ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཚ་ཤོས།

ངོ་མཚར་ཆེ་བའི་སྨར་ཁམས་ཚྭ་ལྷོ་ཁའི་ཚྭ་ཞིང་གི་ལྗོངས་ཁམས།

སྤེལ་དུས 2023-08-11 ཡོང་ཁུངས། གངས་ལྗོངས་ཉི་གཞོན། རྩོམ་པ་པོ།

       སྨར་ཁམས་ཚྭ་ལྷོ་ཁ་ཚྭ་ཞིང་ལ་ལོ་ངོ་1300ལྷག་གི་ལོ་རྒྱུས་ཡོད་པ་དང་། བོད་ལྗོངས་སྨར་ཁམས་རྫོང་ཚྭ་ལྷོ་ཁ་གྲོལ་རྡལ་གྱི་རྫ་ཆུའི་ཕྱོགས་གཉིས་སུ་གནས་ཡོད། རང་རྒྱལ་གྱི་ལག་བཟོ་ཉི་བསྲོས་ཐབས་ལམ་རྒྱུན་འཛིན་ཆ་ཚང་བྱས་པའི་ཆེས་གདོད་མའི་རྣམ་པ་གནས་པའི་ས་གནས་ཉག་ཅིག་ཡིན། 2023ལོའི་ཟླ་6པའི་ཚེས་1ཉིན། 《ཆབ་མདོ་གྲོང་ཁྱེར་སྨར་ཁམས་ཚྭ་ཁྲོན་གནའ་བོའི་ཚྭ་ཞིང་སྲུང་སྐྱོབ་སྲོལ་ཡིག》དངོས་སུ་ལག་བསྟར་བྱས། སྨར་ཁམས་ཚྭ་ལྷོ་ཁ་གནའ་བོའི་ཚྭ་ཞིང་སྲུང་སྐྱོབ་རྒྱུན་འཛིན་དང་། ལྟ་སྐུལ་དོ་དམ་ལས་ཀར་ཁྲིམས་ཁུངས་འདེད་ས་ཡོད་པར་བྱས།

       གནས་འདིའི་ཚྭ་སྙོལ་གྱི་ཐབས་ལམ་ནི་ཧ་ཅང་གདོད་མ་དང་གནའ་བོའི་རང་བཞིན་ཡོད། མི་རྣམས་ཀྱི་ཆུ་འགྲམ་དུ་ཚྭ་ཁྲོན་བསྐོས་ནས་ཚྭ་ཆུ་བླངས་ཏེ་ཤིང་ཟོམ་གྱིས་ཚྭ་ཆུ་མཐོ་སར་ཁུར་ནས། ཚྭ་ཞིང་རིམ་སྐས་སོ་སོའི་ནང་དུ་བླུགས་པ་རེད། མཐོ་སྒང་གི་ཉི་མར་བཏིང་བ་དང་རི་ལུང་གི་རླུང་རྒྱུ་བྱས་ཏེ་ཆུའི་གྲུབ་ཆ་རིམ་བཞིན་སྐམ་ནས་ཚྭ་ཞིང་དུ་འོད་ཆིལ་ཆིལ་དུ་བཀྲ་བའི་ཚྭ་རྡོག་དེ་ཚོ་མཐོང་ཐུབ།

       ལོ་ངོ་བརྒྱ་སྟོང་གི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་དུ། ཚྭ་ཞིང་སྟེང་གི་བུད་མེད་ཚོས་རང་བྱུང་ཁོར་ཡུག་གི་དཀའ་སྡུག་གང་མང་དང་དུ་བླངས་ནས་ཚེ་སྲོགས་དང་ཡིད་དད་རང་གི་ཕ་ས་ཕ་ཡུལ་གྱི་རིག་གནས་དང་ཚྭ་ཞིང་དེ་སྲུང་། གྲགས་ཆར་དང་རླུང་འཚུབ། ཉི་འོད་དང་ཆུ་སོགས་མང་པོའི་ཁྲོད་ནས་གནའ་བོའི་ཚྭ་ལྷོ་ཁའི་ཚྭ་ཞིང་རིག་གནས་སྣང་ཚུལ་དེ་རྒྱུན་འཛིན་དང་སྲུང་སྐྱོབ་བྱས་པ་དང་དེས་ཀྱང་ས་གནས་དེ་གའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཡང་མཚོན།
རྩོམ་སྒྲིག་པ། སྣང་རྡོར།