དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

▶རིམས་འགོག་དུས་སུ་འགྲིམ་འགྲུལ་ཉེན་རྟོག་པས་བཤེར་གྱི་མ་རེད་མ་སོམས།

སྤེལ་དུས 2020-03-19 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།

          རིམས་ནད་ཀྱི་དུས་བབ་རིམ་བཞིན་ལེགས་སུ་འགྲོ་བ་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་བསྟུན་ནས། ལྷ་ས་གྲོང་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་ཡང་རིམ་བཞིན་སླར་གསོ་བྱུང་ནས་གྲོང་ཁུལ་དུ་རླངས་འཁོར་འགྲོ་འོང་བྱེད་ཚད་རིམས་ནད་ཚབས་ཆེ་བའི་དུས་ལས་མགྱོགས་མྱུར་འཕར་བས། འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁ་ཆེ་རུ་ཕྱིན་པ་དང་། འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ཐོན་ཚད་ཀྱང་རིམ་བཞིན་མཐོ་རུ་ཕྱིན་པ། ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་གི་ཁྲིམས་འགལ་བྱེད་སྤྱོད་ཀྱང་ཐོན་མང་དུ་འགྲོ་བའི་རྣམ་པ་མངོན་ཡོད།


          ཟླ་3ཚེས་11ཉིན་སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་ཀྱི་བརྙན་ལམ་ཚོགས་འདུ་དང་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་ཅུས་ཀྱི་བརྡ་ཐོའི་དགོངས་དོན་གཞིར་བཟུང་། ཟླ་3ཚེས་15ཉིན་གྱི་དགོང་མོ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་རུ་མི་ཡོངས་སྐུལ་སློང་བྱས་ནས་གྲོང་ཁུལ་གྱི་ལམ་མདོ་གཙོ་བོའི་ལམ་དུམ་དུ་སྐབས་འཕྲལ་ཞིབ་བཤེར་ས་ཚིགས་བཙུགས་ཏེ། འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་གཅིག་གྱུར་བཅོས་སྒྲིག་གི་བྱེད་སྤྱོད་སྤེལ་ནས། ཆང་བཏུངས་འཁོར་གཏོང་དང་། ར་བཟི་འཁོར་གཏོང་། ལག་འཁྱེར་མེད་པར་རླངས་འཁོར་གཏོང་བ་སོགས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཚབས་ཆེན་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་བ་རེད། དེ་དང་དུས་མཚུངས་སྟོད་ལུང་བདེ་ཆེན་ཆུས་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་དང་། མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན། ལྷུན་གྲུབ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན། འདམ་གཞུང་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན། སྟག་རྩེ་ཆུས་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་བཅས་ཀྱིས་རང་སོ་སོའི་ཁོངས་གཏོགས་ཁུལ་ལ་དུས་མཉམ་དུ་བཅོས་སྒྲིག་བྱ་སྤྱོད་སྤེལ་བ་རེད། ད་ཐེངས་ཀྱི་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་ནང་རང་གྲོང་གི་འགྲིམ་འགྲུལ་དོ་དམ་སྡེ་ཚན(རྫོང་ལྔ་དང་ཆུས་གཉིས་ཚུད་པ)གྱི་ཉེན་རྟོག་པ་160ལྷག་ཙམ་དང་ཉེན་རྟོག་རླངས་འཁོར་20བཀོད་སྒྲིག་བྱས་ཏེ་སྐབས་འཕྲལ་ཞིབ་བཤེར་ས་ཚིགས་20བཙུགས་ཡོད། འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་46རྩད་ཆོད་པ་དང་། དེའི་ཁྲོད་དུ་ར་བཟི་ནས་རླངས་འཁོར་བཏང་བའི་དོགས་པ་ཡོད་མཁན་1དང་། ལག་འཁྱེར་མེད་པར་རླངས་འཁོར་གཏོང་མཁན་3 ཁྲིམས་འགལ་བྱེད་སྤྱོད་གཞན་དག་42བཅས་ཚུད་ཡོད་པ་རེད།

           ལྷ་ས་འགྲིམ་འགྲུལ་ཉེན་རྟོག་པས། རྒྱ་ཆེའི་གྲོང་མི་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དང་དུས་མཚུངས་གཞུང་ལམ་འགྲིམ་འགྲུལ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དང་། “རླངས་འཁོར་གཏོང་དུས་ཆང་རག་མི་འཐུང་བ་དང་ཆང་རག་བཏུངས་ན་རླངས་འཁོར་གཏོང་མི་རུང་བ”སེམས་ལ་བརྟན་པོར་ངེས་དགོས་པའི་དྲན་སྐུལ་ཞུས་འདུག

རྩོམ་སྒྲིག་པ། བདེ་སྒྲོལ།