དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ཁ་ལོ་བའི་རྒྱུགས་གཏོང་མཁན་ཚོར་གཏམ་བཟང་ཞིག་ཞུ་རྒྱུ་ཡོད།

སྤེལ་དུས 2020-05-14 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

          “ཁ་ལོ་བའི་ལག་རྩལ་གྱི་ཡིག་རྒྱུགས་ལ་རིག་ཚན་དབྱེ་ནས་རིན་པ་བསྡུ་བ་ཞེས་པ་ནི་དེ་སྔ་རིན་པ་སྡེབ་གཅིག་ལ་བསྡུ་བ་ནས་ད་ཆ་ཡིག་རྒྱུགས་རིག་ཚན་གཞིར་བཞག་བསྡུ་བར་ཟེར། མིག་སྔར། རིག་ཚན་ཚང་མའི་ཡིག་རྒྱུགས་རིན་པ་སྤྱིར་ན་290ཡིན་ཞིང་། ཡིག་རྒྱུགས་ཀྱི་རིན་པ་སློབ་མ་རང་ཉིད་ཀྱིས་སྐྱེལ་ཆོག་ལ། ཁ་ལོ་བའི་སློབ་གྲྭས་ཚབ་བྱས་ནས་སྐྱེལ་ནའང་འགྲིག”ཅེས་ལྷ་ས་འཁོར་རིགས་དོ་དམ་སུའོ་ཡི་མི་དམངས་ཉེན་རྟོག་པས་དེ་ལྟར་ངོ་སྤྲོད་བྱས། 
          གཞན་ཡང་། ཁ་ལོ་བའི་སློབ་གྲྭས་གསོ་སྦྱོང་རིན་པ་ཡང་རིག་ཚན་དབྱེ་ནས་བསྡུ་ཆོག་གི་ཡོད་པ་རེད། གསར་འགོད་པར་ཤེས་རྟོགས་བྱུང་བར། མིག་སྔར་ལྷ་ས་གྲོང་ཁྱེར་གྱི་ཁ་ལོ་བའི་སློབ་གྲྭ་19ཚང་མས་སྤྱིར་ན་རིག་ཚན་དབྱེ་ནས་གསོ་སྦྱོང་རིན་པ་བསྡུས་ཆོག་གི་ཡོད་པ་རེད། 

          ཅའོ་ཨན་ཁ་ལོ་བའི་སློབ་གྲྭའི་གྲོང་ཁྱེར་ཤར་འདབས་སྦྱོང་བརྡར་རྟེན་གཞིའི་སློབ་སྤྱི་ལི་ཧྲའོ་ཧྭ་ཡིས“རིག་ཚན་དབྱེ་ནས་ཡིག་རྒྱུགས་རིན་པ་དང་གསོ་སྦྱོང་རིན་པ་བསྡུ་བ་དེ་ས་ཆ་གཅིག་ཏུ་རླངས་འཁོར་སྦྱོང་རྒྱུ་མཐའ་མ་འཁྱོལ་བ་དང་ཕྱིས་བྱུང་ས་ཆ་གཞན་དུ་ཡིག་རྒྱུགས་གཏོང་སྲིད་པའི་སློབ་མར་ཧ་ཅང་འཚམ་པོ་ཡོད”ཅེས་བཤད། 

          འོ་ན་རིག་ཚན་དབྱེ་ནས་རིན་པ་སྐྱེལ་རྒྱུ་གདམ་ག་བྱས་པའི་སློབ་མས་རིག་ཚན་རེར་རིན་པ་ག་ཚོད་ཙམ་སྐྱེལ་དགོས་ཀྱི་ཡོད་དམ་ཞེ་ན། མིག་སྔར། ཁ་ལོ་བའི་སློབ་གྲྭ་ཁག་གི་རིག་ཚན་དབྱེ་ནས་རིན་པ་བསྡུ་བའི་སྤྱི་འབོར་དེ་ཡིག་རྒྱུགས་ཚང་མའི་རིན་པ་སྡེབ་གཅིག་ལ་སྐྱེལ་བ་ལས་ཅུང་མཐོ་བ་ཡོད་པས། རྒྱུགས་གཏོང་མཁན་ཚོས་རང་ཉིད་ཀྱི་གནས་ཚུལ་ལ་གཞིགས་ནས་རང་འདེམས་བྱ་ཆོག

          གཞན་ཡང་། ལྷ་ས་འཁོར་རིགས་དོ་དམ་སུའོ་ཡི་མི་དམངས་ཉེན་རྟོག་པས་དྲན་སྐུལ་བྱས་དོན། མིག་སྔར་ལག་ཁྱེར་Cརིགས་ཀྱི་རླངས་འཁོར་ཆུང་གྲས་ཀྱི་ཡིག་རྒྱུགས་གཏོང་བར་གནས་སྡོད་ལག་ཁྱེར་གཉེར་དགོས་ཀྱི་མེད་པ་དང་། ལག་ཁྱེར་Bརིགས་ཡན་གྱི་ཁ་ལོ་བའི་ཡིག་རྒྱུགས་གཏོང་སྐབས། ལྗོངས་ནང་ཁུལ་གྱི་ཡིག་རྒྱུགས་གཏོང་མཁན་ལ་གནས་སྡོད་ལག་ཁྱེར་མི་དགོས་པ་དང་ལྗོངས་ཕྱིའི་རྒྱུགས་གཏོང་མཁན་ཚོས་གནས་སྡོད་ལག་ཁྱེར་གཉེར་དགོས་ཀྱི་ཡོད། སྦག་སྦག་གི་ཡིག་རྒྱུགས་གཏོང་སྐབས། ལྷ་སའི་ཐེམ་ཁུངས་ཕུད་ས་ཆ་གཞན་དག་གི་ཐེམས་ཁུངས་ཡིན་ཚེ་གནས་སྡོད་ལག་ཁྱེར་གཉེར་དགོས་ཀྱི་ཡོད།