ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཚ་ཤོས།

《བྱང་འབྲོག—རྔོན་པའི་གོམས་སྲོལ་རིག་གནས》

སྤེལ་དུས 2017-08-24 ཡོང་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། རྩོམ་པ་པོ། ན་བུན།
         

 རྩོམ་པ་པོ།  བསྟན་པ་ཡར་རྒྱས། 

          བྱང་འབྲོག་རྔོན་པའི་གོམས་སྲོལ་རིག་གནས་ཞེས་པའི་དེབ་ཆུང་འདིར་རྔོན་རྒྱག་གོམས་སྲོལ་བརྒྱུད་ནས་མི་རྣམས་ཀྱིས་གོ་ཐོས་བྱུང་མྱོང་མེད་པའི་གོམས་སྲོལ་མང་པོ་ཞིག་ངོ་སྤྲོད་གནང་ཡོད་པ་དཔེར་ན། རྔོན་རྒྱག་གི་སྒྲིག་སྲོལ་དང“འཛམ་པ”ཞེས་པའི་དམིགས་བསལ་གྱི་རྔོན་པའི་སྐོར་དང་།  “ཨབ་ལག”སོགས་ཀྱི་སྐོར་ལྟ་བུའོ།  །འདི་དག་ལ་ས་རྔོན་རྒྱག་གི་གོམས་སྲོལ་དེ་དུས་ཡུན་རིང་པོའི་ལོ་རྒྱུས་འཕེལ་རིམ་བརྒྱུད་རང་བྱུང་ཁོར་ཡུག་གི་གནས་ཚུལ་དང་འཚམ་པའི་ཉམས་མྱོང་མང་པོ་བསགས་པ་ལས་མ་ལག་ལྡན་པ་དང་།  སྒྲོག་སྲོལ་ངེས་ཅན་ཡོད་པའི་ཐོན་སྐྱེད་ཀྱི་བྱེད་སྒོ་ཞིག་གྲུབ་པ་ལས།  རང་མོས་གང་འདོད་ཀྱིས་རི་དྭགས་རྔོན་རྒྱག་བྱེད་སྲོལ་མེད་པ་མངོན་ཐུབ།  ལྷག་པར་དུ་དེབ་ཆུང་འདི་ལས་ཀློག་པ་པོས་རྔོན་རྒྱག་གོམས་སྲོལ་དར་རྒྱས་ཆེ་བའི་དུས་ཀྱི་འབྲོག་པའི་འཚོ་བ་གསོན་ཉམས་དོད་པོའི་སྒོ་ནས་མྱངས་ཐུབ་ལ།  ལོ་རྒྱུས་འཕེལ་རིམ་ཁྲོད་དུ་དར་བའི་རྔོན་རྒྱག་གོམས་སྲོལ་དང་འབྲེལ་བའི་རིག་གནས་ལྟ་བ་ཡང་ཤེས་རྟོགས་བྱ་ཐུབ་པར་མ་ཟད།  དེང་དུས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དེ་ཡུལ་སུས་གོམས་གཤིས་ལ་བསྟུན་ནས་སྲུང་སྐྱོབ་རྣམ་གྲངས་འཆར་འགོད་དང་ལག་བསྟར་བྱེད་པ་ལ་དཔྱད་གཞིའི་རིན་ཐང་ངེས་ཅན་མཁོ་སྤྲོད་ཐུབ་པ་དང་།  འབྲོག་པའི་རིག་གནས་ལ་དོ་སྣང་དང་ཐུགས་ཁུར་གནང་མཁན་གྱི་ན་གཞོན་ཤེས་ལྡན་མི་སྣའི་བློ་སྒོ་འབྱེད་རྒྱུ་དང་།  སྐུལ་ལྕག་ཐེབས་རྒྱུར་ཕན་ནུས་ངེས་ཅན་ཐོན་ངེས་རེད།


          དཀར་ཆག

          དང་པོ།  རྔོན་རྒྱག་གི་དར་ཁུངས།(1)

          གཉིས་པ།  བྱང་འབྲོག་རྔོན་པའི་རྒྱུན་ཤེས་དང་ཚང་དགོས་པའི་ཆ་རྐྱེན།(18)

          གསུམ་པ།  རྔོན་པའི་མཚོན་ཆ་དང་དཔུང་རོགས་ཀྱི་སྐོར།(29) 

          བཞི་པ།   རྔོན་པས་ངེས་པར་སྲུང་དགོས་པའི་སྒྲིག་ལམ་གྱི་སྐོར།(44)

          ལྔ་པ།  བྱང་འབྲོག་རྔོན་པའི་རྔོན་རྒྱག་གི་བྱ་ཐབས།(56) 

          དྲུག་པ།  བྱང་འབྲོག་རྔོན་པའི་ཐུན་མོང་མ་ཡིན་པའི་རྔོན་རྒྱག་གོམས་སྲོལ་ཐོར་བུ།(73)

          བདུན་པ།  བྱང་འབྲོག་གིས་ཐ་ཤལ་དུ་བརྩི་བའི་རྔོན་པ————འཛམ་པ།(96) 

          བརྒྱད་པ།  གདོད་མའི་གུང་ཁྲན་རིང་ལུགས་ཀྱི་ཤུལ་ལྷག་གོམས་སྲོལ————ཨབ་ལག(102)

          དགུ་པ།   རི་དྭགས་དང་སྒོ་ཕྱུགས་བར་གྱི་འབྲེལ་བ།(111) 

          བཅུ་པ།  རི་དྭགས་ཀྱི་རྭ་ཅོ་དང་ཀོ་ལྤགས་སྤུ་རྩིད་སོགས་ཀྱི་ཕན་ནུས།(130)


          བཅུ་གཅིག་པ།  དམངས་ཁྲོད་རྩོམ་རིག་དང་གནའ་བོའི་མགུར་ལས་བྱུང་བའི་རི་དྭགས་དང་རྔོན་རྒྱག་གི་སྐོར།(138) 

          རི་སྐྱེས་སྲོག་ཆགས་ཀྱི་དགའ་འབོད།————མཇུག་བྱང་གི་ཚབ་ཏུ།(164)