒྲུབ་མཆོད་དང་དུས་མཆོད། རབ་གནས་མཛད་སྒོ། མཆོད་མཇལ། སྨོན་ལམ། ཆོས་ཚོགས། ལྷ་འཆམ་སོགས་ཀྱི་སྐབས་སུ་བཀོལ་བཞིན་ཡོད། ད་ལྟ་རོལ་ཆས་འདི་དག་འབུད་རྡུང་དཀྲོལ་གསུམ་ལ་ཐོགས་པ་མེད་པ་བཙུན་པ་རྒན་གྲས་དགུང་ལོ་༨༠ལ་སོན་པ་གཅིག་ལས་མི་འདུག  འདི་གར་འབུལ་རྡུང་དཀྲོལ་གསུམ་ལ་སྦྱང་བ་བྱེད་མཁན་སྐོར་ཞིག་གསོ་སྐྱོང་བྱེད་ཀྱིན་ཡོན་ནའང་གནས་ཚུལ་གང་མང་གིས་རྐྱེན་གྱིས་དེ་འདྲའི་ལེགས་པོ་ཞིག་འཁྱོང་གིན་མེད་པས་ཤུགས་སྣོན་རྒྱག་དགོས་པར་འདུག
        འབྲི་གུང་བཀའ་བརྒྱུད་པའི་ཆོས་ལུགས་ཆོ་ག་དང་དགོན་པའི་བྱ་འགུལ་གྱིས་ལོ་༨༠༠ལྷག་ལ་བརྒྱུད་འཛིན་བྱས་པའི་འབྲི་གུང་བཀའ་བརྒྱུད་པའི་ཆོས་ལུགས་རོལ་དབྱངས་ལ་བོད་ལྗོངས་ནང་བསྟན་འབྲི་གུང་བཀའ་བརྒྱུད་པའི་རོལ་ཆས་སྒྱུ་རྩལ་དང་གསོན་ཤུགས་ཀྱི་ཁྱད་ཆོས་ཡོད་པ་མ་ཟད། བོད་བརྒྱུད་ནང་བསྟན་ཆོས་ལུགས་དར་ཡོད་པའི་རྒྱལ་ཁབ་དང་ས་གནས་སོ་སོར་ཤུགས་རྐྱེན་ཆེན་པོ་ཐེབས་པས་བོད་བརྒྱུད་ནང་བསྟན་གྱིས་ས་གནས་མི་རིགས་ཀྱི་རིག་གནས་སྒྱུ་རྩལ། མཐའ་མཚམས་རྒྱལ་ཁབ་དང་ས་གནས་ཀྱི་རོལ་མོའི་རིག་གནས་སོགས་ལ་གསར་གཏོད་རང་བཞིན་དང་བོད་ཀྱི་དགོན་སྡེའི་རོལ་མོའི་ཁྲོད་ཚབ་བྱེད་རང་བཞིན་གྱི་ནུས་པ་ཐོན་ཡོད། འདི་ལ་འབུར་དུ་ཐོན་པའི་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་ལྡན་ཞིང་སྒྱུ་རྩལ་གྱི་ཆ་ནས་ཅུང་མ་ལག་ཅན་དང་ཆ་ཚང་ཅན། རྣམ་པའི་ཐོག་ནས་ཅུང་སྣ་མང་དང་ཚད་ལྡན། ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་རིན་ཐང་མངོན་ཡོད། 
འདི་ལའང་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རིན་ཐང་སོགས་ལྡན་པས་གཤམ་དུ་ཕྱོགས་གསུམ་ནས་ཕྱོགས་བསྡུས་བྱས་ཡོད། 
        ༡ ལོ་རྒྱུས་ཀྱི་རིན་ཐང་ལྡན་པ། འབྲི་གུང་བཀའ་བརྒྱུད་པ་ནི་བོད་ཀྱི་ནང་བསྟན་གྲུབ་མཐའི་ཁྲོད་ཀྱི་གྲུབ་མཐའ་གཙོ་བོ་ཞིག་ཡིན་པས་གཅིག་ནས་བོད་ཀྱི་སྤྱི་ཚོགས་ཐོག་གོ་གནས་ངེས་ཅན་དང་། འབྲི་གུང་བཀའ་བརྒྱུད་པའི་ཆོས་ལུགས་རོལ་དབྱངས་ལ་ལོ་ངོ་༨༠༠ལྷག་གི་ལོ་རྒྱུས་ཡོད་པས་ན་བོད་སྤྱི་དང་བོད་བརྒྱུད་ནང་བསྟན་གྱི་རོལ་དབྱངས་ཀྱི་ལོ་རྒྱུས་ཁྲོད་རིན་ཐང་ཆེན་པོ་ལྡན་ལ་དོན་སྙིང་གལ་ཆེན་བཟུང་ཡོད།
        ༢ རིག་གནས་སྒྱུ་རྩལ་གྱི་རིན་ཐང་། འབྲི་གུང་མཐིལ་དགོན་པའི་རོལ་ཆས་ལ་སྲོད་རྒྱུན་དམངས་ཁྲོད་རོལ་ཆས་སྒྱུ་རྩལ་གྱི་ཉིང་བཅུད་མང་པོ་འཛོམས་ཡོད་པ་མ་ཟད། རྒྱ་ནང་། རྒྱ་གར། དབྱི་སི་ལན་རྒྱབ་ཁབ་དང་ས་གནས་ཀྱི་རོལ་ཆས་ཀྱི་ཉིང་བཅུད་ཀྱང་བསྡུ་ལེན་བྱས་ཏེ་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་པས་རིག་གནས་འབྲེལ་འདྲིས་དང་བརྒྱུད་བསྒྲག་གི་ནུས་པ་བླ་ལྷག་ཐོན་ཡོད་ལ་སྒྱུ་རྩལ་གྱི་ཆ་ནས་རིན་ཐང་མངོན་པར་འཕགས་ཡོད། གཞན་ད་དུང་རིག་གནས་སྣ་མང་གི་འདོད་བློ་སྐུང་བའི་རིན་ཐང་་སོགས་ཀྱང་ཡོད་དོ།།
        འབྲི་གུང་དགོན་པས་ལོ་རེར་སྤེལ་བཞིན་པའི་ལྷ་འཆམ་དང་ཆོས་ལུགས་ཆོ་ག་མང་པོས་ཕྱི་ནང་གི་དད་ལྡན་མང་པོའི་མིག་གིས་ལྟ་ས། རྣ་བས་ཉན་སར་གྱུར་ཞིང་༢༠༠༤ལོར་མི་འབོར་ཁྲི་༢༢ཙམ་མིང་དུ་གྲགས་པའི་བྱ་འགུལ་འདིར་ཞུགས་ཡོད་པས་ན་འདི་ལ་རིག་གནས་སྣ་མང་གིས་འདོད་བློ་སྐུང་བར་ཁྱད་ཆོས་དང་རིན་ཐང་སོགས་ཀྱང་ལྡན་ནོ།།
རྩོམ་སྒྲིག་པ། སྣང་རྡོར།