ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཞིང་པ་ཞོར་ལས་པའི་གླ་ཕོགས་བསམ་བཞིན་དུ་འགོར་འགྱངས་བྱས་པའི་ཁེ་ལས42ལ་ཆད་པ་བཅད་པ།

སྤེལ་དུས 2018-01-09 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ། མི་གསལ།
 
          2017ལོར། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིང་གིས་ཞིང་པ་ཞོར་ལས་པའི་གླ་ཕོགས་གཙང་སྤྲོད་བྱེད་པའི་བྱ་བ་སྲ་བརྟན་དུ་བཏང་། ལོ་གཅིག་གི་རིང་ལ།བསྡོམས་པས་གྱོད་དོན270བདག་སྤྲོད་བྱས་པ་དེ་མི་ཁྲི་གཅིག་དང་སྒོར་དུང་ཕྱུར་ལྔ་ལ་འབྲེལ་བ་ཡོད་ཅིང་། གཙང་སྤྲོད་བྱས་པའི་ཚད96%ལ་བསླེབ་ཏུ་བཅུག་སྟེ། ཞིང་པ་ཞོར་ལས་པའི་གླ་ཕོགས་བསམ་བཞིན་དུ་འགོར་འགྱངས་བྱས་པའི་ཁེ་ལས42ལ་ཁྲིམས་ལྟར་གཅིག་བསྡུས་སྒོས་ཆད་པ་བཅད།
          ཡིད་རྟོན་ཤོར་བར་ཆད་པ་གཅོད་པའི་ལམ་ལུགས་བཙུགས་པ་དང་།《མཚོ་སྔོན་ཞིང་ཆེན་གྱི་ཨར་ལས་ཚོང་རར་ཡིད་རྟོན་དོ་དམ་བྱེད་པའི་ཐབས་ལམ》དཔར་འགྲེམ་བྱས་ཏེ། ཞིང་པ་ཞོར་ལས་པའི་གླ་ཕོགས་འགོར་འགྱངས་བྱས་པའི་བྱ་སྤྱོད་དེ་ཨར་ལས་ཁེ་ལས་ཀྱི་ཡིད་རྟོན་མི་རུང་བའི་བྱ་སྤྱོད་ནང་བཞག་པ་དང་།ཨར་ལས་ཁེ་ལས་ཀྱིས་ཞིང་པ་ཞོར་ལས་པའི་གླ་ཕོགས་བསམ་བཞིན་དུ་འགོར་འགྱངས་བྱས་པའམ་ཡང་ན་འཕྲི་འཐེན་བྱས་པ་དང་། ཚོགས་སྤྱི་རང་བཞིན་གྱི་དོན་རྐྱེན་བྱུང་བ།སྤྱི་ཚོགས་སྟེང་ཤུགས་རྐྱེན་ངན་པ་བཟོས་པ་བཅས་ཀྱི་ཡིད་རྟོན་རིམ་པ་ཇེ་དམའ་རུ་བཏང་།མིག་སྔའི་བར་དུ། བསྡོམས་པས་ཤུགས་རྐྱེན་ངན་པ་བཟོས་པའི་ཁེ་ལས21ཡིད་རྟོན་གདེང་འཇོག་རིམ་པDཡི་ནང་དུ་བཞག་པ་དང་། ཁེ་ལས17གྱི་ཡིད་རྟོན་སྐར་མ10རེ་ཉུང་འཕྲི་བྱས་ཤིང་། ཁེ་ལས5ཡི་ཡིད་རྟོན་སྐར་མ5རེ་ཉུང་འཕྲི་བྱས།《ཨར་ལས་ལས་རིགས་མུ་མཐུད་དུ་བདེ་འཇགས་དང་སྐྱོན་བྲལ་ངང་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》དཔར་འགྲེམ་བྱས་ཏེ། འཛུགས་སྐྲུན་སྡེ་ཁག་གིས་རྩིས་བཤེར་བྱས་མ་ཚར་བ་དེ་བཟོ་འགོད་ཀྱི་སྒོར་མོ་རྩིས་རྒྱག་མི་ཐུབ་པ་དང་བཟོ་འགོད་མ་དངུལ་འགོར་འགྱངས་བྱེད་པའི་ཁ་གཡར་ས་བྱེད་མི་ཆོག་པའི་བླང་བྱ་བཏོན། བཟོ་འགོད་ལེགས་འགྲུབ་མ་བྱུང་བ་དང་བསྡོམས་རྩིས་མ་བརྒྱབ་པའི་ལས་གཞིའི་རྒྱུ་དབང་ཐོ་འགོད་མི་བྱེད་པ་དང་། བཟོ་འགོད་མ་དངུལ་ལོ་གཅིག་གི་ཡན་ལ་འགོར་འགྱངས་བྱས་པའི་འཛུགས་སྐྲུན་སྡེ་ཁག་ལ་ལས་གཞི་གསར་པ་མགོ་རྩོམ་དུ་མི་འཇུག་པ། ཞིང་པ་ཞོར་ལས་པའི་གླ་ཕོགས་འགོར་འགྱངས་བྱེད་པའི་འཛུགས་སྐྲུན་ཁེ་ལས་ལ་ལས་གཞི་གསར་པ་ལེན་དུ་མི་འཇུག་པ་བཅས་བྱས།དངོས་མིང་ལམ་ལུགས་ཀྱི་དོ་དམ་བྱེད་པར་སྐུལ་འདེད་བཏང་ནས།ཁེ་ལས་ཀྱིས་ལས་མི་བསྡུ་བའི་བྱ་སྤྱོད་ཚད་ལྡན་དུ་བཏང་ཞིང་།ལས་བཟོ་པའི་མིང་ཐོ་ལག་དེབ་དང་ལས་ཞུགས་ཞིབ་བཤེར།གླ་ཕོགས་བྱིན་པའི་རེའུ་མིག་སོགས་ཀྱི་དངོས་མིང་དོ་དམ་རྩིས་ཁྲ་བཟོས་ནས། སྲིད་འཛིན་ཁྱབ་ཁོངས་ནང་གི་སྡོད་ཁང་འཛུགས་སྐྲུན་དང་གྲོང་ཁྱེར་དོ་དམ་ལས་དོན་གྱི་རྨང་གཞིའི་སྒྲིག་བཀོད་བཟོ་འགོད་ཀྱི་འཛུགས་སྐྲུན་ལས་ཡུལ་གྱི་ངལ་རྩོལ་མི་སྣ་ཡོངས་ལ་དངོས་མིང་ལམ་ལུགས་ཀྱི་དོ་དམ་བྱས། ལོ་མཇུག་ཏུ་ཞིང་པ་ཞོར་ལས་པའི་གླ་ཕོགས་འདེད་ལེན་གྱི་ཞུ་གཏུག་དང་ཡིག་སྐུར་ངོ་གཏུག་མང་བའི་གནས་ཚུལ་ལ་ཁ་གཏད་དེ། 《འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཞིང་པ་ཞོར་ལས་པའི་གླ་ཕོགས་བྱིན་པའི་གནས་ཚུལ་ལ་ཆེད་དམིགས་ཞིབ་བཤེར་བྱེད་པའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་ཤིང་།ས་ཆ་སོ་སོའི་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་གཙོ་གཉེར་སྡེ་ཁག་གིས་རང་བཤེར་བྱས་པ་དང་། མི་ཤུགས་ཐོན་ཁུངས་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་རྩིས་ཁྲ་བཟོ་བ་དང་ལྟ་ཞིབ་བྱེད་དགོས་པའི་བླང་བྱ་བཏོན། ཞིང་ཆེན་ཕྱི་རོལ་ནས་མཚོ་སྔོན་དུ་ནང་འདྲེན་བྱས་པའི་ཁེ་ལས་ལ་གླ་ཕོགས་འགོར་འགྱངས་བྱས་ཡོད་པའི་གནས་ཚུལ་ལྡན་ན། ཁེ་ལས་ཐོ་འགོད་བྱས་པའི་ས་གནས་ཀྱི་ཞིང་ཆེན་རིམ་པའི་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་སྡེ་ཁག་ལ་ཧུར་བརྩོན་གྱིས་མཐུན་སྦྱོར་བྱས་ཏེ། གླ་ཕོགས་འགོར་འགྱངས་བྱས་པའི་གནད་དོན་ཐག་གཅོད་བྱས་པ་རེད། །