ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག

བོད་ལྗོངས་སུ་ལོ་རྒྱུས་རིག་གནས་ཀྱི་གྲོང་རྡལ3དང་གྲོང་ཚོ7བསྣན།

སྤེལ་དུས 2023-10-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

             ཉིན་འགའི་སྔོན་ལ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཞིས་རྩེ་གྲོང་ཁྱེར་གྱི་ལྷ་རྩེ་རྫོང་ལྷ་རྩེ་གྲོང་རྡལ་སོགས་གྲོང་རྡལ3བོད་རང་སྐྱོང་ལྗོངས་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་རྡལ་གྲགས་ཅན་དང་། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་བྱམས་མདུན་གྲོང་རྡལ་ར་ཟད་གྲོང་ཚོ་སོགས་གྲོང་ཚོ7ནི་བོད་རང་སྐྱོང་ལྗོངས་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཚོ་གྲགས་ཅན་གཉིས་འཛུགས་རྒྱུར་ཆོག་མཆན་གཏན་འབེབས་ཐོབ།

             མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་། གྲོང་ཚོ་དང་གྲོང་རྡལ་གྱི་སྲོལ་རྒྱུན་གནས་སྟངས་དང་ལོ་རྒྱུས་ཀྱི་ཉམས་འགྱུར་སྲུང་སྐྱོང་དང་། ཕུལ་བྱུང་གི་སྲོལ་རྒྱུན་ཨར་སྐྲུན་སྒྱུ་རྩལ་གྱི་རྒྱུན་འཛིན་དང་རྒྱུན་སྲིང་ལ་སྐུལ་འདེད་བཅས་བྱ་ཆེད། བོད་ལྗོངས་ཀྱི་གྲགས་ཅན་གྲོང་རྡལ་དང་གྲོང་ཚོ་དཔྱད་འདེམས་བྱེད་པའི་ལས་དོན་ནི་དེ་སྔར་གྱི་ཉར་ཚགས་བྱེད་ཚད་དང་ལོ་རྒྱུས་ཀྱི་རིན་ཐང་དང་ཉམས་འགྱུར་གྱི་ཁྱད་ཆོས་སོགས་ཀྱི་ཚད་གཞི་གཞིར་བཟུང་ནས་འདུན་ཞུ་དང་དཔྱད་འདེམས་བྱས་པ་དང་། ནང་དུ་ས་ཁུལ་དེ་གའི་མི་རིགས་ཀྱི་ཁྱད་ཆོས་དང་ཡུལ་སྲོལ་གོམས་གཤིས་མཚོན་ཡོད་མེད་དང་། ཨར་སྐྲུན་ཤུལ་བཞག་དང་། རིག་དངོས་གནའ་ཤུལ་དང་སྲོལ་རྒྱུན་རིག་གནས་བཅས་གཅིག་བསྡུས་བྱས་ཡོད་མེད་སོགས་ཕྱོགས་མང་པོའི་སྒོ་ནས་ནང་དོན་མཚོན་དགོས།

             ཐེངས་འདིའི་དཔྱད་འདེམས་ཐོག་གྲོས་འཆམ་བྱུང་བའི་བོད་རང་སྐྱོང་ལྗོངས་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་རྡལ་གྲགས་ཅན་ནི་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ལྷ་རྩེ་གྲོང་རྡལ་དང་། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་བྱམས་མདུན་གྲོང་རྡལ་བཅས་ཡིན་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཚོ་གྲགས་ཅན་ནི་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་བྱམས་མདུན་གྲོང་རྡལ་ར་ཟད་གྲོང་ཚོ་དང་། མཁར་སྒང་ཞང་མཁར་སྒང་གྲོང་ཚོ། འཁོར་རྭ་ཞང་འགམ་ཚེས་གྲོང་ཚོ། རང་གྲུབ་ཞང་རང་གྲུབ་གྲོང་ཚོ། དཀྱིལ་ཐང་གྲོང་རྡལ་ཡར་ཤོད་གྲོང་ཚོ་བཅས་དང་། སྨར་ཁམས་རྫོང་འཇང་མི་རིགས་ཞང་ཡར་ཀ་སྟེང་གྲོང་ཚོ་དང་རི་བོ་ཆེ་གྲོང་རྡལ་རི་བོ་ཆེ་རྫོང་ལྟག་སྒོ་གྲོང་ཚོ་བཅས་རེད།

             བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གི་འབྲེལ་ཡོད་འགན་འཁུར་བས“སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའི་བླང་བྱ་ལྟར་ལོ་རྒྱུས་རིག་གནས་ཀྱི་གྲོང་རྡལ་དང་གྲོང་ཚོ་གྲགས་ཅན་རྣམས་གནས་སའི་གྲོང་ཁྱེར་དང་རྫོང་མི་དམངས་སྲིད་གཞུང་གིས་ལོ་རྒྱུས་རིག་གནས་ཀྱི་གྲོང་རྡལ་དང་གྲོང་ཚོ གྲགས་ཅན་སྲུང་སྐྱོང་དང་འཆར་འགོད་འཛུགས་སྐྲུན་དོ་དམ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས‘སྲུང་སྐྱོབ་གཙོ་བོར་འཛིན་པ་དང་། རིག་གནས་ཀྱི་རྒྱུན་བསྲིངས་བ་དང་། ཚན་རིག་རྩ་འཛུགས’ བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཆེད་དུ་ལས་འཇོན་པོའི་སྟོབས་ཤུགས་དང་ཆེད་མཁས་པ་སྒྲིག་འཛུགས་བྱས་ནས་ལོ་རྒྱུས་རིག་གནས་ཀྱི་གྲོང་རྡལ་དང་གྲོང་ཚོ་གྲགས་ཅན་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འཆར་འགོད་ནན་ཏན་ངང་བཟོས་ནས་ལོ་རྒྱུས་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཤུལ་བཞག་དང་རྒྱུན་འཛིན་ཡག་པོ་བྱེད་དགོས་པ་དང་། ནུས་ལྡན་གྱི་སྲུང་སྐྱོང་བྱ་ཐབས་ནན་པོ་སྤྱད་དེ་གང་བྱུང་དུ་བཤིག་སྟེ་གང་བྱུང་དུ་འཛུགས་པ་དང་རྨོངས་ཚོད་ཀྱིས་གསར་སྤེལ་བྱ་རྒྱུ་གཏན་འགོག་བྱེད་པ་དང་། སྲུང་སྐྱོང་འཆར་འགོད་ལས་འགལ་བའི་བྱེད་སྤྱོད་གཏན་འགོག་བྱེད་པ། རིག་གནས་ཤུལ་བཞག་གི་ལོ་རྒྱུས་ཆ་འཕྲིན་ངོ་མ་དང་དམིགས་བསལ་གྱི་རིན་ཐང་ནུས་ལྡན་ངང་ཉར་ཚགས་དང་རྒྱུན་མཐུད་བཅས་བྱས་ནས་བསྐྱར་སྐྱེས་མི་ཐུབ་པའི་ལོ་རྒྱུས་རིག་གནས་ཐོན་ཁུངས་སྲུང་སྐྱོང་ཏན་ཏིག་བྱེད་དགོས”ཞེས་བཤད།

 རྩོམ་སྒྲིག་པ།  མང་ག་མཚོ།