ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཚ་ཤོས།

ཆབ་མདོའི་ལྷོ་རོང་རྫོང་དུ་སེང་རྩེད་རྩེ་བ།

སྤེལ་དུས 2024-01-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

འདི་ནི་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཤོ་པ་གྲོང་རྡལ་སློབ་ཆུང་དུ་ཁོང་གིས་དགེ་ཕྲུག་དང་མཉམ་དུ་སེང་རྩེད་རྩེ་བཞིན་པ།
     ཆ་སྙོམས་ས་བབ་མཐོ་ཚད་སྨི་3700ཟིན་པའི་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ནི་སྔ་མོ་ཇ་རྟ་གནའ་ལམ་གྱི་ས་ཚིགས་གལ་ཆེན་ཞིག་རེད་ལ། རྒྱ་བོད་འགྲོ་འོང་གི་ལམ་བུ་གལ་ཆེན་ཞིག་ཀྱང་རེད། ལྷོ་རོང་རྫོང་ཤོ་པ་གྲོང་རྡལ་གྱི་མི་སེར་ཚོས་རལ་པ་དང་སྒོར་གཞས་སོགས་བོད་ཀྱི་སྲོལ་རྒྱུན་མི་རིགས་ཞབས་བྲོ་ཉིད་སྔ་མོ་ནས་ཁུལ་དེར་དར་ཁྱབ་ཆེ་བའི་སེང་རྩེད་དང་མཉམ་བསྲེས་བྱས་ཏེ་རྒྱ་བོད་ཀྱི་ཁྱད་ཆོས་ཟབ་པའི་ཤོ་པ་གྲོང་རྡལ་གྱི་སེང་རྩེད་འཁྲབ་རྩལ་གྲུབ་ཡོད།
     འདི་ལོ་ལོ་69ལ་སླེབས་པའི་བསྟན་པ་ཨ་ཉི་ནི་ཆབ་མདོ་གྲོང་ཁྱེར་མངོན་མིན་རིག་གནས་ཤུལ་བཞག་ཤོ་པ་གྲོང་རྡལ་གྱི་སེང་རྩེད་རྒྱུན་འཛིན་པ་ཞིག་རེད། 2015ལོ་ནས་བཟུང་ཁོང་གིས་སྲིད་གཞུང་གིས“མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་དྲིལ་བསྒྲགས་བྱེད་པའི་རྣམ་གྲངས”ལ་བརྟེན་ནས་ཤོ་པ་གྲོང་རྡལ་གྱི་སློབ་ཆུང་དུ་བཙུགས་པའི་དགའ་སྣང་འཛིན་གྲྭའི་སློབ་མ་ཚོར་སེང་རྩེད་བསླབས་ཡོད། 
རྩོམ་སྒྲིག་པ། སྣང་རྡོར།