དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཁྲིམས་གཞུང་མདའ་མོ།

ནག་ཆུ་ནས་རི་སྐྱེས་སྲོག་ཆགས་གསད་པའི་གྱོད་གཞི་ཞིག་ཁྲིམས་ཐག་བཅད་འདུག

སྤེལ་དུས 2020-05-15 ཡོང་ཁུངས། ཁྲིམས་གསལ་མར་ལོང་། རྩོམ་པ་པོ།

          ཟླ་2ཚེས་6ཉིན། ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་ནགས་སྲུང་བས་ཐེར་འདོན་བྱས་པ་ལྟར། སྟོངས་ལ་ཉེ་བའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཁྲིམས་འགལ་ངང་རྔོན་རྒྱབ་པའི་གྱོད་གཞི་ཞིག་རྩད་གཅོད་ཐུབ་ནས་དོགས་གཞི་ཡོད་པའི་མི་གཉིས་བཟུང་བ་མ་ཟད།   རྔོན་རྒྱག་པའི་ལྕགས་སྐུད་ཀྱི་རྒྱ་རྙི་99ཞིབ་བཤེར་ཐུབ་ཡོད།   འདྲི་རྩད་བྱས་པ་བརྒྱུད། དོགས་གཞི་ཡོད་པའི་མི་དེ་གཉིས་ཀྱིས་ད་དུང་ངན་རོགས་གཞན་ཞིག་རྩིས་སྤྲད་པ་རེད།

          བརྟག་དཔྱད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་གསུམ་པོ་ས་དེར་གླ་བ་གཟུང་བར་འོང་ནས་རང་ཉིད་ཀྱིས་བཟོས་པའི་ལྕགས་སྐུད་ཀྱི་རྒྱ་རྙི་རི་སྟེང་ལ་ཁྱེར་ཏེ་རྙི་རྒྱག་སྐབས་ནགས་སྲུང་བས་མཐོང་ནས་འཕྲལ་མར་ནགས་ཚལ་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུས་པ་རེད། མི་གསུམ་པོས་རང་ཉིད་ཀྱི་ནག་ཉེས་སྦ་གསང་མེད་པར་ངོས་ལེན་ཞུས་ཤིང་། ཟླ་3ཚེས་8ཉིན་ལྷ་རི་རྫོང་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་སྟོངས་ལ་ཉེ་བའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཁྲིམས་འགལ་ངང་རྔོན་རྒྱག་པ་དང་གསོད་པའི་དོགས་གཞི་ཡོད་པའི་ཐོག་ནས་རྫོང་མི་དམངས་ཞིབ་དཔྱོད་ཁང་ལ་ཁྲིམས་བཞིན་གཏུག་བཤེར་བྱས་པ་རེད།

          ཟླ་4ཚེས་22ཉིན། ལྷ་རི་རྫོང་མི་དམངས་ཁྲིམས་ཁང་གིས་ཉེས་གསོག་དོགས་ཅན་གསུམ་པོས་སྟོངས་ལ་ཉེ་བའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཁྲིམས་འགལ་ངང་རྔོན་རྒྱག་པ་དང་གསོད་པའི་ཉེས་པ་བསགས་པའི་མིང་ཐོག་ནས།   མི་གསུམ་པོ་སོ་སོར་ཟླ་བ་གཅིག་རེའི་བཀག་ཉར་བྱ་རྒྱུ་དང་དངུལ་ཆད་སྒོར་1000གཅོད་རྒྱུའི་ཁྲུན་ཐག་བཅད་འདུག