མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ལམ་ཟུར་དུ་མོ་ཊ་འཁྱུག་ཙམ་ལས་བཞག་མེད་ནའང་པར་ལ་ཐེབས་དོན་ཅི་ཡིན་ནམ།

སྤེལ་དུས 2020-01-16 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།
          ལོ་གསར་འཆར་ལ་ཉེ་བས། ལྷ་སའི་ཁྲོམ་གཞུང་གང་སར་ལོ་གསར་གྱི་མཁོ་ཆས་ཉོ་བའི་རྣམ་པས་ཁེངས་པ་མ་ཟད། མོ་ཊ་གང་སར་འཇོག་པའི་སྣང་ཚུལ་ཡང་མང་པོ་ཐོན་དང་ཐོན་མུས་རེད། འོན་ཏེ། མི་ལ་ལས་མོ་ཊ་བཞག་ནས་ཡུན་རིང་མ་སོང་ནའང་། མོ་ཊར་ཆད་གཅོད་ཤོག་བྱང་སྦྱར་འདུག ད་དཔེ་བསགས་སོང་། ཡང་སྒོར་ཉིས་བརྒྱ་སྐྱེལ་དགོས་འཁེལ་སོང་ཞེས་འཁང་ར་བྱེད་ཀྱི་ཡོད།
          ད་འོ་ན། མོ་ཊ་ཁག་གཅིག་ཁ་བཀག་གྲབས་ཡིན་ནའང་པར་ལ་ཐེབས་དོན་ཅི་ཡིན་ཞེ་ན།   

          ◆ སྤྱིར་ན་མོ་ཊ་འཇོག་ས་མིན་པར་མོ་ཊ་བཞག་ན། སྐར་མ་3མ་བརྒལ་ཚེ། ཆད་གཅོད་ཤོག་བྱང་སྦྱོར་གྱི་མེད་ལ་པར་ཡང་རྒྱག་གི་མེད།
          ◆ རིག་ནུས་གློག་མིག་གིས་སྐར་མ་རེར་པར་རེ་ལས་རྒྱག་གི་མེད། གལ་ཏེ་བསྟུད་མར་པར་ཐེངས་བཞི་ཐེབས་ཚེ། རིག་ནུས་མ་ལག་གི་ཐོར་འཁོད་པ་དང་། ཉེན་རྟོག་པས་ཞིབ་དཔྱད་བྱས་རྗེས་སྒྲིག་འགལ་གྱི་ཁོངས་སུ་འཇུག་གི་ཡོད་པས། ཁ་ལོ་བར་དེ་མཚུངས་ཀྱི་སྒྲིག་འགལ་བརྡ་ལན་འབྱོར་གྱི་ཡོད།
          ◆ སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་དང་། སྣུམ་སྣོན་ས་ཚིགས། མྱུར་སྐྱོབ་ལྟེ་གནས་ཀྱི་སྒོ་འགྲམ། མེ་ཟོན་སྒྲིག་ཆས་འཇོག་ཡུལ། དེ་བཞིན་ལམ་མདོ་ཁ་སོགས་སུ་མོ་ཊ་གཏན་ནས་འཇོག་མི་རུང་། 
          ◆ དྲ་མིག་སེར་པོ་འཐེན་པའི་ལམ་ངོས་སུ་མོ་ཊ་འཇོག་མི་ཆོག གལ་ཏེ་ཁྱེད་ཀྱིས་ཡིད་གཟབ་མ་བྱས་པར་མོ་ཊ་བཞག་ཚེ། པར་ལ་ཐེབས་རྒྱུ་མ་ཟད། ཆད་པའང་ཕོག་རྒྱུ་ཉག་གཅིག་རེད།
          སྒོར་ཐིག་དམར་པོའི་ནང་དུ་ནོར་རྟགས་བྲིས་པའི་བྱང་བུ་འདིའང་མོ་ཊ་སྐབས་འཕྲལ་ལམ་ཡུན་རིང་འཇོག་མི་ཆོག་པའི་མཚོན་རྟགས་རེད། མཚོན་རྟགས་འདི་ལྟ་བུ་ཡོད་སར་དུས་ཚོད་གང་རུང་ཡིན་ནའང་མོ་ཊ་གཏན་ནས་འཇོག་མི་ཆོག
          གལ་ཏེ་བཞག་ཚེ། སྐར་མ་འཐེན་པ་དང་ཆད་གཅོད་ཤོག་བྱང་འཐོབ་རྒྱུ་ལས་མ་འདས་སོ།། 
རྩོམ་སྒྲིག་པ། བདེ་སྒྲོལ།