ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཚ་ཤོས།

ཁམས་པའི་བརྙན་འཕྲིན་ཁང་གི་ལོ་སར་སྤྲོ་ཚོགས་ཕབ་སྐྲུན་བྱས་ཟིན།

སྤེལ་དུས 2024-01-16 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།

     ཟླ་1ཚེས་13ཉིན་གྱི་དགོང་མོར《གཡུ་འབྲུག་དགྱེས་སྟོན》ཞེས་པའི་2024ལོའི་ཁམས་པའི་བརྙན་འཕྲིན་ཁང་གིས་བོད་ཤིང་འབྲུག་ལོའི་ལོ་སར་སྤྲོ་ཚོགས་ཁྲེན་ཏུའུ་རུ་ཕབ་སྐྲུན་བྱས་པ་དང་། སི་ཁྲོན་དང་། བོད་ལྗོངས། མཚོ་སྔོན། ཀན་སུའུ།ཡུན་ནན་བཅས་ས་གནས་ལྔ་ནས་ཡོང་བའི་དམངས་ཁྲོད་སྒྱུ་རྩལ་པ་400ལྷག་དང་འཁྲབ་སྟོན་ཚོགས་པ་དག་གིས་ངོ་མཚར་ཆེ་བའི་ལེ་ཚན་31ཕུལ་ཡོད་ཅིང་། སྐོར་བྲོ་དང་། འབའ་གཞས། གེ་སར་དང་ལྷ་མོ་འཁྲབ་སྟོན། འབྲོག་ཁུལ་གྱི་ཉམས་ལྡན་པའི་ཞབས་བྲོ་སོགས་སྣེ་མང་ཅན་གྱི་རྣམ་པའི་ཐོག་ནས་ཉམས་འགྱུར་འདྲ་མིན་སྣ་ཚོགས་ཀྱི་སྟོན་མོ་གྱ་ནོམ་པ་ཞིག་བསྟན་པ་རེད། 

     སྤྲོ་ཚོགས་འདི་ནི་2024ལོའི་ཟླ་2ཚེས་10ཉིན་ཏེ་བོད་ཀྱི་ལོ་གསར་ཚེ་གཅིག་ཉིན་ཁམས་པའི་བརྙན་འཕྲིན་ནས་སྟོན་རྒྱུ་རེད། 

 

 

 

རྩོམ་སྒྲིག་པ། སྣང་རྡོར།