མངོན་མིན་རིག་གནས་ཤུལ་བཞག་གི་སྒྱུ་རྩལ་རྒྱུན་འཛིན་བྱེད་པ།
སྤེལ་དུས 2023-03-06
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
འདི་ནི་ལྷ་ས་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་མལ་གྲོ་གུང་དཀར་རྫོང་སྟག་ཕུ་གླིང་གནས་སྲོལ་རྒྱུན་རྒྱན་གོས་བཟོ་རྩལ་གྱི་རྒྱུན་འཛིན་པ་མི་རབས་ལྔ་པ་རྒྱ་མཚོས(གཡོན) དགེ་ཕྲུག་ཚོར་འབག་བཟོ་རྩལ་སློབ་བཞིན་པ།
མངོན་མིན་རིག་གནས་ཤུལ་བཞག་ནི་རིག་གནས་ཐོན་ཁུངས་གལ་ཆེན་ཞིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོབ་གཙོ་བོར་འཛིན་པ་དང་། མྱུར་སྐྱོབ་ཨང་དང་པོར་འཇོག་པ། ལུགས་མཐུན་བེད་སྤྱོད།རྒྱུན་འཛིན་འཕེལ་རྒྱས་བཅས་ཀྱི་བྱེད་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་ཁུལ་གལ་ཆེན་འཛུགས་རྒྱུ་དམིགས་ཡུལ་དུ་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་མྱུར་སྐྱོབ་དང་། སྲུང་སྐྱོབ། རྒྱུན་འཛིན། འཕེལ་རྒྱས་བཅས་ཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
རྩོམ་སྒྲིག་པ། སྣང་རྡོར།