དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

འབའ་རྫོང་ཁྲིམས་སྒྲོག་འཕྲིན་སྟེགས་ཀྱིས། རིམས་ནད་འགོག་པའི་གདོང་ལེན་བྱེད།

སྤེལ་དུས 2020-02-11 ཡོང་ཁུངས། ཐུན་ཏེའི་ཁྲིམས་སྒྲོག་སྤྱི་སྟེགས། རྩོམ་པ་པོ།
         ཏོག་དབྱིབས་ནད་དུག་གསར་བའི་རིམས་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་དམངས་ཡོངས་ཀྱི་རིམས་འགོག་འདུ་ཤེས་ཇེ་ཟབ་ཏུ་གཏོང་རྒྱུ་སྤྱིའི་དམིགས་འབེན་དུ་བཟུང་ནས།རིམས་ནད་ནི་བཀའ་རྒྱ་དང་སྔོན་འགོག་ནི་འགན་འཁྲི་ཡིན་པའི་བླང་བྱ་ལྟར།འབའ་རྫོང་ཁྲིམས་འཛིན་ཅུའུ་ཡིས་ཁྲིམས་ཁྱབ་སྤྱི་སྟེགས་བེད་སྤྱོད་གང་ལེགས་སྒོས་ཕྱོགས་ཡོངས་དང་ཟུར་མང་པོའི་ཐོག་ནས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཆེད་དོན་ཁྲིམས་བསྒྲགས་བྱ་བ་ཆེས་ཆེར་སྤེལ།
         དུས་བབ་གསལ་རྟོགས་དང་ཆོད་སེམས་བརྟན་པོས་མིག་སྔའི་ལས་དོན་གཙོ་བོ་ཡག་པོ་སྒྲུབ་པ།

         འབའ་རྫོང་ཁྲིམས་འཛིན་ཅུའུ་ཡིས་ཁྲིམས་ཁྱབ་སྤྱི་སྟེགས་དེ་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ཁྲིམས་སྐྱོང་སློབ་གསོ་ཁྱབ་སྤེལ་གཏོང་བའི་གཡུལ་ས་གཙོ་བོ་ཞིག་ཏུ་བཟུང་ནས་ཀྲུང་དབྱང་དང་ཞིང་ཆེན།ཁུལ་དང་རྫོང་གི་འབོད་སྐུལ་ཧུར་ཐག་གིས་དང་དུ་ལེན་པ་དང་།མིག་སྔའི་རིམས་འགོག་དུས་སྐབས་ཀྱི་དམིགས་བསལ་རང་བཞིན་ལ་དམ་པོར་དམིགས་ནས་ཁྲིམས་འཛིན་དྲང་གཞག་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་གནས་བབ་ངོས་འཛིན་དང་།ཁྲིམས་སྐྱོང་དྲང་བདེན།སྤྱི་ཚོགས་ཞབས་ཞུ་བཅས་ཀྱི་འགན་ནུས་གལ་ཆེན་སྒྲུབ་པར་དཔེ་སྟོན་དང་སྣེ་ཁྲིད་བྱས་ཏེ།ཏོག་དབྱིབས་འགོས་ནད་གསར་བའི་རིམས་འགོག་ཚོད་འཛིན་དམག་འཐབ་ཁྲོད་ཧུར་ཐག་གིས་ཞུགས།
         ཇུས་འགོད་ཞིབ་ཚགས་དང་ཐབས་ལམ་སྣ་ཚོགས་བཏོན་ནས་རིམས་འགོག་ཤེས་བྱ་བསྡུ་སྒྲིག་གང་ལེགས་བྱས་པ།
         ཏོག་དབྱིབས་ནད་ཡམས་ཐོན་རྗེས་ཐག་རིང་ཁྱིམ་དུ་ལོ་གསར་ལ་རོལ་བཞིན་པའི་ལས་སྒྲུབ་མི་སྣ་འཕྲལ་མར་ལས་ཀར་ཞུགས་ནས་ཉིན་མཚན་གཉིས་ལ་དཔྱད་གཞིའི་ཡིག་ཆ་བསྡུ་རུབ་དང་ཡིག་སྒྱུར་རྩོམ་སྒྲིགཇུས་འགོད་ཞིབ་ཚགས་བཅས་ཀྱིས་སྔ་རྗེས་སུ་དུས་ཡུན་སྐར་མ21ཙམ་གྱི<<རིམས་འགོག་དུས་ཀྱི་དྲག་རྡུང་ཉེས་འགལ་རིགས20དང་ཉེས་མིང30>>དང་སྐར་མ7རིང་གི་<<རིམས་འགོག་དུས་སུ་ཁ་འཁྲུག་སོགས་ཀྱི་ཁྲིམས་འགལ་ལ་དྲག་རྡུང་བྱས་པ>>ཞེས་པའི་རིམས་འགོག་ཤེས་བྱ་སྒྲིག་བཟོ་བྱས་ཏེ་སྒྲ་དང་ཡི་གེརི་མོ་བཅས་ཀྱི་ལམ་ནས་ལྟ་འདོད་ཅིང་གོ་བདེ་ལ་ཉན་སྤྲོ་བའི་བྱེད་ཐབས་སྤྱད་དེ་ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་སྔོན་འགོག་གི་ཤེས་བྱ་ཁྱབ་གདལ་དུ་བཏང་ནས་སྤྱི་དམངས་ལ་རིམས་ནད་ལས་རྣམ་པར་རྒྱལ་བའི་ཆོད་སེམས་དང་ཡིད་ཆེས་བརྒྱུད་སྤྲོད་བྱས།

         རྡོག་རྩ་གཅིག་སྒྲིལ་དང་བློ་བརྟན་འགྱུར་མེད་ཀྱིས་རིམས་འགོག་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ།
         རིམས་འགོག་ཚོད་འཛིན་བྱ་རྒྱུ་དེ་མི་སོ་སོར་རག་ལས་ཡོད་པའི་འགན་འཁྲི་ཕྲག་ཏུ་བླངས་ནས་ཚན་ཁག་ཡོངས་དང་ཁྲིམས་འཛིན་ཁང་གི་ལས་མི30ལྷག་གིས་སྐད་འཕྲིན་དང་QQ་སོགས་དྲ་རྒྱའི་སྨྱན་སྦྱོར་སྤྱད་དེ་སྤྱི་སྟེགས་ཁྱབ་གདལ་དྲིལ་བསྒྲགས་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་འཕྲིན་སྟེགས་ནང་དོན་གྲོགས་ཚོམས་སོགས་སུ་བརྒྱུད་སྐུར་བྱེད་པར་སྐུལ་ཁྲིད་བྱས་པ་རེད།ད་བར་དུ།རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་འབྲེལ་ཡོད་ཤེས་བྱ་དུས་ཐེངས2ལ་ཁྱབ་བསྒྲགས་བྱས་པར་ནང་དོན་ལྟ་ཐེངས་ཁྲི3ལྷག་ཟིན་ཡོད་ལ།འབའ་རྫོང་ཁྲིམས་ཁྱབ་སྤྱི་སྟེགས་ལ་དོ་ཁུར་དང་དགའ་བསུ་བྱེད་མཁན་མངོན་གསལ་གྱིས་འཕར་ཞིང་དང་ཁྲིམས་ཁྱབ་སྤྱི་སྟེགས་ཀྱི་ཤེས་རྟོགས་ཚད་དང་བེད་སྤྱོད་ཚད་སྔར་ལས་མཐོ་རུ་ཕྱིན།
         ཁྲིམས་ལུགས་ཀུན་སྤྱོད་ཟུང་འབྲེལ་གྱི་བྱེད་ཐབས་ནུས་ལྡན་སྤྱད་དེ་མང་ཚོགས་ཀྱི་འཇིགས་སྣང་སེལ་བར་བརྩོན་པ།
         བཤད་ཕོད་པ་དང་བསྒྲུབ་ནུས་པའི་བྱ་བའི་སྤྲོ་སེམས་འདོན་སྤེལ་གང་ལེགས་བྱས་ཏེ་ནད་ཡམས་ཀྱི་འབྲེལ་ཡོད་གནས་ཚུལ་དང་བཅའ་ཁྲིམས་ཤེས་བྱ་ཟུང་འབྲེལ་བྱས་ནས་སྤྱི་དམངས་ལ་ཤེས་བྱ་དྲིལ་བསྒྲགས་དང་སེམས་ཁམས་ཁྲིད་སྟོན་ཡག་པོ་བྱ་རྒྱུར་གཞོགས་འདེགས་བྱེད་པ།ཏང་ཨུ་དང་སྲིད་གཞུང་ལ་ཐབས་ཇུས་འདོན་རོགས་བྱས་ཏེ་མང་ཚོགས་ཀྱི་སེམས་ཁམས་བདེ་ལ་འགོད་བཞིན་ཚན་རིག་དང་མཐུན་པའི་རིམས་འགོག་འགྲེལ་བཤད་བྱེད་པ་དང་བྱེད་ཐབས་སྣ་ཚོགས་བཏོན་ནས་མང་ཚོགས་ཀྱི་འཇིགས་སྣང་སེལ་ཞིང་།གློ་ཚད་གསར་པ་སྔོན་འགོག་ཚོད་འཛིན་དང་རང་སྲུང་ཤེས་བྱ་མཁོ་འདོན་བྱས་ཏེ་ཏང་དང་སྲིད་གཞུང་གིས་སྤྱི་ཚོགས་དོ་དམ་ནུས་ལྡན་བྱེད་པར་མཐུན་རྐྱེན་གང་ལེགས་བསྐྲུན།

         རྗེས་མར་ངེད་ལས་ཁུངས་ཀྱིས་འཕྲིན་སྟེགས་ཁྱབ་གདལ་དང་དྲིལ་བསྒྲགས་བྱ་བ་མུ་མཐུད་དུ་ཤུགས་སྣོན་བྱས་ནས་ཁྲིམས་ཁྱབ་སྤྱི་སྟེགས་དེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་མཛུབ་རྩེའི་བཅའ་ཁྲིམས་བློ་འདྲི་བ་ཞིག་ཏུ་འགྱུར་བར་འབད་པས་བསྒྲུབ་པ་དང་།ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་དགེ་མཚན་དང་སྲིད་ཇུས་སྔོན་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་རིམས་ནད་བྱུང་ཚུལ་གྱི་ཆ་འཕྲིན་དུས་ཐོག་ཏུ་བརྒྱུད་སྤྲོད་དང་།རིམས་འགོག་ཚོད་འཛིན་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་བཅས་བྱས་ཏེ་ཏང་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་མཉམ་དུ་ཏོག་དབྱིབས་ནད་དུག་གསར་བའི་རིམས་འགོག་ཚོད་འཛིན་གྱི་དམག་འཐབ་ལས་རྣམ་པར་རྒྱལ་བར་བྱ་རྒྱུ།
རྩོམ་སྒྲིག་པ། སངས་སྐྱབས།