མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

དྲ་ལམ་ནས་གཞན་ལ་བསྡིགས་ན་ཆོག་གམ། ཁྲིམས་རྩོད་པ་ན་རེ།

སྤེལ་དུས 2020-01-19 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
        དྲ་རྒྱ་འཕེལ་རྒྱས་སུ་སོང་བ་དང་བསྟུན་གྲོགས་པོ་མང་པོ་ཞིག་གིས་མགྱོགས་འཕྲིན་དང་། མཛེས་བརྙན། འདར་དབྱངས་སོགས་སྤྱད་དེ་ཐད་གཏོང་བྱེད་བཞིན་ཡོད་ལ། དམངས་ཁྲོད་ཀྱི་སྒྱུ་རྩལ་པ་དང་དེ་མིན་ཚན་རྩལ་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་ཤེས་པའི་ཞིང་འབྲོག་པ་མང་ཚོགས་མི་ཉུང་བ་ཞིག་ཀྱང་ཐད་གཏོང་གི་ལམ་གར་ཞུགས་ཡོད། ཡིན་ནའང་གུ་ཡངས་པའི་དྲ་རྒྱའི་ཁོར་ཡུག་འདིར་མི་བཤད་དགུ་བཤད་བྱས་ན་ཆོག་གམ།
ཁྲིམས་རྩོད་པ་ན་རེ།
↓↓↓

        ཁྲིམས་རྩོད་པ་བློ་བཟང་ཕུན་ཚོགས། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་དུ་སྐྱེས། ལོ་རབས་དགུ་བཅུའི་རྗེས་ཀྱི་བོད་ཀྱི་ན་གཞོན་སྐད་གཉིས་ཁྲིམས་རྩོད་པ་སྟེ། ཀྲུང་གོ་མཚོ་གཤིས་སློབ་ཆེན་དང་ཀྲུང་དབྱང་མི་རིགས་སློབ་ཆེན་གཉིས་ནས་ཁྲིམས་ལུགས་རིག་པ་དང་བོད་རིག་པའི་སློབ་རམས་པ་དང་ཤེས་རམས་པའི་བསླབ་གནས་དམ་བཅའ་བཞག་ནས་སློབ་མཐར་ཕྱིན། སྔ་ཕྱིར《བོད་ལྗོངས་ཞིབ་འཇུག》དང《རྩེར་སྙེག》《བོད་ལྗོངས་སློབ་གསོ》《ཀྲུང་གོའི་བོད་ལྗོངས་དྲ་བ》《མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར》སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དུས་དེབ་ཐོག་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་དཔྱད་རྩོམ་དང་ཆེད་ལས་བརྩམས་ཆོས་སུམ་ཅུ་ལྷག་སྤེལ་ཞིང་། བརྩམས་ཆོས་འགའ་རེར་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཡང་ཐོབ་མྱོང་། མིག་སྔར་བོད་ལྗོངས་གངས་རི་ཁྲིམས་རྩོད་པའི་ལས་དོན་ཁང་དུ་ཉེས་དོན་གྱོད་གཞི་དང་དམངས་དོན་གྱོད་གཞི། བཅའ་ཁྲིམས་བློ་འདྲི་སོགས་གཙོས་ཁྲིམས་རྩོད་པའི་བྱ་བ་གཉེར་བཞིན་མཆིས།

        རེད་དེ། རང་རེ་བོད་ཀྱི་གཏམ་དཔེ་ལའང་། ནར་ནར་ལྕེ་ལ་བདག་མ་བྱས་ན་རིལ་རིལ་མགོ་ལ་གནོད་པ་ཡོང་ཉེན་ཆེ་ཟེར་བས།  ཕྱོགས་གཅིག་ནས་ང་ཚོས་རང་ཁ་གསེར་གྱི་སྒོ་མོ་ལ་ཚོད་འཛིན་བྱེད་དགོས་པ་མ་ཟད། གཞན་ཁ་པད་མའི་གང་བུ་ནས་རང་ཉིད་ལ་གནོད་འཚེ་བཏང་ནའང་དེ་ལ་ཁྲིམས་ལུགས་ཀྱི་རལ་གྲི་འཕྱར་ནས་ཁ་གཏད་གཅོག་འོས།

        དེས་ན་ཆ་རྐྱེན་གང་དག་འཛོམས་ན་ད་གཟོད་ཁེ་དབང་ལ་གནོད་པ་བཏང་བའི་ཉེས་པར་བརྩི་དགོས་སམ།
        1.དམའ་འབེབས་དང་སྐུར་འདེབས་བྱས་ཏེ་གཞན་ལ་གནོད་པ་བསྐྱལ་བའི་བྱ་སྤྱོད་ཡོད་མིན།
        2.གཞན་གྱི་མཚན་སྙན་ལ་གནོད་པའམ་གྱོང་གུན་ཐེབས་ཡོད་མེད།
        3.གནོད་པ་བསྐྱལ་བའི་བྱ་སྤྱོད་དང་གྱོང་གུན་ཐེབས་པ་གཉིས་ལ་དབང་གནོད་བཅའ་ཁྲིམས་ཀྱི་ཐད་རྒྱུ་འབྲས་ཀྱི་འབྲེལ་བ་གྲུབ་ཡོད་མེད།
        4.བྱ་སྤྱོད་སྤེལ་མཁན་གྱིས་རང་གི་བྱ་སྤྱོད་ཀྱིས་གཞན་ལ་གནོད་འཚེ་དང་གྱོང་གུན་ཐེབས་པ་ཤེས་བཞིན་དུ་བྱས་པ་ཡིན་མིན་བཅས་སོ།།

        དེས་ན་ཁྲིམས་ཁང་ལ་ཞུ་གཏུགས་བྱེད་སྐབས་ཇི་ལྟར་ཞུ་གཏུགས་བྱེད་དགོས་སམ།
        རང་ཉིད་ལ་གནོད་འཚེ་ཕོག་ན་སྡིགས་མོ་དང་དམའ་འབེབས་བྱེད་མཁན་ནམ་གནོད་འཚེ་གཏོང་མཁན་དེ་ཁྲིམས་ཁང་ལ་གཏུག་ཆོག་པ་མ་ཟད། དྲ་རྒྱའི་ཞབས་ཞུ་ཀུང་སིའམ་གཞུང་ཕྱོགས་ཞེས་པ་དེའང་ཁྲིམས་ཁང་ལ་གཏུག་ཆོག

བཅའ་ཁྲིམས་ཀྱི་གཞི་རྟེན།
↓↓↓
        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》དོན་ཚན་ཞེ་གཉིས་པར། གཤམ་གྱི་བྱ་སྤྱོད་གང་རུང་ཡོད་ན། བཀག་སྐྱིལ་ཉིན་ལྔའི་མན་ནམ་སྒོར་ལྔ་བརྒྱ་མན་གྱི་ཆད་པ་གཅོད་དགོས། སྣང་ཚུལ་ཅུང་ཚབས་ཆེན་ཡིན་ན་བཀག་སྐྱིལ་ཉིན་ལྔའི་ཡན་དང་ཉིན་བཅུའི་མན་བྱེད་པ་དང་ཆབས་ཅིག  སྒོར་ལྔ་བརྒྱ་མན་གྱི་ཆད་པ་གཅོད་འོས།
་་་་་་་་
        2 མངོན་སུམ་འཛེམ་མེད་ཀྱིས་མི་གཞན་ལ་དམའ་འབེབས་བྱེད་པའམ་ཡང་ན་གནས་ཚུལ་རྫུན་མ་བཟོས་ནས་མི་གཞན་ལ་སྐུར་འདེབས་བྱས་རིགས།
་་་་་་་་
        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་གནོད་འགན་འཁྲིའི་བཅའ་ཁྲིམས》
        དོན་ཚན་སོ་དྲུག་པར། དྲ་རྒྱ་སྤྱོད་མཁན་དང་དྲ་རྒྱའི་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་དྲ་ལམ་ནས་སྐྱེ་བོ་གཞན་གྱི་དམངས་དོན་ཁེ་དབང་ལ་གནོད་འཚེ་བཏང་ན། དབང་གནོད་ཀྱི་འགན་འཁུར་དགོས།
        དྲ་རྒྱ་སྤྱོད་མཁན་གྱིས་དྲ་རྒྱའི་ཞབས་ཞུ་བེད་སྤྱད་ནས་དབང་གནོད་བྱ་སྤྱོད་སྤེལ་ན། དབང་གནོད་ཕོག་མཁན་གྱིས་དྲ་རྒྱའི་ཞབས་ཞུ་མཁོ་འདོན་བྱེད་མཁན་ལ་དེ་རིགས་བསུབ་རྒྱུ་དང་སྒྲིབ་ཡོལ་བྱེད་རྒྱུ། དྲ་སྦྲེལ་གཅོད་རྒྱུ་སོགས་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་དགོས་ཞེས་བརྡ་གཏོང་རྒྱུའི་དབང་ཆ་ཡོད། དྲ་རྒྱའི་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་བརྡ་འབྱོར་རྗེས་དུས་བཀག་ལྟར་དགོས་ངེས་ཀྱི་བྱེད་ཐབས་མ་སྤྱད་ན། གྱོང་གུན་ཆེ་རུ་སོང་བའི་ཆ་དེ་དྲ་རྒྱ་སྤྱོད་མཁན་དང་མཉམ་དུ་འགན་འཁུར་དགོས།
        དྲ་རྒྱའི་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་དྲ་རྒྱ་སྤྱོད་མཁན་ནས་དྲ་རྒྱའི་ཞབས་ཞུ་གང་དེ་བེད་སྤྱད་ནས་མི་གཞན་གྱི་དམངས་དོན་ཁེ་དབང་ལ་གནོད་འཚེ་བཏང་བ་ཤེས་བཞིན་དུ་དགོས་ངེས་ཀྱི་བྱེད་ཐབས་མ་སྤྱད་ན། དྲ་རྒྱ་སྤྱོད་མཁན་དང་མཉམ་དུ་འགན་འཁུར་དགོས།
        《ཆ་འཕྲིན་དྲ་རྒྱ་བེད་སྤྱད་དེ་མི་ལུས་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་བའི་དམངས་དོན་རྩོད་གཞིའི་གྱོད་དོན་ཞིབ་གཅོད་བྱ་བར་ཁྲིམས་ལུགས་བཀོལ་སྤྱོད་བྱ་བའི་གནད་དོན་འགའི་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གཏན་འབེབས》
        དོན་ཚན་དང་པོ། གཏན་འབེབས་འདིར་བརྗོད་པའི་ཆ་འཕྲིན་དྲ་རྒྱ་བེད་སྤྱད་དེ་མི་ལུས་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་བའི་དམངས་དོན་རྩོད་གཞིའི་གྱོད་དོན་ཞེས་པ་ནི། ཆ་འཕྲིན་དྲ་རྒྱ་བེད་སྤྱད་དེ་མི་གཞན་གྱི་རུས་མིང་ཐོབ་དབང་དང་མིང་བརྡ་ཐོབ་དབང་། མིང་གྲགས་ཐོབ་དབང་། མཚན་བསྟོད་ཐོབ་དབང་། འདྲ་པར་གྱི་བདག་དབང་། གསང་དོན་གྱི་བདག་དབང་སོགས་མི་ལུས་ཁེ་དབང་ལ་གནོད་འཚེ་བཏང་ནས་བྱུང་བའི་རྩོད་གཞིའི་གྱོད་དོན་ལ་གོ